2010/05/25

ཁོ་བོའི་སྒྲ་སྒྲུབ་རིག་པའི་གླེང་བརྗོད།

ཆེད་དུ་གླེང་བ་བརྗོད་པ།
ཁོ་བའི་དེབ་འདི་མང་ཚོགས་ཀྱི་ཆེད་དུ་དམིགས་པ་མིན་པར་མཁས་པའི་དཔྱད་གཞིར་ཕུལ་བ་ཡིན། དེའི་ཕྱིར་དེབ་འདི་ཀློག་པར་ཐོག་མའི་ཆ་རྐྱེན་འགའ་ཞིག་ཡོད་པ་ལས་དང་པོ་དེ་རྣམས་ངེས་པར་དུ་ཚང་དགོས་པ་དང, གཉིས་པ་དེའི་རྗེས་སུ་གསལ་བཏབ་པའི་གལ་ཆེའི་ལམ་སྟོན་ཁག་ཅིག་ཡོད་པ་དེ་དག་ཀྱང་ངེས་པར་དུ་ལེན་དགོས། གལ་སྲིད་སྐྱེ་བོ་སུ་ཞིག་ལ་ཐོག་མའི་ཆ་རྐྱེན་དེ་དག་ཚང་མེད་ན་དེབ་འདི་མི་ཀློག་པ་བཟང་ཞིང, ལམ་སྟོན་དེ་དག་མ་བླངས་ན་དེབ་འདི་བཀླགས་ཀྱང་དོན་སྙིང་མེད།
བསྟན་བཅོས་འདི་ནི་སྒྲ་སྒྲུབ་རིག་པའི་རྣམ་བཞག་གསར་བ་ཞིག་ཡིན། འདི་ནི་ཚོད་བལྟ་ཞིག་བྱས་པ་ཙམ་ལས་འདིར་བཤད་པའི་དོན་རྣམས་མཐའ་མའི་གཏན་འབེབས་ཡིན་པའི་ཁོ་བོས་ཨུ་ཚུགས་གང་ཡང་བྱེད་ཀྱི་མེད། མཐའ་ན་ང་རང་གི་ངོས་ནས་ཀྱང་མཐའ་མའི་གཏན་འབེབས་བྱས་པ་མིན་སྟེ, མཁས་དབང་རྣམས་ཀྱིས་ལེགས་ཉེས་ཀྱི་དགོངས་འཆར་བཟང་པོ་བྱུང་རྗེས་བདག་གི་འདོད་ཚུལ་མང་པོ་ཞིག་འདོར་དགོས་པའི་གྲ་སྒྲིག་ཨང་གསར་ཡོད།
ཚོད་བལྟ་ཞིག་བྱས་པ་དེ་ཅི་ཡིན་ཞེ་ན། སྔར་ནས་ད་བར་དུ་ལུང་དང་མཁས་པའི་གཞུང་ཁོ་ན་ལ་གཞི་བཅོལ་བའི་བཤད་ཚུལ་དེ་དང, མཁས་པའི་གཞུང་ལུགས་ལ་རྒྱབ་རྟེན་ཏིལ་འབྲུ་ཙམ་ཡང་མ་བྱས་པར་གང་ཟག་ཅིག་གིས་རང་གི་མྱོང་བའི་ཐོག་ནས་བཤད་ཚུལ་གཉིས་ལ་མཐུན་པ་དང་མི་མཐུན་པའི་ཆ་གང་ཙམ་ཡོད་པ་ཚོད་བལྟ་བྱེད་པ་ལ་ཟེར་བ་ཡིན།
འདིར་བཤད་འདོད་པ་ཞིག་ལ་ཁོ་བོས་དེབ་འདིའི་ནང་དུ་གང་བཤད་པའི་དོན་གནད་ཁག་ལ་ཁོ་བོ་རང་ཉིད་ཀྱི་ངོ་ལ་ནང་འགལ་དུ་སོང་བ་དང, ཐག་གཅོད་མ་ཐུབ་པའམ་ཡང་ན་ཅམ་འཇོག་བྱེད་དགོས་པའི་དོན་གཅིག་ཀྱང་མེད། རང་གིས་རང་ལ་རྨེད་པའི་དྲི་བ་ཡོངས་རྫོགས་ལ་རང་གི་ངོ་ལ་བལྟོས་ཏེ་ལན་དོན་མཐུན་ལྡོན་ཐུབ་པའི་ལྟ་གྲུབ་གྲུ་བཞི་སྒམ་གཟུགས་བཞིན་དུ་གྱུར་ཡོད། འོན་ཀྱང་ཁོ་བོས་བཤད་པ་པ་འདི་མཐའ་མའི་གྲུབ་དོན་ཡིན་པ་དང་ལ་འདི་ལ་འཁྲུལ་བ་ཏིལ་ཙམ་མེད་ཅེས་མི་སྒྲོག
ཀློག་པ་པོར་ཚང་དགོས་པའི་ཆ་རྐྱེན།
ཆེས་ཐོག་མར་ཁྱེད་ཀྱིས་དེབ་འདི་ལས་སྔར་སུས་ཀྱང་བཤད་མ་མྱོང་བ་ཞིག་ཉན་འདོད་པའི་བློ་ཁ་ཡངས་པར་ཕྱེ་དགོས། དེ་ནས་མི་སུ་ལ་ཡང་རང་རང་གི་ཤེས་ཚད་ལ་དཔགས་པའི་འཆར་སྒོ་རེ་ཡོད་པ་དང་དེ་ཕྱིར་སྟོན་སའིི་མཁའ་དབྱིངས་རེ་ཡོད་ཆོག་པའི་དཀྱེལ་ཡངས་ཀྱི་བར་སྣང་དེ་གནང་དགོས། དེའི་རྗེས་སུ་གང་ཡང་ཡིན་སྲིད་པ་དང་། རང་ཡང་ནོར་བའི་ཕྱོགས་སུ་ཡོད་སྲིད་པའི་ཁེངས་སྐྱུང་བ་དེ་དགོས། གཞན་ཡང་ཕྱོགས་དང་ཞེན་པ་གང་ཡང་རུང་བ་ཞིག་གིས་ཁུགས་སུ་ལྷུང་པའི་ཡོད་ཤག་དང, མེད་ཤག, མིན་ཤག, ཡིན་ཤག, སོགས་ཀྱི་བསམ་བློ་དེ་ཤུལ་ཙམ་མེད་པར་གཏོང་དགོས། རང་ཉིད་ཀྱང་དེ་ལས་གཙང་དག་བྱེད་དགོས།
དེ་ནས་ཁོ་བོས་ཐ་སྙད་གསར་བ་མང་པོ་ཞིག་མཚམས་སྦྱོར་མ་བྱས་ཐབས་མེད་དུ་གྱུར་བ་དེ་དག་གི་གོ་དོན་རྣམས་བྱང་ཆུབ་པར་ཐུགས་སུ་ཆུད་དགོས་པ་དང, བདག་གིས་བཤད་པའི་ཡི་གེའི་སྒྲུབ་བྱེད་གནས, བྱེད་པ, རྐྱེན, སོགས་ལ་སློབ་སྦྱོང་མཐིན་ཕྱིན་པ་བྱེད་དགོས། མཐར་དེབ་འདིའི་ནང་དུ་གནས་སྐབས་འཕྲལ་སེལ་གྱིས་གཏན་འབེབས་བྱས་པའི་སྒྲ་རྟགས་སམ་མཚོན་རྟགས་འགའ་ཞིག་གསར་བཟོ་བྱས་ཡོད་པ་དེ་དག་བདག་གི་བཤད་པ་ལྟར་བློར་ངེས་དགོས། དེ་དག་ནི་དེབ་འདི་ཀློག་པའི་ཐོག་མའི་ཆ་རྐྱེན་གཙོ་བོ་དག་ཡིན།
གལ་ཆེའི་ལམ་སྟོན་ཁག་ཅིག
བདག་གི་”སྒྲ་སྒྲུབ་རིག་པ”་ཞེས་པ་འདིའི་ནང་དུ་ཡི་གེའི་རྣམ་བཞག་ཀ་སོགས་ཀྱི་སྒྲ་ཡི་བཤད་པ་དེ་དག་ང་རང་དང་གང་ཟག་ག་གེ་མོ་སུའི་ངག་ལ་ཡང་གཞིར་བྱས་པ་མིན། འདི་ནི་འཇིག་རྟེན་འགྲོ་བ་མི་སྤྱིའི་ངག་ལ་གཞི་བཅོལ་བ་ཡིན། དེ་ཡང་འཇིག་རྟེན་མིའི་ངག་གི་དབང་པོ་འདིས་འདུ་བྱེད་ལ་བརྟེན་ནས་ཇི་ལྟར་སྒྲ་ཡི་རྣམ་པ་སྣ་ཚོགས་ཇི་ལྟར་འགྲུབ་ཀྱི་ཡོད་མེད་ལ་དཔྱད་ནས་ཐག་བཅད་པ་ཡིན།
དང་པོ། འདིར་ཁོ་བོས་དཔེར་མཚོན་མང་པོ་ཞིག་བགྲང་ཡོད་མོད, དེབ་འདི་ཐོག་མ་ཀློག་མཁན་ཚོས་འདི་དག་ལ་དགོངས་པ་དེ་ཙམ་མ་བཏད་ན་བཟང། དེ་མིན་ཕྱིར་འབུམ་མི་ཐུབ་པའི་མགོ་རྙོག་གི་དྲ་བར་ཚུད་ངེས། རྒྱུ་མཚན་ནི་ད་ལྟ་བར་དུ་བོད་ཡུལ་ན་བདག་གི་འཆད་སྟངས་ལྟར་གྱི་འཆད་པའི་སྲོལ་མེད་སྟབས་བདག་གིས་སྒྲ་གང་ཞིག་ལ་ཇིི་ལྟར་འདོན་པའི་ཚུལ་ལ་དཔྱོད་བྱེད་ཀྱི་ཐབས་དེ་དང་ ཁྱེད་ཅག་གིས་དེ་ལ་དཔྱོད་བྱེད་ཀྱི་ཐབས་ཚུལ་དེ་གཉིས་མི་འདྲ་བས་ཁྱེད་མགོ་འཁྲུག་རྐྱེན་དུ་འགྱུར་ངེས་ཡིན། གང་ལགས་ཤེ་ན་དཔེར་ན, ཀ་དང་ཁ་ཡི་ཁྱད་པར་ལ་བསམ་གཞིགས་བྱེད་སྐབས་བདག་གིས་གལ་ཆེན་དུ་མཐུང་བའི་ཀ་ཁ་གཉིས་ཀྱི་ཁྱད་པར་རེ་ཟུང་ཁྱེད་ཀྱིས་གལ་ཆེན་དུ་མི་བསམ་ལ, ཁྱེད་ཀྱི་གལ་ཆེན་དུ་མཐོང་བ་རེ་ཟུང་ཁོ་བོས་གལ་ཆེན་དུ་མི་མཐོང་བ་ཡོང་སྲིད། དེར་མ་གནད་དོན་འགའ་ཞིག་ཀ་ཁ་གཉིས་ཀྱི་ཁྱད་པར་ངོ་མ་དེ་མིན་པར་ལ་ཡིན་པར་སྣང་བ་དེ་འདྲ་ཡང་ཡོང་སྲིད། དེའི་ཕྱིར་ཁྱེད་ཀྱིས་གཟིགས་པའི་ཁྱད་པར་དང་ཁོ་བོས་མཐོང་བའི་ཁྱད་པར་གཉིས་མི་འདྲ་ཞིང་དེ་ལ་བརྟེན་ནས་རང་རེ་གཉིས་ཀྱིས་མཐུང་སྣང་དུ་བྱུང་བའི་ཁྱད་པར་དེ་ཐོན་དཀའ་བ་ཡོང་སྲིད། དཔེར་ན, གཞལ་གཞི་གཅིག་ལ་འཇལ་བྱེད་བྲེ་མི་འདྲ་བ་གཉིས་ཀྱིས་འཇལ་བ་ལས་གཞལ་གཞི་གཅིག་ལ་འཇལ་བྱེད་བྲེ་གཅིག་གིས་བཅལ་ན་ཡང་ལྗིད་དམ་མང་ཉུང་གི་ཁྱད་པར་དེ་གསལ་པོ་དང་མ་འཁྲུག་པར་འཇལ་ཐུབ་པ་ཡིན།
དེ་ཡང་དཔེར་ན་’ཁམས་ནང་ཆེན་པའི་ཀློག་སྟངས’ཟེར་བ་ལྟ་བུ་ཡང་ཡང་འབྱུང་གི་ཡོད་མོད, འོན་ཀྱང་ནང་ཆེན་གྱི་ཀློག་པ་པོ་ཞིག་གིས་”ཡ་ དེས་ན་ང་རང་ནི་ནང་ཆེན་ནས་ཡིན་སྟབས་འདི་ལ་ངས་འདི་ལྟར་ཀློག་གི་ཡོད་པས་རྩོམ་པོ་པོས་བཤད་རྒྱུ་དེ་འདི་འདྲ་ཞིག་ལ་གོ་རྒྱུ་ཡིན་ངེས”ཞེས་ཐག་གཅོད་པ་ནམ་ཡང་སྔ་མི་ཉན། རྒྱུ་མཚན་ནི་ད་སྔོན་ཁྱེད་ཀྱིས་རང་གི་ངག་ལ་ཁོ་བོས་དཔྱད་ཐབས་འདི་བཀོལ་ནས་དཔྱད་མ་མྱོང་བས་སོ། རང་རེ་གཉིས་ཀྱིས་དཔྱད་ཐབས་གཅིག་རང་ལ་སྤྱོད་དགོས་ཤིང, དཔྱད་ཐབས་གཅིག་སྤྱད་ནས་དཔྱད་ན་ད་གཟོད་གཅིག་གིས་གཅིག་ལ་གོ་བརྡ་ལེགས་པར་འཕྲོད་ངེས་ཡིན་པ་ལས, དཔྱད་ཐབས་གཞན་དང་གཞན་དུ་སོང་ན་གོ་བརྡ་འཕྲོད་རྒྱུའི་ཚབ་ཏུ་མགོ་རྙོག་ཅན་དུ་འགྱུར་ངེས་རེད། དེའི་ཕྱིར་ཁོ་བོས་དཔྱོད་སྟངས་དེ་ཇི་ལྟར་ཡིན་པ་ལ་ངེས་པར་དགོངས་པ་བཞེས་དགོས། དེ་ནི་ཁོ་བོས་ས་བཅད་དང་པོར་བཤད་པའི་ཡི་གེའི་སྒྲུབ་བྱེད་ཀྱི་རྒྱུ་རྣམས་ལ་ཟེར་བ་ཡིན།
གཉིས་པ། འདིར་”མདོ་བའི་ལུགས”ཟེར་བའི་མདོ་དེ་ནི་”མདོ་དབུས་ཁམས་གསུམ”གྱི་བརྡས་ཕྱེས་པའི་མདོ་དེ་ལ་བཤད་པ་ལས, ཁམས་ཕྱོགས་ཀྱི་ས་ཁུལ་བྱེ་བྲག་མདོ་བ་ཟེར་བ་དེ་ལ་གོ་བ་མིན། གཞན་ཡང་ཁོ་བོས་འདིར་མདོ་ཕྱོགས་དང, ཁམས་ཕྱོགས, དབུས་ཕྱོགས, ཟེར་བའི་ས་མཚམས་ནི་བོད་ཡུལ་འདི་ན་སྐད་རིགས་ཀྱི་ངོ་ལ་སྡེ་ཚན་ཆེན་པོ་གསུམ་ཡོད་ད་དེ་དག་བཤད་པའི་ཡུལ་གྲུ་གསུམ་གྱི་ས་མཚམས་ལ་བཞག་པ་ལས, འདི་ཕྱོགས་ན་ཆབ་སྲིད་ཀྱིས་ཕྱེས་པའི་ས་མཚམས་དེ་ལ་གོ་བ་མིན། དེའི་ཕྱིར་དགེ་རྩེ་རྫ་ཆུ་ཁ་དང, ལི་ཐང་འབྲོག་སྡེ, གསེར་རྟ, སོགས་ནི་མདོ་སྐད་སྨྲ་བའི་ཡུལ་དུ་གཏོགས་པ་དང་, ནུབ་ཕྱོགས་སུ་ལ་དྭགས་ཡུལ་ཚུད་པའི་ཀོང་པོ་ཡན་གྱི་ཡུལ་ཡོངས་རྫོགས་དབུས་སྐད་སྨྲ་བའི་ཡུལ་དུ་གཏོགས་པ་དང་, དེའི་ལྷག་མ་རྣམས་ཁམས་སྐད་སྨྲ་བའི་ཡུལ་དུ་གཏོགས་པ་ཡིན། འདི་ནི་བདག་གིས་སྐད་རིགས་ལ་དབྱེ་ཞིབ་བྱེད་སྐབས་སྟབས་བདེ་ཁྱད་ཀྱིས་དབྱེ་བ་བྱས་པ་ཙམ་ཞིག་དང, མི་རྒྱུད་རིག་པ་(Anthropology)རིགས་ལམ་གྱིས་དཔྱད་ནས་བཤད་པ་ཉག་ཅིག་ཡིན།
གསུམ་པ། དེའི་ཕྱིར་བདག་གིས་བོད་མི་ཡོད་དོ་ཅོག་གིས་ངག་ལས་འདྲོངས་ཚད་ཀྱི་སྒྲ་གདངས་ཡོད་ཚད་བཤད་དགོས་ན་དེ་དག་མཚོན་ཐུབ་པའི་སྒྲ་རྟགས་གསར་བ་ཞིག་བཟོ་དགོས་པ་ནི་ངག་གི་བསྟན་བཅོས་འདི་འདྲ་ཞིག་འདུ་བྱེད་པའི་ནང་དུ་གཡོལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པར་འདོད། དེར་བརྟེན་བདག་གིས་འདིའི་ནོན་དུ་བོད་ཀྱི་ཡི་གེའི་མཚོན་རྟགས་ཀྱི་རྣམས་གསར་བ་ཞིག་འབྲི་བ་སོགས་ལ་བསམ་གཞིགས་ཀྱང་མང་དུ་བྱས་ཤིང, ད་ལྟ་མཚོན་རྟགས་དེ་གྲ་སྒྲིག་བྱེ་མ་ཚར་སྔོན་དུ་དེབ་འདི་དཔར་སྐྲུན་བྱེད་དགོས་སུ་ཤར་བས་བདག་འགྱོད་པ་ཆེ། ཁོ་བོས་ངག་རིག་པའི་བསྟན་བཅོས་བོད་གཉིས་པ་དེ་དུས་མི་རིང་བའི་ནང་དུ་སྐྲུན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅིང, དེའི་སྐབས་སུ་མཚོན་རྟགས་དེ་ཡང་བསྒྲིགས་ནས་ཁྱེད་རྣམ་པའི་སྤྱན་སྔར་འབུལ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།
ནམ་ཞིག་མཚོན་རྟགས་དེ་འདི་བྱུང་ན་གཞི་ནས་བོད་སྐད་གཅིག་གར་གྱི་སོ་བོན་གསོན་པོར་འབུས་ཐུབ་པའི་ཁོ་བོས་བལྟ་ཚུལ་འཛིན་གྱི་ཡོད། དེ་མིན་ཆ་རྐྱེན་ཇི་ཙམ་འཛོམས་མོད་གཙོ་བོ་མ་འཛོམས་པས་ནུས་པ་ཤུགས་ཆེན་ཡོང་ཧ་ཅང་དཀའ་་། དེར་མ་ཟད་མཚོན་རྟགས་དེ་ལེགས་འགྲུབ་བྱུང་ན་དེས་ཁྱེད་ལ་ཞབས་འདེགས་བླ་མེད་ཅིག་འབུལ་ཐུབ་སྟེ, གལ་སྲིད་ཁྱེད་ཀྱིས་ཕྱིའི་སྐད་ཡིག་ཅིག་སྦྱོང་འདོད་ན་སྐད་ཡིག་དེའི་སྒྲ་གདངས་མཚོན་རྟགས་དེའི་ལམ་ནས་བྲིས་པའི་སྦྱོང་དེབ་ཅིག་རག་དགོས། དེ་རག་ན་ཁྱེད་ལ་ངོ་མ་དགེ་རྒན་ཡེ་ནས་མི་དགོས་པར་ཁྱེད་ཀྱིས་སྐད་ཡིག་དེ་བདེ་བླགས་སུ་སྦྱོང་ཐུབ། ཁྱེད་ཀྱི་འདི་ཀུ་རེ་ཞིག་དང་འུར་སྒྲོག་ཅིག་ཏུ་དགོངས་སམ།
བཞི་བ། གནས་སྐབས་སྒྲ་མཚོན་བྱེད་ཀྱི་རྟགས་དེ་དག་གི་ཆེད་དུ་ད་ལྟ་གློག་ཀླད་ནང་ནས་རག་ཐུབ་པའི་བོད་ཡིག་གི་གཟུགས་རྣམས་སྡེབ་བསྲེས་ཀྱིས་གནས་སྐབས་ཀྱི་མཚོན་རྟགས་གསར་བ་ཁག་ཅིག་གསར་བཟོ་བྱས་ཡོད། ཁྱེད་རྣམས་ཀྱིས་འདི་དག་བྱིས་ཕྱིན་པ་ཞིག་མཁྱེན་དགོས་པ་ཧ་ཅང་གལ་ཆེ།
ལྔ་བ། ལེའུ་དྲུག་པའི་ནང་དུ་ཀྱ་ཁྱ་གྱ་གསུམ་གྱིས་མཚོན་རྒྱུའི་སྒྲ་དང་ལེའུ་བཅུ་གསུམ་པའི་ནང་གི་ཀྱ་ཁྱ་གྱ་གསུམ་གྱིས་མཚོན་རྒྱུའི་སྒྲ་རྣམས་མི་འདྲ་བ་ཡིན། རིགས་མི་མཚུངས་བའི་བྱེད་ཐབས་འདི་ནི་རྒྱུ་མཚན་དང་དགོས་པའི་དབང་གིས་འདི་ལྟར་འཇོག་དགོས་བྱུ་བ་ཡིན། གལ་སྲིད་རིགས་མཚུངས་བ་ཞིག་འཇོགས་དགོས་ན་ལེའུ་དྲུག་པའི་ནང་དུ་ཡང་ཀྱྂ་སོགས་བཀོལ་དགོས་པ་ཡིན། འོན་ཀྱང་དེ་ལྟར་བཀོལ་ན་དགོས་གལ་ཆུང་ཞིང, དོན་མེད་དུ་མགོ་རྙོག་ལང་གཞིར་འགྱུར་བ་དང་, དེ་སྐབས་ཀྱྂ་ཁྱྂ་གྱྂ་གསུམ་གྱིས་ཅི་མཚོན་དགོས་པའི་གསལ་བཤད་བྱས་ན་ཉོག་རྐྱེན་དུ་འགྲོ་བ, ཀྱ་ཁྱ་གྱ་གསུམ་བཞག་ན་འགྲེལ་བཤད་དང་ར་འཕྲོད་བདེ་བའི་དགེ་མཚན་ཡོད་སྟབས་ལེའུ་དྲུག་པའི་ནང་དུ་ཀྱྂ་སོགས་མ་བཞག་པར་ཀྱ་སོགས་བཞག་པ་ཡིན། ལེའུ་བཅུ་གསུམ་པའི་ནང་དུ་ཀྱ་སོགས་ལ་དོན་དམ་པ་དང་ཀུན་རྫོབ་ལོགས་སུ་ཕྱེས་ནས, ཀྱྂ་སོགས་ཀྱིས་ཀྱ་སྒྲ་དོན་དམ་པའམ་ལེའུ་དྲུག་པའི་སྐབས་སུ་བཤད་པའི་སྒྲ་རྣམས་མཚོན་རྒྱུ་དང, ཀྱ་སོགས་ཀྱིས་ཀྱ་སྒྲ་ཀུན་རྫོབ་པའམ་ཀྱ་སོགས་ལ་སྔར་ཇི་ལྟར་ཀློག་ཚུལ་གྱི་སྒྲ་དེ་མཚོན་པར་བྱས་ནས་བཤད་ཡོད། དེ་ལྟར་ཀྱ་སྒྲ་སོགས་ལ་དོན་དམ་པ་དང་ཀུན་རྫོབ་པ་ལོགས་སུ་ཕྱེས་ནས་མ་བཤད་ན་ཀྱ་སྒྲ་སོགས་ལ་དཔྱད་འཇུག་བྱེད་མི་བདེ་བ་ཡིན་པས་དེ་ལྟར་བཞག་ཡོད་པ་འདི་དྲན་པར་འཇོག་རྒྱུ་ཧ་ཅང་གལ་ཆེ།
དྲུག་པ། འདིར་དོན་དག་མང་པོ་ཞིག་ལ་གོང་འོག་ཕན་ཚུན་འདྲ་བའི་ཆ་ཆེན་པོ་ཡོད་སྟབས་དག་དག་གང་མང་ཞིག་ཀློག་པོ་ལ་རིགས་སྒྲེ་བྱེད་རྒྱུ་ཡོད་པས་རང་གི་ཤོག་སྨྱུག་དང་ངལ་བ་གྲོན་ཆུང་བྱས་ནས་བཞག་ཡོད། འོན་ཀྱང་དེ་འདྲ་བ་གང་མང་ཞིག་ནི་བདག་གིས་ངལ་ལ་མ་འཛེམས་པར་གང་རྒྱས་རྒྱས་བཤད་ཡོད། དེ་ནི་བསྐྱར་བཤད་ཡང་བཤད་མང་པོ་བྱས་པ་ལྟ་བུར་སྣང་སྲིད་ཀྱང་ཁོ་བོས་སྐད་ཆ་གསར་བ་ཞིག་བཤད་ཀྱི་ཡོད་སྟབས་དོན་དག་གསལ་བོ་འབྱུང་ཆེད་དུ་གལ་བོ་ཆེ་ལ་ནན་ཏན་བྱས་པ་ཡིན། དེར་མ་ཟད་བདག་ལ་ཡོད་པའི་ནོར་འཁྲུལ་དང་ཞན་ཆ་དང་རྣམས་གསལ་བོར་འབྱུང་ཆེད་དུ་རབ་རོབ་དང་སབ་སིབ་སྤངས་ནས་བཤད་པ་ཡིན།
བདུན་པ། རིག་པའི་གཞུང་ལུགས་ཤིག་ལ་རང་ཐོབ་ཀྱི་བརྡ་ཆད་དང་ཐ་སྙད་ཀྱི་འགྲེལ་ཚུལ་དམིགས་བསལ་བ་རེ་ཟུང་ཡོང་སྲིད་ལ, རང་ལུགས་ཀྱི་དངོས་དོན་ལ་ལྟ་སྟངས་ཤིག་ཀྱང་ཡོང་སྲིད། དེའི་ཕྱིར་བདག་གི་བསྟན་བཅོས་འདི་ཡང་རིག་པའི་གཞུང་ལུགས་ཤིག་ཡིན་པས་རང་ལུགས་ཀྱི་དངོས་དོན་ལ་ལྟ་སྟངས་ཤིག་དང, རང་ལུགས་ཀྱི་བརྡ་ཆད་རེ་འགའ་མ་བཞེངས་ཐབས་མེད་དུ་གྱུར་སོང་། དེའི་ཕྱིར་ཀློག་པ་པོ་དག་གིས་དེ་དག་ངེས་རྒྱུ་ཧ་ཅང་གལ་འགའ་ཆེ། བདག་གི་བསྟན་བཅོས་འདི་ཀློག་པར་རྨང་གཞི་ངེས་ཅན་ཞིག་མེད་ན་དོན་གོ་དཀའ་བར་ཡིན་ཞིང, དེ་འདྲ་བའི་རྨང་གཞི་དེ་ད་སྔོན་ཡན་གྱི་ཁྱེད་ཀྱི་ཤེས་ཚད་དེས་མི་འགྲིག། འདིར་འཇིག་རྟེན་ལ་ལྟ་སྟངས་གསར་བ་ཞིག་ཡོད་པས་དེ་མཐོང་བ་ལ་རྨང་གཞི་ཡང་གསར་བ་ཞིག་ཞིག་སྐྲུན་དགོས། དེ་ནི་བསྟན་བཅོས་འདིའི་རང་ལུགས་ཀྱི་འཇིག་རྟེན་ལ་ལྟ་སྟངས་སམ་དངོས་དོན་ལ་ལྟ་སྟངས་དང་བརྡ་ཆད་དང་ཐ་སྙད་ཀྱི་འགྲེལ་ཚུལ་གསར་བ་དག་ཡིན། ལྟ་ཚུལ་གསར་བ་དེ་དག་ནི་ལེའུ་དང་པོའི་ནང་དུ་ཞིབ་པར་བཤད་ཡོད་པས་ཀློག་པ་པོ་ཁྱེད་ཅག་གིས་ཇི་སྲིད་ལེའུ་དང་པོ་འདི་བྱིས་ཕྱིན་པ་ཟིག་མ་ངེས་པ་དེ་སྲིད་དུ་བསྟན་བཅོས་འདི་ཀློག་པའི་རྨང་གཞི་མ་ཚུགས་པ་ཡིན་པས་དེབ་འདི་བཀླགས་པའི་དགོས་པ་གང་ཡང་མེད། མཐའ་ན་ལྡོག་ཕྱོགས་ཀྱི་གོ་བ་སྦྱིན་པ་ཡང་སྲིད། དེའི་ཕྱིར་ཁྱེད་ཅག་གིས་ཐོག་མར་ལེའུ་དང་པོ་འདི་མཐར་ཕྱིན་པར་ཀློག་དགོས། དེ་ནི་རྨང་གཞི་ཡིན།
དེ་ནས་ཀློག་གི་གོ་རིམ་ཞིག་ཀྱང་ཡོད་པ་ནི, དེབ་འདི་ལེའུའི་གོ་རིམ་བཞིན་ཀློག་པ་ལས་ལེའུ་གཉིས་པའི་རྗེས་སུ་ལེའུ་གསུམ་པ་བསྐྱུར་ནས་བཞི་བ་བཀླགས་ན་དོན་གོ་བ་དང་མགོ་མི་འཁྲུག་པ་སོགས་ཀྱི་དགེ་མཚན་ཡོད་སྙམ། གང་ལགས་ཤེ་ན་ལེའུ་གསུམ་པའི་ནང་དུ་ཀྂ་སྡེའི་རྣམ་བཞག་བཤད་ཀྱི་ཡོད་ཅིང་སྡེ་བ་དེ་ནི་བོད་པའི་རྣ་བར་བྱང་མ་མྱོང་བའི་སྒྲ་ཡི་རྣམ་བཞག་ཅིག་ཡིན་པས་མགོ་འཁྲུག་པ་ཡོང་སྲིད་ལ, ལེའུ་བཞི་བའི་ནང་དུ་ཀ་སྡེའི་རྣམ་བཞག་བཤད་ཀྱི་ཡོད་སྟབས་དེ་ནི་རང་རེའི་ངག་དང་རྣ་བར་བྱང་བའི་སྒྲ་དག་གི་སྐོར་ཡིན་པས་གོ་བ་ལོན་བདེ་བ་ཡོད་ཤས་ཆེ། དེ་གོ་བ་ལེགས་པོ་ཞིག་ལོན་ན་སྡེ་བ་གཞན་ལ་གོ་བ་ལོན་པར་ཕན་ངེས་སུ་སྙམ་མོ།
ཁ་བྱང་གི་འགྲེལ་བ།
ངག་ཅེས་པ་ནི་སྤྱིར་མིའི་མགྲིན་པ་ནས་བྱུང་བའི་སྒྲ་འགྲུབ་བྱེད་ཀྱི་དབང་པོ་དང, དེས་གྲུབ་པའི་སྒྲ་གཉིས་ཀ་ལ་གོ་བ་ཡིན། དེ་ཡང་ཞིབ་པར་བཤད་ན་འགྲོ་བ་མིའི་ངག་ལས་བྱུང་བའི་སྒྲ་ཀ་སོགས་འགྲུབ་བྱེད་ཀྱི་རྒྱུ་རྐྱེན་བཞི་སྟེ, གནས, བྱེད་པ, རྩོལ་བ, རྐྱེན, བཅས་དང་, དེ་བཞིན་དེ་དག་གིས་གྲུབ་པའི་སྒྲ་དང་དེའི་ཀུན་སློང་ལ་ཡང་གོ་བ་ཡིན། དེ་ཡང་གནས་ལ་འ་གནས་སོགས་བོད་ཀྱི་ངག་ལ་དགོས་པའི་གནས་དགུ་དང་ཕྱི་རྒྱལ་ངག་ལ་དགོས་པའི་གནས་གཉིས་བཅས་ཁྱོན་གནས་བཅུ་གཅིག་ཙམ་, བྱེད་པ་ལ་དམ་ལྷོད་ཡང་གསུམ་, རྩོལ་བ་ལ་ཨ་རྩོལ་སོགས་བཞི་འམ་དྲུག་, རྐྱེན་ལ་དབང་པོའི་རྐྱེན, སྦྱོར་བའི་རྐྱེན, སྒྲ་ཡི་རྐྱེན, བཅས་གསུམ་དང་དེ་དག་སོ་སོའི་ནང་གསེས་ཁག་བཅས་ཡོད། དེ་དག་གི་འབྲས་བུར་གྲུབ་པའི་སྒྲ་ཡི་རྣམ་བཞག་”སྒྲ་སྒྲུབ་རིག་པ”, སྒྲ་ཡི་གྲུབ་པའི་ཚིག་གི་རྣམ་བཞག་”ཚིག་སྒྲུབ་རིག་པ”, དེས་གྲུབ་པའི་རྗོད་པའི་རྣམ་བཞག་”རྗོད་སྒྲུབ་རིག་པ”, དེས་གྲུབ་པའི་”རྩོམ་རིག་གི་རྣམ་བཞག”, བཅས་ཀྱང་ངག་གི་ཁོངས་སུ་འདུ་བ་ཡིན། ཀུན་སློང་ནི་ཀ་སོགས་གྲངས་ལས་འདས་པའི་སྒྲ་རྣམས་རྗོད་པའི་འདུན་པ་ལ་གོ་བ་ཡིན་ཞིང, ངག་གི་སྐོར་བཤད་ཀུན་སློང་ཀྱང་གཡོལ་ཐབས་མེད་པའི་དོན་གནད་ཅིག་ཡིིན། དེའི་ཕྱིར་ཀུན་སློང་ཡང་ངག་གི་ཡན་ལག་ཅིག་ཏུ་ཁས་ལེན་དགོས། དེས་ན་དེ་དག་སྤྱི་ལ་ངག་ཅེས་པའི་ཚིག་འདིས་ཁྱབ་ཐུབ་པ་ཡིན།
དེས་ན་ཤེས་དགོས་པ་ཞིག་ལ་ངག་རིག་པའི་བསྟན་བཅོས་འདིའི་ནང་དུ་རིམ་པ་གསུམ་དུ་བསམ་དགོས་ཏེ: དེ་དག་ནི་“ཐོན་ལུགས་ཀྱི་བོད་ཀྱི་ངག”, “སྤྱིར་བོད་ཀྱི་ངག”, “འགྲོ་བ་མིའི་ངག”, བཅས་ཡིན། དེས་ན་འདིར་“ཐོན་ལུགས་ཀྱི་ངག“་ཟེར་བ་ཅི་ཡིན་ཞེ་ན་ ཐོན་མིས་བཟོས་པའི་ཀ་མད་སུམ་ཅུ་དང་དེས་བཟོ་ཐུབ་པའི་སྒྲ་རྣམས་དང་དེ་དག་འགྲུབ་བྱེད་ཀྱི་རྒྱུ་རྐྱེན་སོགས་ལ་གོ་བ་ཡིན། བོད་ཀྱི་ངག་སྒྲ་མང་པོ་ཞིག་འདིའི་ནང་དུ་འདུ་མི་ཐུབ།
“སྤྱིར་བོད་ཀྱི་ངག“་ཟེར་བ་ནི་ཅི་ཡིན་ཞེ་ན་ དེ་ནི་བོད་ཀྱི་ངག་གང་ཞིག་ཐོན་ལུགས་ཀྱི་ངག་དང་དེར་འདུ་མི་ཐུབ་པའི་ངག་སྒྲ་ད་དུང་མང་དུ་ཡོད་པ་དེ་དག་དང་དེ་དག་གི་འགྲུབ་བྱེད་བཅས་ལ་གོ་བ་ཡིན། དཔེར་ན་འདིར་བཤད་པའི་ཀྂ་སྡེའི་ནང་གི་སྒྲ་ཡོངས་རྫོགས་དང་ཊ་སྡེའི་ནང་གི་སྒྲ་མང་དག་ཅིག་ཡོད་པ་དག་ཡིན། དེ་དག་བོད་ཀྱི་ངག་ཡིན་ཀྱང་ཐོན་ལུགས་ཀྱི་ངག་གམ་བོད་ཀྱི་ཀ་མད་སུམ་ཅུའི་ནང་དུ་འབྲི་ཐུབ་པའི་སྒྲ་ཡེ་ནས་མིན།
དེ་བཞིན་ཧྥ་སོགས་ནི་ཐོན་ལུགས་ཀྱི་ངག་མིན་པ་མ་ཟད་སྤྱིར་བོད་ཀྱི་ངག་ཀྱང་མིན་པ་མ་ཟད་སྤྱིར་བོད་ཀྱི་ངག་ཀྱང་མིན་པ་དང, ཀ་སོགས་ནི་བོད་ཀྱི་ངག་ཏུ་མ་ཟད་ཐོན་ལུགས་ཀྱི་ངག་ཀྱང་ཡིན། དེ་ནི་བོད་ཀྱི་བརྡ་སྤྲོད་པའི་ནང་དུ་ཧྥ་ཡིས་བེད་སྤྱོད་མེད་པ་དང, ཀ་སོགས་ཀྱིས་ཀ་བ་སོགས་ལྟ་བུར་བེད་སྤྱོད་ཡོད་པ་ལ་བསམ་པ་ཡིན། དེས་ན་ལོག་པའི་ཡི་གེ་ལྔ་ཡི་ཊ་ཋ་ཌ་གསུམ་གྱི་སྒྲ་ནི་སྤྱིར་བོད་ཀྱི་ངག་ཡིན་པ་དང, ཎ་ཥ་གཉིས་ཀྱི་སྒྲ་ནི་བོད་ཀྱི་ངག་སྒྲ་མིན་པའི་ཁྱད་པར་ཤེས་དགོས། དེའི་རྒྱུ་མཚན་ནི་ཊ་སོགས་ཀྱི་སྒྲ་ནི་ད་སྐབས་ཊྲ་སོགས་ཀྱི་སྒྲ་དང་འདྲ་བས་པ་ཊྲ་སོགས་ལྟ་བུ་སྒྲ་འདི་སྤྱད་པའི་བོད་ཚིག་ཡོད་པ་དང, ཎ་སོགས་ཀྱི་སྒྲ་ཅན་གྱི་ཚིག་གཅིག་ཀྱང་བོད་པའི་བརྡ་སྤྲོད་པའི་ནང་དུ་མེད་པ་ལ་བསམ་པ་ཡིན།
འགྲོ་བ་མིའི་ངག་ཟེར་བ་ཅི་ཡིན་ཟེར་ན་ གོང་གི་དེ་གཉིས་ཀ་དང་དུང་དེར་མ་འདུས་པའི་ཕྱི་རྒྱལ་གྱི་ངག་སྒྲ་ཡོངས་རྫོགས་བཅས་བཅས་མདོར་ན་བོད་མི་ཞིག་གིས་ངག་ནས་དབྱུང་ཐུབ་པའི་སྒྲ་ཡོད་ཚད་ལ་གོ་བ་ཡིན། ཁོ་བོའི་སྒྲ་སྒྲུབ་རིག་པ་འདིའི་ནང་དུ་སྤྱིར་བོད་ཀྱང་ངག་གི་རྣམ་བཞག་ཞིབ་པར་བཤད་ནས་འགྲོ་བ་མིའི་ངག་གི་རྣམ་བཞག་ཞོར་ལ་མ་ལུས་པར་བཤད་ཀྱི་ཡོད། དེའི་ཕྱིར་འདི་ལ་སྒྲ་སྒྲུབ་རིག་པ་ཞེས་མིང་ཏུ་བཏག་པ་ལགས་སོ།
འདི་བྂ་གནས་དང་དྂ་གནས་གཉིས་ཀྱི་གནས་གནད་སོགས་ཤུགས་ཀྱིས་གོ་ཐུབ་པ་ལས་དངོས་སུ་རྒྱས་པར་མ་བཤད་པ་ནི་ཕྂ་དང་ཐྂ་《དབྱིན་ཇིའི་F དང་Th གི་སྒྲ》སོགས་ཀྱི་སྒྲ་རྣམས་བོད་པའི་སྐད་ལ་མི་མཁོ་བས་སྒྲ་དེ་དང་དེའི་འདུ་བྱེད་རྒྱུ་རྐྱེན་དག་ནི་ཐོན་ལུགས་ཀྱི་ངག་ལྟ་ཞོག་སྤྱིར་བོད་པའི་ངག་ཡང་མི་བརྩི་བའི་དབང་གིས་ཡིན། དེ་ལྟར་F སྒྲ་དང་Th སྒྲ་སོགས་དབྱིན་ཇིའི་ངག་ཏུ་བརྩི་བ་ལས་བོད་ཀྱི་ངག་ཏུ་མི་བརྩི། ལུང་པ་གང་གི་ངག་ཡིན་མིན་དེ་གཙོ་བོ་གནས་གནད་ངོས་འཛིན་ཚུལ་གྱི་ཁྱད་པར་གྱིས་འབྱེད་དགོས། བོད་པས་བཀོལ་སྤྱོད་བྱེད་པའི་སྒྲ་དག་གི་གནས་གནད་ངོས་འཛིན་ཚུལ་དེ་བོད་པའི་ངག་ངོས་འཛིན་ཚུལ་གཙོ་བོ་ཡིན། གནས་གནད་ངོས་འཛིན་ཚུལ་དང་འཇོག་སྟངས་གི་ཐོག་ནས་ཡུལ་ལུང་སོ་སོའི་ངག་རིག་པ་སོ་སོར་ཡོང་བ་ཡིན།
དེ་བཞིན་རྒྱ་གར་གྱི་ངག་རིག་པ་དང་རྒྱ་ནག་གི་ངག་རིག་པ་སོགས་ཀྱི་ཁྱད་པར་ཡང་རྒྱ་གར་དང་རྒྱ་ནག་གི་ངག་ནས་དབྱུང་བའི་སྒྲ་བྱེ་བྲག་པ་རྣམས་དང་དེ་དག་གི་རྒྱུ་རྐྱེན་བཤད་པ་ལ་གོ་ཞིང, དེ་ཡང་གཙོ་བོ་གནས་གནད་ངོས་འཛིན་གྱིས་ཁྱད་པར་གྱིས་འབྱེད་དགོས། དཔེར་ན, རྒྱ་གར་ལ་ཙ་སོགས་ཀྱི་སྒྲ་མེད་པས་ལྕེ་ཐོག་ས་བགོས་བྱེད་སྟངས་ལས་ཙ་སྡེའི་གནས་གནད་ཀྱི་ས་ཁུལ་དེ་ཅ་སྡེའི་གནས་ཀྱི་ས་ཁུལ་དང་བསྡོངས་ནས་འཇོག་དགོས་པ་དང, ཨི་ཊ་ལི་སོགས་ཡོ་རོབ་ཀྱི་རྒྱལ་ཁབ་འགའ་རེ་དང་ཝེཏ་ནམ་སོགས་ལྷོ་ཤར་ཨེ་ཤི་ཡའི་ལུང་པ་མང་པོར་ཊ་སོགས་ཀྱི་སྒྲ་མེད་པས་དེ་དག་གི་ལུགས་ལ་ཊ་སྡེའི་གནས་གནད་ཏ་སྡེའི་གནས་གནད་དང་ལྷན་དུ་བསྡོངས་ནས་གནས་གནད་གཏན་འབེབས་དང་ངོས་འཛིན་བྱེད་དགོས་པ་སོགས་ལྟ་བུ་ཡིན།
“བོད་ཀྱི་ངག་རིག་པའི་བསྟན་བཅོས”་ཟེར་བ་ནི་གོང་གི་དེ་དག་གི་རྣམ་བཞག་བཤད་པའི་རིག་པའི་གཞུང་ལུགས་ཀྱི་བསྟན་བཅོས་ཤིག་ལ་གོ་བ་ཡིན། དེ་ཡང་མིང་འདི་ཁོ་བོས་རྒྱ་གར་སྐད་དུ་”བྱཱ་ཀ་རན”ཟེར་བ་དང་དབྱིན་སྐད་དུ་”གརཱམར”གཉིས་ཀྱི་ཐད་དུ་བཞག་པ་ཡིན། འདི་ཐད་ལ་བོད་ཚིག་ད་ལྟ་མེད་པ་ཡིན་ནམ་ཟེར་ན, “སུམ་ཅུ་པ”ཟེར་བ་ནི་གྲངས་ཀྱི་བྱེ་བྲག་ཅིག་ཏུ་སོང་བས་འདི་ཐད་དུ་འདྲ་ཆགས་པ་ཞིག་མེད་ལ, སྔར་”ལུང་སྟོན་པ”ཞེས་ཟེར་ཀྱང་འདི་ཡང་གསལ་ཐ་སྙད་དག་གི་ཐད་དུ་འོས་བབས་དེ་ཙམ་མ་མཐོང་། དེའི་ཕྱིར་བདག་གིས་འདི་ལ་”ངག་རིག་པའི་བསྟན་བཅོས”ཞེས་བཏག་པ་ཡིན།
“སྒྲ་སྒྲུབ་རིག་པ”ཟེར་བ་ནི་ངག་རིག་པའི་ནང་གསེས་ཤིག་ཡིན། བོད་ཀྱི་ངག་རིག་པའི་ནང་དུ་བོད་ཀྱི་སྒྲ་སྒྲུབ་རིག་པ, བོད་ཀྱི་ཚིག་སྒྲུབ་རིག་པ, བོད་ཀྱི་རྗོད་སྒྲུག་རིག་པ, བོད་ཀྱི་རྩོམ་སྒྲུབ་རིག་པ, བཅས་འདུ་དགོས་པ་ཡིན། འདིར་ཁོ་བོས་བཤད་པའི་སྒྲ་ཡི་རྣམ་བཞག་འདི་ནི་འགྲོ་བ་མི་སྤྱིའི་ངག་ལ་ཁྱབ་པའི་རྣམ་བཞག་ཅིག་ཀྱང་ཡིིན། རིག་པའི་གཞུང་ལུགས་འདིའི་ནང་དུ་འགྲོ་བ་མི་སྤྱིའི་ངག་ནས་སྒྲ་སྒྲུབ་རྒྱུ་རྐྱེན་བཞི་སོགས་སྤྱིར་འགྲོ་བ་མིའི་ངག་ལས་སྒྲ་ཇི་ལྟར་འགྲུབ་ཚུལ་གྱི་ཆོས་ཉིད་ཀྱི་རྣམ་བཞག་དེ་བྱེ་བྲག་ཏུ་བཀལ་ནས་གཏན་ལ་འབེབས་པ་ཡིན། དེའི་ཕྱིར་ཁོ་བོས་དེབ་དང་པོ་འདི་ལ་”སྒྲ་སྒྲུབ་རིག་པ”ཞེས་བཏག་པ་ཡིན།
འོ་ན་འདིར་”བོད་ཀྱི་ངག་རིག་པའི་བསྟན་བཅོས”ཞེས་པར་”བོད་ཀྱི”ཞེས་སྦྱར་བ་དང་”སྒྲ་སྒྲུབ་རིག་པ”ཞེས་པར་མ་སྦྱར་བའི་རྒྱུ་མཚན་ཅི་ཡིན་ཞེ་ན: དང་པོ་ནི་འདིར་སྤྱིར་བོད་ཀྱི་ངག་སྟེ, ཐོན་ལུགས་ཀྱི་ངག་དང་དེར་མ་འདུས་པའི་བོད་ཀྱི་ངག་གཉིས་ཀ་ཡི་འགྲུབ་བྱེད་རྒྱུ་རྐྱེན་སོགས་རྒྱས་བཤད་བྱེད་ཀྱི་ཡོད་པ་དང་པ་ལས་ཕྱི་རྒྱལ་གྱི་ངག་ལ་ཡོད་པའི་སྒྲ་F དང་Th སོགས་ཀྱི་སྒྲ་ཡི་སྐོར་ཤུགས་རྟོགས་སུ་བཞག་ནས་རྒྱས་བཤད་བྱེད་ཀྱི་མེད་པའི་དབང་གི་ཡིན་པ་དང, གཉིས་པ་ནི་འདིར་བོད་པའི་ངག་ཡིན་མིན་ཇི་ལྟར་ཡང་འགྲོ་བ་མིའི་《ཉུང་མཐར་ཡང་བོད་མི་ཞིག》གི་ངག་ལས་འདྲོངས་ཐུབ་ཚད་ཀྱི་སྒྲ་ཡོད་ཚད་ཇི་ལྟར་འགྲུབ་པའི་རིག་པའི་གཞུང་ལུགས་བཤད་ཀྱི་ཡོད་པའི་དབང་གིས་ཡིན། མདོར་ན་ཀྂ་སྡེའི་ནང་གི་སྒྲ་སོགས་ནི་ཀ་མད་སུམ་ཅུར་འདུ་མི་ཐུབ་ཀྱང་དེ་དག་བོད་ཀྱི་ངག་གི་ཁོངས་སུ་འདུ་བ་ཡིན་པས་དེ་དག་བསྟན་བཅོས་འདིར་ཞིབ་པར་བཤད་ཡོད་པ་དང, F སྒྲ་དང་ Th སྒྲ་སོགས་ནི་བོད་ཀྱི་ངག་མ་ཡིན་ཀྱང་བོད་མི་ཞིག་གིས་དབྱུང་ཐུབ་པའི་སྒྲ་ཡིན་པས་དེ་དག་ཀྱང་མ་ལུས་པར་ཞོར་ལ་བཤད་ཀྱི་ཡོད་པའི་དབང་གིས་ཡིན།
སྤྱིར་འགྲོ་བ་མིའི་ངག་ལས་དབྱུང་བའི་ངག་སྒྲ་ལ་གྲངས་ཚད་མེད་ཅིང, སྒྲ་སྒྲུབ་རིག་པ་འདིའི་ནང་གི་སྒྲ་ཡི་རྣམ་བཞག་ཀྱང་ངག་སྒྲ་ཡི་གྲངས་ཀ་མུ་མཐའ་མེད་པ་དང་ལྷན་དུ་བཞུད་ཐུབ་པའི་སྒོ་འཕར་ཡངས་པོར་ཕྱེས་ཡོད། འོན་ཀྱང་སྒྲ་སྒྲུབ་རིག་པ་འདིའི་ནང་དུ་འགྲོ་བ་མིའི་ངག་ལས་དབྱུང་ཐུབ་པའི་སྒྲ་ག་འདྲ་ཞིག་ཡིན་ཀྱང་འདིར་བཤད་པའི་རྣམ་བཞག་འདིས་ཁྱབ་མ་ཐུབ་པ་ཞིག་མེད། རྣམ་བཞག་འདིས་མ་ཁྱབ་པའི་སྒྲ་ཞིག་འདོན་རྒྱུ་མེད། ནུབ་དབྱིན་ཡུལ་ནས་ཤར་ཉི་ཧོང་དང, བྱང་ཌེན་མག་ནས་ལྷོ་ཨར་ཇིན་ཀྲི་ན་བར་གྱི་འགྲོ་བ་མི་ཡི་ངག་ཇི་ལྟར་བཙལ་ཀྱང་བསྟན་བཅོས་འདིའི་ནང་དུ་བཤད་པའི་རྣམ་བཞག་འདིའི་མ་ཁྱབ་པའི་སྒྲ་ཞིག་འདོན་རྒྱུ་མེད། དེའི་ཕྱིར་འདི་ལ་”བོད་ཀྱི”དང་”ཤར་ཕྱོགས་ཀྱི”སོགས་མ་སྦྱར་བར་”སྒྲ་སྒྲུབ་རིག་པ”ཞེས་པ་བཏག་པ་ཡིིན། བདག་གི་དེབ་དང་པོ་འདི་གཉིས་ཀྱི་ནང་དུ་སྒྲ་ཡི་རྣམ་བཞག་”སྒྲ་སྒྲུག་རིག་པ”རྒྱས་བཤད་བྱས་པ་ལས, “བོད་ཀྱི་ཚིག་སྒྲུབ་རིག་པ”དང་”བོད་ཀྱི་རྗོད་སྒྲུབ་རིག་པ”གཉིས་དེབ་ཕྱི་མའི་ནང་དུ་འབྱུང་རྒྱུ་ཡིན། བོད་ཀྱི་རྩོམ་སྒྲུབ་རིག་པ་ནི་བདག་གིས་བཤད་དགོས་གལ་ཞིག་ཏུ་མ་མཐོང་སྟེ, བོད་ཀྱི་རྩོམ་རིག་གི་རྣམ་བཞག་མང་དག་ཅིག་མཐོང་རྒྱུ་ཡོད་པས་གོ་བོར་འབྲི་འཆར་མེད། གལ་སྲིད་བྲིས་ན་གཞན་གྱིས་མ་ཤོད་པ་ཞིག་བཤད་རྒྱུ་མེད་ན་འབྲི་བའི་དགོས་པ་ཅི།
དེ་ལྟར་བཤད་རྗེས་ཡང་འདིར་གསལ་བཤད་ཅིག་བྱེད་དགོས་ཏེ, ཁོ་བོས་བཤད་པའི་སྒྲ་ཡི་རྣམ་བཞག་འདིས་འགྲོ་བ་མི་སྤྱིའི་ངག་གི་རྣམ་བཞག་ལ་ཁྱབ་ཐུབ་ཟེར་དུས་འགྲོ་བ་མིའི་ངག་ནས་བྱུང་བའི་སྒྲ་ཡི་སྤུ་རིས་རེ་རེ་ནས་ཡོངས་སུ་རྫོགས་པ་འདིར་བཤད་ཟིན་ཡོད་ཅེས་སྨྲ་བ་ནི་མིན། འཛམ་གླིང་འདི་ན་ཡུལ་གྲུ་སོ་སོར་ཐུན་མོང་མ་ཡིན་པའི་སྒྲ་ཡོད་ཆོག་ཅིང་དེ་དག་ཡོངས་རྫོགས་མ་ལུས་པར་ཁོ་བོས་བཤད་ཡོད་ཟེར་བ་མིན་ལ, བཤད་ཐུབ་པའང་མིན། དཔེར་ན་, བལ་པོ་ལ་ཅ་སྒྲ་མེད་པ་དང་, རྒྱ་གར་ལ་ཙ་སྒྲ་མེད་པ, ཨི་ཊ་ལི་ལ་ཊ་སྒྲ་མེད་པ, སོགས་ཆད་པ་མང་ལ་, ཨ་རབ་པ་ལ་ཀྂ་ལྷག་མོ་ཡོད་པ, རྒྱ་གར་ལྷོ་ཕྱོགས་ལ་ལྂ་སྒྲ་ལྷག་མོ་ཡོད་པ་སོགས་ཡུལ་སོ་སོར་སྒྲ་ཡི་དགོས་མཁོ་མི་འདྲ་བ་ཇི་སྙེད་ཅིག་ཡོད། འདི་དག་ནི་རང་རང་གི་ལྕེ་སོགས་ཀྱི་ངོས་ལ་ས་བགོས་བྱེད་ཚུལ་མ་འདྲ་བ་ལས་བྱུང་བ་ཡིན་ཞིང, ལྕེ་སོགས་ཀྱི་ངོས་ལ་ས་བགོས་བྱེད་ཚུལ་ནི་ཡུལ་ལུང་སོ་སོའི་ངག་སྒྲའི་དགོས་མཁོ་དང་འཚམས་པར་ཇི་ལྟར་བྱས་ཀྱང་འགྲིག་པ་ལས་ཁོ་བོས་”འདི་ལ་གནས་འདི་དང་འདིའི་ས་མཚམས་ཡོད་པས་དེ་བརྒལ་མི་ཉན”, “དེ་ལ་གནས་དེ་དང་དེའི་ལྟེ་བ་ཡོད་པས་དེ་གཡོལ་མི་ཉན”སོགས་མཐའ་གཅིག་ཏུ་བཀའ་གཏོང་རྒྱུ་གཏན་ནས་མེད།
ཡང་འདིར་ཁོ་བོས་ལྕེ་སོགས་ཀྱི་ངོས་ལ་ས་བགོས་བྱས་པའི་གཞི་འཇོག་ས་་ནི་ད་བར་གྱི་བོད་མི་ཞིག་གིས་རྗོད་ཐུབ་པའི་སྒྲ་ཡོངས་རྫོགས་བསྡུ་ཐུབ་པའི་ས་བགོས་དེ་ཡིན། དེའི་ཕྱིར་བསྟན་བཅོས་འདིར་བོད་མི་ཞིག་ངག་ལས་དབྱུང་ཐུབ་པའི་སྒྲ་འདི་རྣམས་ཙམ་ཡིན། འདི་རྣམས་ལས་གཞན་པའི་སྒྲ་ཞིག་ད་ལྟ་བར་དུ་འདོན་མི་ཤེས་ཞེས་བཤད་ན་རྩོད་པ་ཟློག་ཅིང་དོན་དང་མཐུན་པ་ཡིན། དེའི་ཕྱིར་ཁོ་བོའི་ངག་རིག་པ་འདིས་འགྲོ་བ་མིའི་ངག་སྒྲ་ཡོད་ཚད་ཀྱི་རྣམ་བཞག་ལ་ཁྱབ་ཐུབ་ཟེར་བ་ལས, ངག་སྒྲ་ཡོད་ཚད་འདིར་བཤད་ཡོད་ཟེར་བ་མིན།
འདིར་རྗོད་དགོས་པའི་གལ་ཆེའི་གནད་དོན་གནད་དོན་གཞན་ཞིག་ནི་”ཁྱོད་ཀྱིས་འདི་དང་དེ་འོ”ཞེས་ཐག་གཅོད་རྣོན་པོ་མང་པོ་ཞིག་བྱས་ཡོད་པ་དེ་དག་གཞི་སུའི་ངག་ལ་བཞག་པ་ཡིན་ནམ”ཞེས་པའི་དྲི་བ་འདི་ཀུན་གྱི་ཀླད་པ་ལས་་ལ་བཞག་པ་ཡིན་ནམ”་ཞེས་པའི་དྲི་བ་འདི་ཀུན་གྱི་ཀླད་པར་ལས་ཡལ་མི་ཐུབ་པའི་དྲི་བ་དེ་ཡིན། དེ་ལ་”ཁོ་བོས་འདི་འཇིག་རྟེན་མིའི་ངག་གི་དབང་པོ་ལ་ཞིབ་འཇུག་བྱས་ཤིང་ལྕེ་ཐོག་ལ་ས་བགོས་བྱས་ནས་བཤད་པ་ལས་སྐྱེ་བོ་བྱེ་བྲག་པ་སུ་གཅིག་གི་ངག་ལ་གཞིར་བྱས་ནས་བཤད་པ་མ་ཡིན་ནོ”ཞེས་པ་དེ་བརྒྱ་གོ་གཅིག་ཆོད་ཀྱི་ལན་དེ་ཡིན།
ཡང་“ཁྱོད་ཀྱིས་སྒྲ་སྒྲུབ་རིག་པ་འདིས་འགྲོ་བ་མིའི་ངག་སྒྲ་ཡོད་ཚད་ཀྱི་རྣམ་བཞག་ལ་ཁྱབ་ཡོད་ཅེས་པ་འུར་མིན་ན་ཁྱོད་ཀྱིས་ཇི་ལྟར་ཁུངས་སྐྱེལ་ལམ། ཧམ་བཤད་མ་བྱེད་ཅིག”ཅེ་ན: འགྲོ་བ་མིའི་ངག་སྒྲ་ནི་ཡལ་ག་འབུམ་ཕྲག་དང་ལོ་མ་དུང་ཕྱུར་ལྡན་པའི་ལྗོན་ཤིང་ཆེན་པོ་ཞིག་དང་མཚུངས་བས་ལོ་མ་དུང་ཕྱུར་པོ་དེ་དག་གཅིག་གཉིས་ཀྱིས་བགྲང་ནས་ཁྱབ་པར་བྱེད་དགོས་ན་དཀའ་མོ་ཞིག་ཡིན་པ་བདེན་པ་ཡིན། “འོན་ཀྱང་ལོ་མ་དུང་ཕྱུར་ལྡན་པའི་ལྗོན་ཤིང་དེ་ལ་རྩ་བ་གཅིག་ལས་མེད་ཅིང་དེ་ལས་ཡལ་ག་སོ་སོར་གྱེས་པ་ཡིན་པས་ཐབས་ཤེས་ཡོད་ན་དེ་ཙམ་དཀའ་མོ་ཞིག་ཀྱང་མིན་ནོ”ཞེ་ཞུ་བ་ཡིན།
དེ་ཡང་འགྲོ་བ་མི་སུ་འདྲ་ཟིག་ཡིིན་རུང, དེའི་ངག་ལས་སྒྲ་ག་འདྲ་ཞིག་དབྱུང་རུང, རང་ཅག་ལ་གཅིག་མཚུངས་སུ་ཡོད་པའི་མགྲིན་པའི་དབང་པོ་འདི་ཁོ་ན་བེད་སྤྱད་བཏོན་པ་ཤ་སྟག་ལས་གཞན་གང་ཡང་མེད། རང་ཅག་གིས་ངག་སྒྲ་སྣ་ཚོགས་པ་འདི་དག་ཇི་ལྟར་འདོན་པའི་ཚུལ་རིགས་བགྲེ་བཏང་ནས་བཤད་ཐུབ་པ་ཡིན་ནོ། དེའི་ཕྱིར་བསྟན་བཅོས་འདི་འགྲོ་བ་མིའི་ངག་གི་སྒྲ་སྒྲུབ་རིག་པ་ཡིན་ཞེས་བཤད་པའི་སྤོབས་པ་རྙེད་པ་ཡིན།
མདོར་ན་བསྟན་བཅོས་འདིར་བོད་མི་ཞིག་གིས་ངག་ལས་དབྱུང་ཐུབ་པའི་སྒྲ་ཡོད་ཚད་ཀྱི་རྣམ་བཞག་བཤད་ཀྱི་ཡོད་སྟབས་”སྒྲ་སྒྲུབ་རིག་པ”ཞེས་བཏག་པ་དང་, བོད་ཀྱི་ཡུལ་འདིར་ངག་སྒྲ་ཇི་ཡོད་ཀྱི་རྣམ་བཞག་བཤད་ཀྱི་ཡོད་སྟབས་”བོད་ཀྱི་ངག་རིག་པའི་བསྟན་བཅོས”, ཐོན་ལུགས་ཀྱི་ངག་ལ་དག་ཐེར་བྱེད་ཀྱི་ཡོད་པས་”བོད་ཀྱི་སྤྱི་སྐད་ལ་སྨན་པའི་ཆེད་དུ་ཡིན”ཞེས་བརྗོད་པ་ཡིན་ལགས་སོ།
རྩོམ་པ་པོས་ཕྱི་ལོ་༢༠༠༩་ལོ་ཟླ་༩་ཚེས་༩་ལ་གུས་པས་ཕུལ།

Preface for my book

Preface
The audience of this book is specialized scholars qualified to assess phonology systems. Those who read this book must possess these preconditions and be ready to follow the logical flow of ideas here. Without this, time spent reading would be better invested elsewhere.
This is an attempt at a “grand theory of phonology.” The intent is to be comprehensive in scope, applying new ideas and theories; supposedly, nobody in the world has written this particular approach to phonology. However, I do not claim that this is the conclusive final word on the subject. I am ready to submit to any change after getting valuable feedbacks and suggestions from the specialists in this field.
This is a test; a trial to see whether any similarities or disparities exists between dogmatism and an individual person’s perception and experience of his sounds. This perception is not based on another’s experience or dogma. To the best of my knowledge, there are no contradictions or obscurities about explanation of sounds in the book. There is no such question that comes to my mind left unanswered. Yet, I in no way avow that my theory is infallible or comprehensive.
The preconditions to read
There are certain pre-conditions that will greatly enhance reading of this book. First, one should open their mind to listen to a new idea. Second, one should allow for individual views according to personal perception of and reflection on the world. Third, one should be ready to accept that century-old preconceived ideas are not to be a matter of dogmatism. As a reader of this book, one should also come out of the traps of prejudice and bias.
The reader should know the terminology and understand them fully. One should also know the causative sources of sounds theorized in the book. Finally, the reader should study and know the phonographs in the book as per my interpretation at this point in time. A reader with these pre-conditions and intentions will both enrich this material and be enriched b reader with these pre-conditions and intentions will both enrich this material and be enriched by it.
Some important guidelines
Before the main text of this book, some guidelines need to be covered. Generally speaking, when I expound the alphabetical sounds (or any other), I do not use the traditional pronunciation as a base, but I study the aetiology of that sound (what I call place, action, effort and factors) and draw a conclusion considering a sound’s causative sources. Beyond this basic framework, other guidelines are useful as stated below.
One:- I have given many examples of particular sounds. Focusing too much on these may lead to confusion (since Tibetan does not use a system like this to define sound characteristics). For instance, we may differ on the difference between ka and kha. Moreover, I may describe a distinguishing factor where traditionally there is none. Therefore, since the means of distinguishing between sounds differs between traditional interpretations and what is espoused here, an overt focus on the multiple examples may be confusing. Measuring one object with many scales creates confusion. It is always better to measure an object with one scale.
Another point is that there are some examples like “the way Kham Nangchen people pronounce….” In this case, a Nangchen person must not make a hasty conclusion to think, “I am from Nangchen, I know how Nangchens pronounce and the author must be hinting that this sound should be made this way”. The factor that may create confusion here is a new system of analyzing sound which departs from traditional systems of phonology. We need to use one system to analyze phonology—trying to combine systems creates confusion. As such, learning the phonological system explained in chapter one here is absolutely pivotal to understanding the phonology espoused here, which extends far beyond the sounds used in the phenomenon of Tibetan speech itself.
Two:- there are many references to ‘Dhoism’. Readers should not confuse the word with the particular place called Dho in Kham province. This Dho refers to one component of the three adjoined provinces; Dho- Uue-Kham. The word ‘Dho’ of Dho-Uue-Kham covers all areas of one of the three major linguistically naturally division of Tibetan plateau, My use of “Dho” implies no political segregations prevalent in exiled society. So, my native place (Lithang Nomadic) and Serta come under Dho language speaking area. Ladhak to Kongpo belongs to the Uue language area. The rest can be categorized as Kham. This division is made anthropologically for easy analysis of language phonology.
Three:- It is clear that when such a grand phonology is composed, it is essential to have a comprehensive symbolic system of all human phonology. Though I have thought about this, it is my great regret that this is not ready at the time of printing as the digital development is still in process. Hopefully these will be ready at the time of a second printing.
I consider that it is pivotal to have the phonograph to engineer the Unified Standard Tibetan Language. Moreover, such phonograph would be a great help to anybody who wishes to study any language, because such phonograph can transcribe any sound exactly the same. Unlike the present international phonetic symbol that can transcribe only some partial sounds of the world, the new phonograph will represent not the sounds themselves, but the aetiology of sounds. So, the phonograph will cause you to produce sounds automatically sensing even the smallest variations of sounds. That means you can learn a language using the symbols without consulting a teacher.
Four:- I have made a temporary phonograph using the Tibetan fonts available from computer to serve the purpose temporarily. Understanding this system is critical to understanding the content of this book.
. Five:- there is a deliberate variation in transcribing the sounds of kya, khya and gya in chapter 6 and that in chapter 13. If I am to make this unified one, it should be the same as in chapter 6. I do so, that will cause unnecessary confusion. (for the reason, see the original text)
Six:- Some points are left to the inference of the reader and some points are dealt with in great depth. This is both to test the resilience of the theory of phonology here and to facilitate the work of constructive criticism.

བསམ་གཞིགས་སྙིང་སྟོབས།

བསམ་གཞིགས་སྙིང་སྟོབས།
བློ་ཡིས་སེམས་ཐག་དང་ངག་གིས་ཚིག་ཐག་ཆོད་པའི་སྙིང་སྟོབས་ཤིག་མེད་ན་ང་ཚོའི་མི་རིགས་འདི་དུས་གཏན་དུ་གཞན་གྱི་རྗེས་སུ་འབྲང་རྒྱུ་ཙམ་ལས་མེད།
ལོ་བརྒྱད་དགུ་ཡི་ཡར་སྔོན་ཙམ་བར་དུ་ང་རང་ཡང་ཁོང་གི་རྒྱུག་ཁྱི་སྔོན་ཐོན་པ་ཞིག་ཡིན་མྱོང་། མ་གཞི་ཁོ་བོ་གཞན་རྗེས་སུ་འགྲེང་རྒྱུར་དགའ་བོ་མེད་ཀྱང་དེ་དུས་ངའི་སེམས་པ་ཁོང་གི་ཆ་རྒྱུས་མེད་པའི་སྙན་གྲགས་དེས་འཕྲོག་མྱོང་། ངས་ཁོང་ནི་ཕྱི་རུ་ཉན་ཐོས་སྤྱོད་པའི་ཚུལ་འཛིན་ཀྱང་། ནང་དུ་དེང་རབས་བསམ་བློའི་མདངས་དང་ལྡན། ཕྱི་ནང་རིག་གནས་འདབ་གཤོག་གཉིས་ལྡན་པ། བསམ་བློའི་གོ་རྟོགས་གཞན་ལས་སྔོན་ཐོན་ཅན་ཞིག་སོགས་ཡིན་པར་ཡིད་ཆས་བྱས་མྱོང་། དེ་དུས་ངས་ཀྱང་ཁོང་གི་བསྟོད་པའི་གདངས་དབྱངས་ལ་གདངས་དབྱངས་འདྲེས་ནས་གྱེར་མྱོང་། བཙན་བྱོལ་སྤྱི་ཚོགས་ནང་དུ་ང་ལ་ཁོང་ལས་ལྷག་པའི་ཤེས་ལྡན་པ་ཞིག་ཡོད་དཀའ་བར་སྣང་མྱོང་། བཙན་བྱོལ་བོད་མིའི་ནང་དུ་ངས་ཁོང་ལ་རེ་བ་ཆེ་ཤོས་དེ་བཅོལ་མྱོང་།
ངས་རེ་བ་བཅོལ་བ་ལྟར་ཁོང་བཙན་བྱོལ་སྤྱི་ཚོགས་ཀྱི་ཁ་ལོ་སྒྱུར་བའི་གོ་ས་རུ་ཡང་ལེན་ཐུབ་སོང་། ངས་རེ་བ་བཅོལ་བ་ལྟར་ཁོང་གིས་ཀྱང་ཉུང་མཐར་ལོ་བཅུ་གྲངས་ཀྱི་རིང་ལ་བཙན་བྱོལ་སྲིད་གཞུང་དེ་འདམ་རྫབ་ལས་འཇིམ་སྐུ, སྐུད་པ་ལས་ཐག་པ, སྔར་གྱི་རྨང་རྡོ་ཡི་ཐོག་ཏུ་ཁང་མིག་གྲ་དག་ཅིག་ལེགས་སྒྲུབ་བྱས་བར་ཡང་མཐོང་སོང་། ཁོང་ལ་ལྡན་པའི་ཡོན་ཏན་གསར་བ་ཞིག་ཀྱང་མཐོང་བ་དེ་ནི་ཁོང་གིས་སྤྱི་ཚོགས་ལ་བབ་བསྟུན་ཀྱང་བྱེད་ཤེས་པ་དེ་རེད། ངས་རེ་བ་བཅོལ་བ་ལྟར་རེ་བ་ཆུ་ལ་མ་བསྐྱུར། ངས་ཡིད་རྟོན་བྱས་པ་དེ་རླུང་ལ་མ་སྤུར། དེ་ནས་བཟུང་ང་རང་ལྟར་ཁོང་ལ་བློས་འགེལ་དང, གདེངས་འཇོག, རྗེས་འབྲེང, སོགས་བྱེད་མཁན་ལྡབ་འགྱུར་གྱིས་ཇེ་མང་དུ་སོང་བར་མཐོང་།
ད་ནི་ཁོང་ལ་བསྟོད་པའི་འུར་སྒྲ་དེ་སྔར་ང་དང་ངའི་སྙོབ་རུང་དུ་ཡོད་པའི་ཁོར་ཡུག་དེ་ལས་ཡོངས་སུ་བརྒལ་ནས་བཙན་བྱོལ་བ་ཡོངས་ཀྱི་ངག་ན་མགྲིན་དབྱངས་གཅིག་གྱུར་དུ་སྒྲོག། ད་ནི་འགའ་རེས་གཡམ་རྒྱུག་བྱེད། འགའ་རེས་རྨོངས་དད་བྱེད། འགའ་རེས་རང་མཐོང་གི་ཆེད་དུ་ཞེན་ཁོག་བྱེད། འགའ་རེས་ཕྱོགས་རེས་ཀྱི་ཆེད་དུ་ལ་རྒྱ་བྱེད། འགའ་རེས་རང་དོན་གྱི་ཆེད་དུ་ངོ་དགའ་བྱེད། འགའ་རེས་རང་བསྟོད་ཀྱི་ཆེད་དུ་ཁོང་ལ་བསྟོད། འགའ་རེས་ཟོལ་མེད་དོན་དམ་གྱིས་བསྟོད་པ་རེ་ཡང་བྱེད། ཟོལ་མེད་ཀྱི་བསྟོད་པ་བྱེད་པ་ལ་འདི་རིགས་ལ་བདག་ལ་འཁང་ར་གང་ཡང་མེད། མི་དང་མི་ལྟ་བ་འགལ་ཆོག་ན་ལྟ་བ་མཐུན་པ་ཡོད་ཅིའི་མི་ཆོག ངོ་མ་བཤད་ན་དོན་དམ་གྱི་བསྟོད་པ་བྱེད་མཁན་དག་གི་ནང་དུ་ང་རང་ཡང་དེའི་གྲལ་དུ་ཡོད།
འོན་ཀྱང་ངའི་སེམས་པ་ནི་ཁོང་ཚོ་ལྟར་བརྟན་པོ་ཞིག་ནམ་ཡང་མེད། དེ་ངའི་སྐྱོན་ཡིན་ཀྱང་ཡིན་དུ་ཆུགས། ངའི་བསྟོད་པ་ནི་ཁོང་ཚོའི་ལྟར་ཕྱོགས་ལྷུང་བ་ཞིག་མིན་ཏེ, བསྟད་ཟིན་ན་དམད་མིན་འོས་པའི་དམ་བཅའ་དེ་ཡང་མེད། ཁྱེད་ཀྱིས་མགོ་ཉིས་མར་མཐོང་སྲིད་ཀྱང་བྱེད་ཐབས་མེད། ངའི་མིག་ལ་ཁོང་ཚོར་ཡོད་པ་ལྟར་གྱི་ལྷུན་གྲུབ་ཀྱི་མིག་ཤེལ་དེ་ཡེ་ནས་མེད། ངའི་རྣ་བས་ཁོང་ཚོས་མ་གོ་བའི་ཚིག་འབྲུ་ཕྲ་མོ་རེ་ཝ་ལེར་གོ་འོང་། ངའི་གོ་བ་ནི་ཡི་གེའི་བརྒྱུད་ནས་ཙམ་མིན་པར་ཡིག་ཕྲེང་གི་བར་ནས་ཀྱང་སྐྱེས་འོང་།
ཉིན་ཞིག་ངས་ཁོང་གི་ངག་ལས་ཐོས་པཿ “ང་ཚོ་འདིར་བཙན་བྱོལ་གཞུང་གཞན་གྱིས་ངོས་ལེན་ཡོང་ཆེད་དུ་བསྡད་མེད།”ཅེས་དང, བཙན་བྱོལ་བོད་ཀྱི་མཛངས་མའི་འགྲན་ཚོགས་ཐེངས་དང་པོ་ཚུགས་སྐབས་“ད་ནི་ལྟས་ངན་གྱི་དུས་ཚོད་ཤར་གྱི་ཡོད་པའི་སྔ་ལྟས་རེད”ཅེས་དང, ཡང་སྐབས་ཤིག་ཏུ་“ང་ཚོའི་ནང་ཆོས་འདི་མ་ནུབ་ཙམ་བྱུང་ན་བོད་མི་རིགས་འདི་བརླག་སོང་ཡང་ཆོག”ཅེས་དང, ཡང་སྐབས་གཞན་ཞིག་ཏུ་ “བོད་མི་རིགས་ཟེར་བ་ནི་སྤྱན་རས་གཟིགས་ཀྱི་གདུལ་བྱར་འོས་པ་ཞིག་ལ་གོ་དགོས།” ཡང་“བཀའ་བློན་ཁྲི་བའི་མིང་གི་འོག་ནས་ཀྱང་བཙན་བྱོལ་བོད་གཞུང་འདི་དགོས་ངེས་ཤིག་མ་རེད་ཅེས་བཤད་པ་ལ་སྐྱོན་གང་ཡང་མེད”ཅེས་སོགས་ཁོ་བོའི་ཁམས་དང་མ་འཚམས་པའི་གསུངས་བཤད་འགའ་ཞིག་གིས་ཁོ་བོའི་སེམས་པའི་བཀོད་པ་དེ་ཡོངས་སུ་བཤིག་སོང་།
འདི་ནི་ཚབ་ཆེན་གྱི་དོན་གཞན་གང་ཡང་མིན་པར་ཁོ་བོ་སྒེར་གྱི་གང་ཟག་ཅིག་ལ་གདེངས་འཇོག་བྱེད་པའི་ཆ་རྐྱེན་འཐོར་ཞིག་སོང་བ་ཙམ་རེད། ཁོ་བོའི་སེམས་སུ་ཁོང་དང་ཁོང་ལྟ་བུའི་གང་ཟག་གིས་བོད་མི་རིགས་ཀྱི་ལ་རྒྱ་དང་བོད་མི་རིགས་ཀྱི་མདུན་ལམ་དེ་ཀུན་གྱི་གོང་དུ་བཞག་པའི་སྐད་ཆ་བཤད་ན་ཁོང་ལ་གདེངས་འཇོག་ཐོབ་པ་ཡིན། ཁོ་བོའི་སེམས་སུ་ཁོང་དང་ཁོང་ལྟ་བུའི་གང་ཟག་གིས་ཆོས་ལུགས་དེ་སྲིད་ལུགས་ལས་གལ་ཆུང་བར་བཞག་ན་ཁོང་ལ་གདེངས་འཇོག་ཐོབ་པ་ཡིན། ཁོ་བོའི་སེམས་སུ་ཁོང་དང་ཁོང་ལྟ་བུའི་གང་ཟག་གིས་བོད་རིགས་དེ་རྨོངས་བའི་རྒྱ་ལས་དབྱུང་ནས་རྒྱུ་མཚན་གྱི་ཐང་དུ་འདྲེན་པའི་བྱ་བ་སྒྲུབ་ན་ཁོང་ལ་གདེངས་འཇོག་ཐོབ་པ་ཡིན། ཁོ་བོའི་བསམ་པར་ཁོང་དང་ཁོང་ལྟ་བུའི་གང་ཟག་གིས་འབྱུར་འགྱུར་བདག་པོར་གྱུར་བའི་གཞོན་སྐྱེས་ཀྱི་ཁྱུ་ཚོགས་འདི་དག་ཡང་དག་པའི་ལམ་སྣ་རུ་འདྲེན་པའི་བཀའ་མོལ་གནང་ན་ཁོང་ལ་གདེངས་འཇོག་ཐོབ་པ་ཡིན།
ཁོ་བོའི་སེམས་སུ་ཁོང་དང་ཁོང་ལྟ་བུའི་གང་ཟག་གིས་སྐད་ཆ་དེ་དང་དེ་ལྟ་བུ་གསུངས་ན་ཁོང་ལ་བཅིང་བའི་སྔར་གྱི་གདེངས་འཇོག་དེ་ཡལ་འགྲོ། ཁོང་དང་ཁོང་ལྟ་བུའི་ལག་ཏུ་བོད་མི་རིགས་ཀྱི་མདུན་ལམ་ཡོད་པས་རེ་ཞིག་ཁོང་རང་ཉིད་ཀྱི་ལྟ་བ་དེ་རྦེད་དགོས་ཀྱང་རྦས་ནས་མི་རིགས་ཀྱི་ཁ་ཕྱོགས་དེ་གུ་ཡངས་ཀྱི་ལམ་དུ་འདྲེན་དགོས། རང་གི་རིགས་མཐུན་དང་མི་མཐུན་པའི་བོད་རིགས་ཡོངས་རྫོགས་ཤོངས་ཐུབ་པའི་གཞུང་ལམ་ཆེན་པོ་ཞིག་ཏུ་འཁྲིད་རྒྱུ་ནི་ཁོང་དང་ཁོང་ལྟ་བུའི་གང་ཟག་ལ་འཁྲི་བའི་འོས་འགན་ཞིག་རེད། རང་གིས་བྲོ་བ་མ་རྙེད་པས་གཡུག་ཆོག་པ་དང་གཞན་གྱིས་བྲོ་བ་རྙེད་པས་འཛིན་ཆོག་པ་གཉིས་ཀ་ཤོངས་བའི་ལམ་ཆེན་ཞིག་ཏུ་འཁྲིད་རྒྱུ་ནི་ཁོང་དང་ཁོང་ལྟ་བུའི་དབུ་ཁྲིད་ཅིག་གི་བྱ་བ་རེད། ཁྱོད་ཀྱིས་གལ་ཆེན་དུ་མཐོང་བ་དེ་གཞན་གྱིས་གལ་ཆུང་དུ་མཐོང་སྲིད་པས་སྤྱི་ཚོགས་ཀྱི་ནང་དུ་ཁྱེད་ཀྱིས་དེ་ལ་བཏང་སྙོམས་ཀྱི་འདུ་ཤེས་ཤིག་ངེས་པར་དུ་འཇོག་དགོས།
ཁྱེད་ནི་གང་ཟག་གཅིག་ཡིན་ཞིང་གཞན་ནི་སྤྱི་ཚོགས་ཧྲིལ་པོ་རེད། ཁྱེད་ནི་སྤྱི་ཚོགས་རྙིང་པའི་མི་ཡིན་ཞིང, གཞན་ནི་སྤྱི་ཚོགས་གསར་བའི་མི་རེད། གཞན་གྱིས་མ་མཐོང་བའི་གནད་དོན་མང་པོ་ཞིག་ཁྱེད་ཀྱིས་མཐོང་ཡོད་ངེས་ཀྱང་གཞན་གྱིས་ཀྱང་ཁྱེད་ཀྱིས་མ་མཐོང་བའི་གནད་དོན་མང་པོ་ཞིག་མཐོང་ཡོད་པར་ཁས་ལེན་དགོས། གཞན་གྱི་བལྟ་ཚུལ་ལ་ནོར་འཁྲུལ་ཡོད་པ་ཁས་ལེན་ཞིང་ཁྱེད་ཀྱིས་ཀྱང་རང་གི་བལྟ་ཚུལ་ལ་ནོར་འཁྲུལ་ཡོད་སྲིད་པར་ཁས་ལེན་དགོས། མ་གཞི་འདི་ནི་སྙིང་སྟོབས་ཞུམ་པའི་རྒྱུ་རྐྱེན་གཙོ་བོ་དེ་ཡིན་པས་ཁྱེད་ལྟ་བུ་ལས་དོན་སྒྲུབ་མཁན་ཞིག་ལ་དེ་མེད་ན་མེད་པ་རང་གཅིག་ཐང་ན་བཟང་བ་ཡིན། འོན་ཀྱང་འདིར་རང་གི་བལྟ་ཚུལ་ཙམ་གླེང་བ་ཡིན།
ངས་ཁོང་ལ་ད་དུང་ཡང་བརྩི་འཇོག་གཞན་ལས་མཐོ་བ་ཞུ་བས་ཁོང་གི་བྱས་རྗེས་རྣམས་འདིར་གླེང་གི་མེད་ལ་ངོ་མ་བཤད་ན་གླེང་ཀྱང་མི་ཚར་། འདིར་བཤད་འདོད་པ་ནི་ཁོང་དང་གུས་ཀྱི་མཐོང་ཚུལ་མི་མཐུན་པའི་ཆ་འགའ་ཞིག་ཡིན།
དང་པོ། ཆོས་སྲིད་ཟུང་འབྲེལ་གྱི་ལྟ་བ་ལ་བསམ་གཞིགས།
ངས་སྔོན་མ་ཞིག་ལ་སྡོམ་ཚིག་འབྲི་མྱོང་བ་ནིཿ གཞན་དོན་མཐར་ཕྱིན་པ་ཆོས། རང་དོན་མཐར་ཕྱིན་པ་སྲིད། ངའི་དགེ་རྒན་ཞིག་གིས་ཆོས་དང་སྲིད་གཉིས་མི་འགལ་བའི་རྒྱུ་མཚན་མང་པོ་ཞིག་གསུངས་མྱོང་། འོན་ཀྱང་ད་སྐབས་ངས་གཅིག་ཀྱང་མི་དྲན། དེ་ནི་དེ་སྐབས་ངའི་སྣང་བར་མ་སོང་བས་ཡིན་པ་ལས་ངས་ཁོང་གི་གསུང་གི་ནང་དོན་ངས་མ་རྟོགས་པ་དང་ཉན་འདོད་མ་སྐྱེས་བ་མིན།
ཆོས་ཡང་དག་པ་དང་སྲིད་ཡང་དག་པ་ནི་འགལ་བ་ལྟག་སྤྲོད་ཡིན། སུ་ཞིག་གིས་གཉིས་ཀ་ཟུང་དུ་འབྲེལ་པར་བརྩམས་པ་ན་དེ་ནི་གཉིས་ཀ་མི་འབྱུང་བའི་གཞི་རྩ་དང་པོ་དེ་ཡིན། ཆོས་ཀྱི་དམིགས་ཡུལ་ནི་འཇིག་རྟེན་སྟོང་རྒྱུ་དེ་ཡིན་ཞིང, སྲིད་ཀྱི་དམིགས་ཡུལ་ནི་འཇིག་རྟེན་སྐྱོང་རྒྱུ་དེ་རེད། བོད་ནང་དུ་རྩོམ་པ་པོ་འགས་ “བོད་ཀྱི་ཆབ་སྲིད་ཀྱི་རྒུད་པ་མཐའ་དག་གི་རྩ་བ་ཆོས་འདི་ཡིན།”་ཞེས་པའི་གཏམ་འདི་ལ་ཆོས་པ་དག་གདོང་མཛུམ་གྱིས་བཞད་དགོས་པའི་དོན་ཞིག་ལས་ཁྲོ་གཉེར་བསྡུ་དགོས་པའི་དོན་ཞིག་མིན། གང་ལགས་ཤེ་ན་དེ་ནི་ཆོས་ཀྱི་དམིགས་ཡུལ་དང་པོ་འཁོར་བ་སྟོང་བའི་བྱ་བ་དེ་བོད་ཀྱི་ནང་དུ་འགྲུབ་ཀྱི་ཡོད་པའི་རྟགས་རེད།
སྟབས་མ་ལེགས་པ་ཞིག་ལ་ཆོས་ལྟར་སྣང་བ་དང་སྲིད་ལྟར་སྣང་བ་གཉིས་ཧ་ཅང་མཐུན། མི་རྣམས་མགོ་འཁྲུགས་གཞི་ཡང་འདི་ནས་འབྱུང་བཞིན་ཡོད། ཆོས་དང་སྲིད་མི་འགལ་བར་སྨྲ་མཁན་རྣམས་ལ་དགོངས་གཞི་མེད་པ་ག་ལ་ཡིན། ཁོང་རྣམས་ཀྱིས་འཇིག་རྟེན་མི་ཆོས་སམ་སྤྱི་ཚོགས་ལ་མཁོ་བའི་འཇིག་རྟེན་ཡ་རབས་ཀྱི་ཀུན་སྤྱོད་ཙམ་ལྷ་ཆོས་དང་མི་འགལ་བར་དགོངས་འདུག
གོང་དུ་བཤད་པ་བཞིན་དོན་དངོས་སུ་དམ་ཆོས་དང་འཇིག་རྟེན་མི་ཆོས་གཉིས་གཞི་རྩའི་དམིགས་ཡུལ་མི་མཐུན་པ་ཡིན། འཇིག་རྟེན་མི་ཆོས་ནི་རང་དང་རང་རིགས་གཅིག་པའི་སྐྱེ་བོ་དག་འཇིག་རྟེན་འདིའི་ཐོག་ཏུ་སྡོད་པའི་སྡོད་ཇུས་དང་འགྲོ་བའི་འགྲོ་ཇུས་ལ་འགན་ལེན་རྒྱུ་དེ་ཡིན་ཞིང, ཆོས་ནི་ཏག་ཏག་དེའི་ལྡོག་ཕྱོགས་སུ་ཡིན། སྦྱིན་པ་ཞིག་གཏོང་བ་འདི་གཅིག་བུར་ཆོས་སུ་འགྲོ་བ་དང་སྲིད་དུ་འགྲོ་བའི་ལམ་གཉིས་ཡོད། ཆོས་པས་རང་གི་ཚེ་ཕྱི་མའི་ཆེད་དུ་དམིགས་པས་སྒེར་དོན་ཡིན་ལ་འཇིག་རྟེན་པས་ཚེ་འདིའི་སྡུག་བསྔལ་སེལ་ཆེད་དུ་དམིགས་པས་སྐབས་རེ་གཞན་དོན་དུ་ཡང་འགྲོ། འཇིག་རྟེན་པས་འབྱུང་འགྱུར་གྱི་གཞི་རྟེན་དུ་གྱུར་བའི་ད་ལྟ་བ་ལ་དམིགས་ཤིང, ཆོས་པས་ད་ལྟའི་གྲུབ་འབྲས་སུ་གྱུར་བའི་མ་འོངས་པ་ལ་དམིགས། ཆོས་པས་ཉོན་མོངས་དུག་གསུམ་དགྲ་རུ་བཟུང་ནས་མཐར་སྐྲོད་ཅིང་ འཇིག་རྟེན་པས་ཉོན་མོངས་དུག་གསུམ་གྲོགས་སུ་བརྩིས་ནས་དཔུང་རོགས་སུ་སྤྲོན།
གཞན་དོན་སྒྲུབ་ན་རང་དོན་ཞོར་ལ་འགྲུབ། ཞེས་པའི་བརྗོད་པ་དུམ་བུ་འདི་དང་ “ཇི་སྲིད་ནམ་མཁའ་གནས་གྱུར་བ། །དེ་སྲིད་བདག་ནི་གནས་གྱུར་ནས། །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག །” ཅེས་པ་འདི་གཉིས་ཇི་འདྲའི་མི་འགལ་ལམ། དང་པོ་ནི་འཇིག་རྟེན་མི་ཆོས་ཀྱི་སྙིང་པོ་དང་ཕྱི་མ་ནི་དམ་པ་ལྷ་ཆོས་ཀྱི་སྙིང་པོ་ཡིན། དེ་ཇི་ལྟར་ཡིན་ཞེ་ནཿ གཞན་དོན་སྒྲུབ་པ་ཙམ་གྱིས་ཆོས་སུ་མི་འགྱུར་ལ་རང་དོན་སྒྲུབ་པ་ཙམ་གྱིས་སྲིད་དུ་ཡང་མི་འགྱུར་། རང་དོན་ཁོགས་སུ་བཅུག་ནས་གཞན་དོན་སྒྲུབ་པ་དེ་ཆོས་མིན་ལ་གཞན་དོན་སྒྲུབ་པའི་ཆེད་དུ་རང་ཉིད་སྲ་བརྟན་དུ་གཏོང་བ་ཡང་སྲིད་མིན།
‘’མ་གྱུར་འགྲོ་བའི་སྒྲིག་སྒྲིབ་སྡུག་བསྔལ་ཀུན། །མ་ལུས་ད་ལྟ་བདག་ལ་སྨིན་པ་དང། །བདག་གི་བདེ་དགེ་གཞན་ལ་བཏང་བ་ཡིིས། །འགྲོ་ཀུན་བདེ་དང་ལྡན་པར་བྱིན་གྱིས་རློབས། །’’ ཞེས་པའི་ཤོ་ལོ་ཀ་འདི་རྗེ་ཙོང་ཁ་བས་ཁ་སྟོང་བ་ཙམ་ནམ་ཡང་ཡིན་གྱི་མ་རེད། འདིའི་སྙིང་དོན་ལ་གཅིག་གཞིགས་དང་། དེ་ནས་’’སྙིང་སྟོབས་ཆེ་ཞིང་ཞེ་བཞག་ལ། །ཕ་རོལ་གནོན་པའི་རྒྱུ་ཐབས་ཤེས། །སེམས་བརྟན་འགྱར་འགྱུར་མེད་པ་རྣམས། །དམག་དཔོན་དག་གི་གོ་སར་དབང། །’’ཞེས་པའི་འདིའི་ནང་དོན་ལ་གཅིག་གཞིགས་དང་། ཆོས་རྣལ་མ་དང་སྲིད་རྣལ་མ་ཇི་ལྟར་དཀར་ནག་རྒྱབ་འགལ་ཡིན་པ་མི་ཚོར་རམ།
གཞན་ཡང་ཆོས་ཞེས་པ་ནི་རང་སྒེར་གྱིས་བྱེད་དགོས་པ་ཞིག་ལས་མི་མང་གིས་མཉམ་ལས་བྱེད་རྒྱུ་ཞིག་མིན། རྒྱུ་མཚན་ནི་ཆོས་ནི་གང་ཟག་སྒེར་གྱི་ནང་གི་བསམ་བློ་འགྱུར་ལྡོག་གཏོང་བྱེད་ཅིག་ཡིན་པ་ལས་རྩིས་རིགས་ཀྱི་སྤྱི་འགྲོས་ལྟར་གཅིག་གིས་གཅིག་ལ་དཔེ་འགེབས་འོས་པ་ཞིག་མིན། གང་ཟག་སྒེར་གྱི་ནང་གི་བསམ་བློའི་འགྱུར་འགྲོས་དེ་གྲུ་གཟིངས་ལ་ཞུགས་པ་ལྟར་གཞན་དང་ལྷན་དུ་འགྲོགས་ནས་འགྲོ་ཐུབ་པ་ཞིག་མིན།
ལྷ་ཆོས་བྱེད་པའི་སྐབས་སུ་གང་ཟག་རང་ཉིད་གཙོ་བོ་ཡིན་ཞིང, མི་སྲིད་བྱེད་པའི་སྐབས་སུ་རྒྱལ་ཁབ་ཀྱི་མི་ཡོངས་རྫོགས་འདྲ་མཉམ་ཡིིན། ཆོས་ནི་གང་ཟག་སྒེར་ལ་དམིགས་པ་ཡིན་ཞིང, སྲིད་ནི་རྒྱལ་ཁབ་ཀྱི་མི་རིགས་སྤྱི་ལ་དམིགས་པ་ཡིན། ཆོས་ནི་མ་འོངས་པ་ཁོ་ནར་དམིགས་པ་ཡིན་ཞིང, སྲིད་ནི་ད་ལྟ་བར་དམིགས་པ་ཡིན། (འདིར་འབྱུང་འགྱུར་གྱི་ད་ལྟ་བ་ཡང་ཚུད) ཆོས་ཀྱིས་ལྐོག་གྱུར་ལ་དམིགས་ཤིང་སྲིད་ཀྱིས་མངོན་གྱུར་ལ་དམིགས། ཆོས་ཀྱིས་ད་ལྟའི་དུས་སྐབས་བློས་གཏོང་ཞིང, སྲིད་ཀྱིས་ད་ལྟའི་དུས་སྐབས་པང་དུ་ལེན། ཆོས་ཀྱིས་འདས་པའི་གནད་དོན་ཞིག་(དེ་ཡང་ཡང་ཡང་གང་ཟག་གཅིག་ཁོ་ནའི་ཉམས་མྱོང)་ཁོ་ན་ལ་ནམ་བཞག་གཏན་དུ་གཞིར་བཞག་ནས་འབྱུང་འགྱུར་གྱི་མངོན་འདོད་སྒྲུབ་པའི་གཞི་རྟེན་བྱེད་ཅིང, སྲིད་ཀྱིས་འབྱུང་འགྱུར་གྱི་སྲིད་མཐའ་ལ་དཔྱོད་རྟོགས་བྱེད་ཅིང་དེ་གཞིར་བཞག་ནས་ད་ལྟ་དང་མ་འོངས་བའི་ལམ་ཕྱོགས་འཚོལ།
ཆོས་ཀྱིས་དམིགས་པའི་མ་འོངས་བའི་དུས་དེ་འབྱུང་མིན་ཐེ་ཚོམ་ཡོད་ཅིང, སྲིད་ཀྱིས་དམིགས་པའི་མ་འོངས་བ་དེ་འབྱུང་རྒྱུ་ངེས་གཏན་ཡིན། དེའི་ཕྱིར་ཆོས་ཀྱི་དམིགས་པའི་མ་འོངས་བའི་ལས་དོན་དེ་གཅིག་ཐང་ན་རྒྱ་མཚོར་རྡོ་འཕངས་དང་འདྲ་ཞིང, སྲིད་ཀྱིས་དམིགས་པའི་ད་ལྟ་བའི་ལས་དོན་དེ་མ་འོངས་བའི་མིག་རྟེན་ཡིན། སྲིད་ཀྱིས་བྱས་པའི་ད་ལྟའི་ལས་དོན་དེ་མ་འོངས་བའི་གདོང་ཤེལ་ཀྱང་ཡིན།
འདིར་ཁོ་བོས་དམ་ཆོས་དང་ལྷ་ཆོས་གཉིས་ཀྱང་ལོགས་སུ་འགེལ་བའི་འདུན་པ་ཞིག་སྐྱེས། ཁོ་བོས་ལྷ་ཆོས་ཞེས་པ་ནི་རྨོངས་དད་ཀྱི་རྨང་གཞིར་བཞེངས་བའི་འཇའ་ཚོན་གྱི་གུར་ཁང་ཞིག་ཡིན་ཞིང, འདི་ནི་དབྱིན་སྐད་ཀྱི་Religionཞེས་པ་དེའི་གོ་ཁྱབ་ལ་བསམ་པ་ཡིན། དམ་ཆོས་ནི་གང་ཟག་སྒེར་གྱི་ནང་གི་རྟོག་པ་འཕེལ་བྱེད་ཀྱི་ཐབས་ལམ་ཞིག་ཡིན་ཞིང, འདི་ལ་དབྱིན་སྐད་དུ་ཚིག་ཅིག་ད་དུང་གྲུབ་མེད། འདི་ལ་ཚན་རིག་རྨང་གཞི་ཡང་གང་ལེགས་ཡོད། སངས་རྒྱས་ཀྱི་ཆོས་འདི་ཁོ་བོས་དམ་ཆོས་ཀྱི་ཁོངས་སུ་བཞག་པ་ཡིན།
མདོར་བསྡུས་ན་སངས་རྒྱས་ཀྱི་ཆོས་འདི་ཡོངས་གྲགས་ཀྱི་ཆོས་སུ་གྲགས་པའི་ཆོས་དེ་ཡང་ཡིན་པར་མི་སྣང་། སྐབས་རེ་བདག་གི་ལས་གྲོགས་དག་ལ་ “ང་ལ་ཆོས་དད་མེད་ཀྱང་ནང་པ་ཡིན།” ཞེས་ཀུ་རེ་ཡང་བྱེད་མྱོང་། ངོ་མ་བཤད་ན་ངས་སངས་རྒྱས་ལ་ཡིད་ཆས་བྱེད་ཀྱི་ཡོད་ཀྱང་ངའི་ཡིད་ཆས་དེ་ཡོངས་གྲགས་ཀྱི་ཡིད་ཆས་དང་མི་འདྲ། དེའི་ཕྱིར་ང་རང་སངས་རྒྱས་པ་ཞེས་པ་དེའི་གྲལ་དུ་ཚུད་མིན་མི་ཤེས་ཤིང, གལ་སྲིད་ཚུད་རུང་ང་ནི་ཐེག་དམན་པའི་ནང་པ་དེ་ཡིན་འོས་པ་ལས་ང་ལ་བོད་དུ་ཡོད་པའི་ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་ནང་པ་དེའི་གྲལ་དུ་ཚུད་ཐུབ་པའི་རེ་བ་ཧ་ཅང་ཆུང་།
ལྷ་ཆོས་ཡིིན་ཀྱང་རུང་དམ་ཆོས་ཡིན་ཀྱང་རུང་ཆོས་ཞེས་པ་ནི་དེ་ལྟར་གང་ཟག་སྒེར་གྱིས་ཁེར་རྐྱང་གིས་བསྒྲུབ་དགོས་པ་ཞིག་ལས་མི་མང་ལག་རུབ་བྱེད་ཡོང་ས་ཞིག་མེད། ཁམས་དང་མོས་པ་ཀླད་པ་དང་དབང་པོ་མི་འདྲ་བའི་གང་ཟག་གིས་རང་རང་གི་ནང་རྟོག་པའི་ལམ་ཡང་དེ་དག་དང་མཐུན་པར་མི་འདྲ་བར་འཚོལ་དགོས་པ་ལས་བླ་མ་དང་གཞན་གྱིས་སྦྱིན་པ་གནང་ཡོང་རྒྱུ་ཞིག་མེད་པ་ཧ་ཅང་གསལ་ལ, སངས་རྒྱས་དང་བྱང་སེམས་ཀྱིས་བར་དོའི་ཐོས་གྲོལ་བཏོན་པ་ལྟར་‘འདི་ནས་གཡས་སུ་ཀྱོག་ལ་དེ་ནང་ཤར་གྱིས་སོང’་ཞེས་པའི་ལམ་སྟོན་བྱེད་རྒྱུ་ཞིག་ཀྱང་ཡོད་པར་མི་སྣང་།
ཁོ་བོའི་བསམ་པར་ཆོས་ཟེར་བ་ནི་ཧ་ཅང་སྒེར་ཆོས་སུ་སོང་བ་ཞིག་ཡིན་པས་གང་ཟག་རང་ཉིད་ཀྱི་ཀླད་རྩ་དང་སེམས་ཀྱི་རྒྱུ་ལམ་གྱི་འགྲོས་དང་མཐུན་པའི་ས་ལམ་གྱི་རྟོགས་པ་རྒྱུད་ལ་སྐྱེ་དགོས་པ་ལས་བཅོམ་ལྡན་འདས་ཀྱིས་བརྒྱུད་མྱོང་བའི་ས་ལམ་གྱི་རྟོག་པ་དེ་དག་གི་ས་མཚམས་དང་དབྱེ་བ་ཇི་མ་ཇི་བཞིན་ཞིག་རྒྱུད་གཞན་ཅན་གྱི་གང་ཟག་གིས་བརྒྱུད་དགོས་པ་དང་བརྒྱུད་ཐུབ་པ་ཞིག་ཡེ་ནས་ཡིན་པར་མི་སྣང་།
སངས་རྒྱས་བཅོམ་ལྡན་འདས་ཀྱི་རང་ཉིད་ཀྱི་ཀླད་རྩ་དང་སེམས་ཁམས་ཀྱི་འགྲོས་དང་མཐུན་པར་དོན་བདུན་ཅུའི་ནང་དུ་བཤད་པའི་ལམ་གྱི་གནས་ཚུལ་ཞིབ་ཕྲ་བ་དེ་དག་བརྒྱུད་ཡོད་ལས་ཆེ་ན་ཡང, ཀུན་དགའ་བོས་དེ་ཇི་མ་ཇི་བཞིན་ཞིག་བརྒྱུད་ཡོད་པར་བདག་ཡེ་ནས་མི་མཐོང་། སྡེ་བ་ཉེར་ལྔ་སོགས་སངས་རྒྱས་ཀྱི་ཆོས་ལུགས་གཅིག་བུ་ལ་གྲུབ་མཐའ་མི་འདྲ་བ་དེ་སྙེད་ཅིག་བྱུང་བ་དེ་ཡང་ཁོ་བོས་ནི་འདིའི་བདེན་རྟགས་སུ་མཐོང་གི་ཡོད། དེས་ན་མཐར་གཏུག་ནས་བཤད་ན་འཛམ་གླིང་འདིར་རྟོག་པ་བརྙེས་པའི་གང་ཟག་རེ་བྱུང་བ་དང་གྲུབ་མཐའ་དང་ས་ལམ་གྱི་རྣམ་བཞག་གསར་བ་རེ་རེ་འབྱུང་དགོས་པ་ཡིན། མ་གཞི་གང་ཟག་རེ་བཞིན་དུ་གྲུབ་མཐའ་དང་ས་ལམ་གྱི་རྣམ་བཞག་གི་བསྟན་བཅོས་རེ་ཟུར་དུ་ངེས་པར་དུ་རྩོམ་དགོས་པའི་ངེས་པ་ཅི་ཡོད་མོད, ཇི་སྲིད་རང་གི་གྲུབ་མཐའ་དང་ས་ལམ་གྱི་རྣམ་བཞག་གསར་བ་ཞིག་མ་བྱུང་བར་གཞན་གྱི་རྗེས་སུ་འབྲང་བ་དེ་སྲིད་དུ་ཁྱེད་ལ་རྟོག་པ་གསར་བ་གང་ཡང་བརྙེས་མེད་པའི་རྟགས་མཚན་ཡིན་སྙམ།
མདོར་ན་སྔར་འོད་སྲུང་དང་ཀུན་དགའ་བོ་སོགས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བརྒྱུད་གནང་བའི་ལམ་དེ་བརྒྱུད་ཡོད་པར་མི་སྣང་ལ་ འབྱུང་འགྱུར་ཡང་ང་དང་ཁྱོད་ཀྱིས་ཀྱང་དེ་འདྲའིི་ལམ་གྱི་གནས་ཚུལ་ཞིག་བརྒྱུད་དགོས་པ་དང་བརྒྱུད་རྒྱུ་ཡོད་པར་ཡེ་ནས་ཡིན་པར་མི་སྣང་། གལ་སྲིད་དེ་ལྟར་མིན་པར་སངས་རྒྱས་ཀྱིས་བརྒྱུད་པའི་ལམ་དེ་རང་ང་ཚོ་ཚང་མས་བརྒྱུད་དགོས་པ་ཡིན་ས་ལམ་གྱི་རྣམ་བཞག་དེ་བདེན་པར་གྲུབ་པ་མིན་ན་ཅི་ཡིན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཀུན་གྱི་མཐོང་སྣང་དུ་གཅིག་གྱུར་དུ་གྲུབ་པ་ཞིག་ལ་བདེན་པར་གྲུབ་པར་མི་འཇོག་ན་ལྟ་བ་དེ་ལ་སྙིང་པོ་གང་ཡོད། བདེན་མེད་ཀྱི་ལྟ་བ་འདི་ནི་སངས་རྒྱས་ཀྱི་ལྟ་བ་ཁྱད་པར་བ་དེ་ཡིན་ཞིང, འདི་ལ་ཁོ་བོར་བདེན་སྣང་ཆེ་ཙམ་ཞིག་ཀྱང་ཡོད།
འོ་ན་རྗེ་ཙོང་ཁ་བའི་གསུང་པོད་ཏི་བཅོ་བརྒྱད་དང་བཀའ་བསྟན་འགྱུར་གྱི་དུམ་པ་བྲག་རི་འདྲ་བ་དེ་ཚོ་ཁྱོད་ཀྱི་ཐར་ལམ་བགྲོད་པའི་ལམ་ཡིག་ཏུ་མ་མཁོ་ན་དེ་དག་མེ་འབར་ཤུལ་གྱི་ཐལ་བ་བཞིན་སླར་བེད་སྤྱོད་གང་ཡང་མེད་པའི་ཤོག་ཉོབ་ཤ་སྟག་ཡིན་ཟེར་བ་ཡིན་ནམ་ཟེར་ན, དེ་དག་ནི་ཁོང་སོ་སོ་རང་ཉིད་ཇི་ལྟར་བགྲོད་པའི་ལོ་རྒྱུས་ཙམ་ཞིག་ཡིན། འདི་དག་ནི་སྐྱེ་བོ་བྱེ་བྲག་པ་ཞིག་ཡུལ་བྱེ་བྲག་པ་ཞིག་ལ་སོང་བའི་འགྲུལ་བཞུད་ལག་དེབ་ལྟ་བུ་ཞིག་ཡིན།
འདི་དག་ལ་བེད་སྤྱོད་གཞལ་ཐབས་མེད་པ་ཞིག་ཡོད་པ་ནི་འདི་དག་ལ་བརྟེན་ནས, འདི་དག་ལས་རིག་པ་བླངས་ནས, འདི་དག་དཔྱད་གཞིར་བཟུང་ནས, ཁྱོད་རང་གིས་རང་གི་འགྲོ་ལམ་དེ་རང་སྟོབས་ཀྱིས་འཚོལ་བའི་རིག་པ་རྙེད་ཐུབ་པ་དེ་ཡིན། ད་ལྟ་བར་དུ་འདི་དག་ནི་ཡུལ་གཅིག་གི་འགྲུལ་བཞུད་ལག་དེབ་ལྟ་བུ་ཡིན་པར་བསམ་ནས་དེའི་ནང་དུ་གང་བྲིས་ཡོད་པ་དེར་ཁྱོད་རང་ཡང་འགྲོ་ཆོག་པར་བསམ་བཞིན་ཡོད་པ་དེ་ཡང་ནོར་བ་ཡིན། རྒྱུ་མཚན་ནི་ཁོང་རྣམ་པ་བཞུད་པའི་ཡུལ་དེ་ཁོང་རྣམ་པ་ཁོ་ནའི་འཛམ་གླིང་ཡིན་ཞིང, ཁྱོད་ཅག་བཞུད་པའི་འགྱུར་བའི་ཡུལ་དེ་ཁྱོད་ཅག་ཁོ་ནའི་འཛམ་གླིང་ཡིན་པས་སོ། དེ་ནི་མི་ཞིག་གིས་རྒྱ་གར་གྱི་འགྲུལ་བཞུད་ལག་དེབ་ལག་ཏུ་བཟུང་ནས་རྒྱ་ནག་ལ་འགྲིམ་པ་དང་འདྲ་བ་ཡིན།
བཀའ་བསྟན་གྱི་པོད་དེ་དག་རྒྱ་གར་བ་དེས་རང་ཡུལ་ཇི་ལྟར་འགྲིམ་པའི་ཉམས་མྱོང་རྗོད་པའི་འགྲུལ་བཞུད་ལག་དེབ་ཡིན། རྒྱ་ནག་པས་རང་ཡུལ་ཇི་ལྟར་འགྲིམ་དགོས་པ་རྒྱ་ནག་གི་ཡུལ་ལ་གཞིགས་ནས་བཞུད་དགོས་པ་ལས་རྒྱ་གར་འགྲུལ་བཞུད་ལག་དེབ་ལ་གསལ་བའི་ལམ་དང་གནས་ཚུལ་དེ་དག་རྒྱ་ནག་ལ་མཐོང་རྒྱུ་མེད། ཁྱེད་ཀྱིས་རྒྱ་ནག་གི་ཡུལ་ལ་འགྲིམ་སྐབས་མཚམས་རེ་རྒྱ་གར་འགྲུལ་བཞུད་ལག་དེབ་དེ་ལས་རིག་པ་ལེན་ས་ལ་བཀོལ་ཆོག། དེ་བཞིན་ཡིན། མདོར་ན་ཁྱོད་རང་གི་འགྲུལ་བཞུད་ལག་དེབ་ཁྱོད་རང་གིས་འབྲི་དགོས་པ་ལས་སུ་གཅིག་གིས་འབྲི་མི་ཐུབ། ནམ་ཞིག་ཁྱོད་ལ་ཁྱོད་རང་གི་འགྲུལ་བཞུད་ལག་དེབ་དེ་ཧ་ཅང་མཁོ་སྐབས་དེ་དུས་ཁྱོད་རང་གིས་འབྲི་མི་ཐུབ་ལ་གཞན་གྱིས་ཀྱང་འབྲི་མི་ཐུབ། ནམ་ཞིག་ཁྱོད་རང་གི་འགྲུལ་བཞུད་ལག་དེབ་འབྲི་ཐུབ་དུས་ཁྱོད་རང་ལ་དེས་དགོས་མཁོ་གང་ཡང་མེད།
“ཐུབ་རྣམ་སྡིག་པ་ཆུ་ཡིས་མི་བཀྲུ་ཞིང་། །ཉིད་ཀྱི་རྟོག་པ་གཞན་ལ་འཕོ་མི་ནུས། །ཆོས་ཉིད་བདེན་པ་བསྟན་པའི་གྲོལ་བར་འགྱུར་། །” ཞེས་སངས་རྒྱས་རང་ཉིད་ཀྱིས་སྔར་ནས་གསུངས་ཡོད།
དེ་ལྟར་ཆོས་དང་སྲིད་གཉིས་ཀྱི་དམིགས་ཡུལ་ཁ་ཕྱོགས་སྤྱི་སྒེར་ཕྱོགས་འགལ་དུ་སོང་ཡོད་པའི་གཅིག་བྱེད་སར་གཅིག་ཤོས་ཀྱི་བེད་སྤྱོད་གང་ཡང་མེད་ལ, མཐའ་ན་གཅིག་གིས་གཅིག་ལ་འགལ་འདུ་ཡང་བྱེད་པ་ཡིན། དེའི་ཕྱིར་སུ་ཞིག་གིས་གཉིས་ཀ་ལྷན་དུ་བྱེད་པར་བརྩམས་ན་དེས་གཉིས་ཀ་ཡང་དག་པར་མི་འབྱུང་བ་ཡིན། མི་གཅིག་གིས་ཆོས་ལེགས་པར་འཁྱོལ་ན་ཁོས་སྲིད་འཆོལ་ཡོད་ལ་སྲིད་ལེགས་པར་འཁྱོལ་ན་ཁོས་ཆོས་འཆོལ་ཡོད། འཇིག་རྟེན་ཕལ་བས་མི་འབྱོན་པ་ཆོས་ཡིན་ཞིང, རྟོག་ལྡན་གྱི་སྐྱེས་བུ་དམ་པས་མི་འབྱོན་པ་སྲིད་ཡིན། སྔར་བོད་གཞུང་གིས་གཉིས་ཀ་ལྷན་དུ་བྱེད་པར་བརྩམས་པས་གཉིས་ཀ་མ་བྱུང་བ་རེད། ད་དུང་ཡང་སྔར་བཞིན་གཉིས་ཀ་བྱས་ན་འཇུག་འབྲས་ཕྱི་རབས་མིས་མྱོང་དགོས།
ཆོས་སྲིད་ཟུང་འབྲེལ་ཞེས་པ་ནི་མི་ཆོས་དང་ལྷ་ཆོས་གཉིས་ཕན་ཚུན་གཅིག་གིས་གཅིག་ལ་སྲུང་སྐྱོབ་བྱེད་པའི་ལམ་ལུགས་ཤིག་ལ་གོ་བ་ཡིན། བོད་སྐད་དུ་“ཟུང་འབྲེལ”ཞེས་པའི་ཚིག་འདི་ལ་བསམ་གཞིགས་ལེགས་པོ་ཞིག་བྱོས་དང་གོ་བ་དེ་ངང་གིས་འབྱུང་ཐུབ་པ་ཞིག་ལས་དཀའ་མོ་ཞིག་མིན། གཅིག་གིས་གཅིག་ལ་སྲུང་སྐྱོབ་བྱེད་པའི་བྱ་བ་ཞིག་ཡིན་པ་འདིའི་ཐོག་ནས་ཀྱང་ཆོས་སྲིད་ཟུང་འབྲེལ་བྱེད་པའི་ལམ་ལུགས་དེའི་ཀུན་སློང་སྡུག་ཅན་ཞིག་མིན་པ་ཤེས་ཐུབ་པ་ཞིག་རེད། འོན་ཀྱང་ད་སྐབས་དེ་འགྲོ་རྒྱུག་མེད་པའི་དོན་དངོས་ཤིག་ཡིན་པའི་དངོས་ཡོད་གནས་ཚུལ་དེ་ངོས་འཕྲོད་དང་ངོས་ལེན་བྱེད་ཐུབ་པ་དགོས།
ཆོས་དང་ཡ་རབས།
མཁས་དབང་དུང་དཀར་ཚང་གིས་རྒྱལ་ཁབ་དང་ཆོས་ལུགས་གཉིས་ཀའི་བདག་པོ་གང་ཟག་གཅིག་གིས་བྱེད་པ་ལ་ཆོས་སྲིད་ཟུང་འབྲེལ་དུ་འཇོག་པར་གསུངས་ཡོད། དེ་ནི་དེའི་ཆ་རྐྱེན་གཙོ་བོ་དེ་ཡིིན་པ་ལས་གོ་བ་དངོས་དེ་ཡིན་པར་བདག་མི་འདོད། གོ་བ་དངོས་ནི་ཆོས་དང་སྲིད་གཉིས་ཕན་ཚུན་གཅིག་ཕན་གཅིག་གྲོགས་བྱེད་རྒྱུ་དེ་ཡིིན། དེ་ཡང་རྒྱལ་ཁབ་ཁྲིམས་དེ་ཆོས་ཁྲིམས་ལས་ལོགས་སུ་འདའ་མི་ཕོད་པའི་གནས་སྟངས་ཤིག་གི་སྐབས་སུ་ཆོས་སྲིད་གཉིས་ལྡན་གྱི་རྒྱལ་ཁབ་དེ་འབྱུང་བ་ཡིན། དེ་ནི་རྒྱལ་ཁབ་དང་ཆོས་ལུགས་གཉིས་ཀྱི་དབང་ཆ་མི་གཅིག་གི་ལག་པར་ཡོད་སྐབས་སམ་ཡང་ན་རྒྱལ་ཁབ་སྐྱོང་མཁན་དེ་ཆོས་ལུགས་ཀྱི་བཅས་ཁྲིམས་ལ་ཐེ་ཚོམ་ཡེ་ནས་སྐྱེས་མི་ཐུབ་མཁན་ཞིག་བྱུང་སྐབས་སུ་འབྱུང་། མདོར་ན་རྒྱལ་ཁྲིམས་དེ་ཡ་རབས་ཀྱི་ལུགས་བཞིན་སྐྱོང་བ་ཡིན།
འོ་ན་དེ་ལ་སྐྱོན་ཞིག་གང་དུ་ཡོད་དམ། ཞེ་ན, སྐྱོན་རང་ངོས་ནས་བྱུང་བ་མིན་རུང་གཞན་ངོས་ནས་འབྱུང་བའི་ཆ་རྐྱེན་བསྐྲུན་པ་ཡིན་པས་སྐྱོན་བྱུང་བ་ནི་བྱུང་བ་རང་ཡིན། དེང་སྐབས་རྒྱལ་ཁབ་ཀྱི་ཆབ་སྲིད་དང, ལྷག་པར་དུ་ཕྱི་སྲིད་ཡ་རབས་ཀྱིས་སྐྱོང་མཁན་རྒྱལ་ཁབ་སུ་ཡོད་དམ། སུ་ཡང་མེད་པའི་གནད་དོན་འདི་ཤེས་དགོས་ལ, མངོན་གསལ་གྱིས་མ་རབས་ཀྱིས་སྐྱོང་མཁན་ཡང་མེད། བོད་ནང་གི་ཞོགས་དུང་སོགས་གཞོན་སྐྱེས་འགའ་ཞིག་གིས་བོད་ཀྱི་རྒུད་པ་མཐའ་དག་གི་རྩ་བ་ཆོས་ལུགས་འདི་ཡིན་པར་གསུང་བ་ཡང་བསམ་ཕུག་འདི་ལ་ཐུག་པ་ཡིན་པར་བདག་འདོད། ནམ་ཞིག་རྒྱལ་ཁབ་ཀྱི་ཆབ་སྲིད་དེ་ཆོས་ལུགས་ཀྱི་ཁྲིམས་བཞིན་བསྐྱངས་ན་དེ་དུས་རྒྱལ་ཁབ་ཀྱི་ཁྲིམས་དེ་ཡ་རབས་ཀྱིས་སྐྱོང་བ་ཡིན། རང་ཉིད་ཡ་རབས་ཀྱི་ལུགས་ལ་ལྷག་བསམ་རྣམ་དག་གིས་ཞུགས་པའི་མི་ཞིག་གིས་གཞན་གྱིས་མ་རབས་བྱས་པ་ཚོར་མི་ཐུབ། བོད་ལ་བྱུང་བ་ཡང་འདི་ཁོ་ན་ཡིན།
“ཁེ་དང་རྒྱལ་ཁ་མི་ལ་ཕུལ། །གྱོང་དང་ཕམ་ཁ་རང་གི་ཁུར། །” ཞེས་ཟེར་བ་བཞིན་གནས་སྐབས་ཀྱི་ཕམ་ཁ་ཅུང་ཟད་ཅིག་རང་ཐོག་ཏུ་ལེན་རྒྱུ་ནི་ཡ་རབས་ཀྱི་རྩ་ཚིག་རེད། མདོར་ན་ཡ་རབས་ཀྱི་དོན་ནི་རང་ཉིད་ལ་འཕྲལ་གྱི་གྱོང་ལེན་རྒྱུ་དེ་ཡིན། གལ་སྲིད་སུ་ཞིག་ལ་རང་ཉིད་ཀྱི་ཆེད་དུ་མིན་པར་གཞན་ཁོ་ནའི་ཆེད་དུ་གནས་སྐབས་ཀྱི་གྱོང་ཕྲན་ཚེགས་ཀྱང་དང་དུ་ལེན་པའི་བློ་སྟོབས་མེད་ན་དེ་ལ་ཡ་རབས་ཀྱི་མི་ཞིག་ཏུ་འགྱུར་ཐབས་མེད།
ང་ཚོས་’’མི་ཡ་རབས་བྱེད་དགོས། ཡ་རབས་བྱེད་དགོས།’’ ཟེར་བའི་བསླབ་བྱ་འདི་ཐོལ་གྱིས་ཉན་ན་སྙན་སྙན་འདྲ་བ་ཞིག་ཡོད་ཀྱང་ ཞིབ་ཏུ་བསམ་བློ་བཏང་སྐབས་དེའི་དོན་ནི་གསལ་བོར་བཤད་ན་’’གྱོང་རང་ལ་ལེན་དགོས། གྱོང་རང་ལ་ལེན་དགོས།’’ ཞེས་པ་དེ་ཡིིན། སྤྱིར་ན་འཕྲལ་གྱི་གྱོང་རང་ལ་བླངས་བ་ན་ཕུགས་ལ་ཁེ་རང་ལ་ཡོང་བའི་གྲུབ་སྲོལ་ཞིག་ཡོད་ཅིང, གལ་སྲིད་དེ་མ་བྱུང་རུང་སྔོན་ནས་བློས་གཏོང་བྱས་ཡོད་པས་འགྱོད་པ་མེད། འཕྲལ་གྱི་གྱོང་རང་ལ་བླངས་སྟབས་འཕྲལ་གྱི་དཀའ་ངལ་བྱུང་བ་དེ་ཡང་སྔོན་ནས་རང་གིས་དངས་བས་བླངས་པ་ཡིན་སྟབས་དཀའ་ངལ་དེ་ལྡབ་ཀྱིས་ཆུང་བ་ཡིན། ཡ་རབས་མ་བྱས་པའི་སྐབས་སུ་འཕྲལ་གྱི་གྱོང་ལེན་པའི་འདོད་པ་དེ་མེད་སྟབས་དེ་ལ་སེམས་ན་གྲ་སྒྲིག་ཅིང་དེའི་དབང་གིས་འཕྲལ་གྱི་དཀའ་ངལ་བྱུང་བ་དེ་ཡང་ལྡབ་ཀྱི་ཆེ་བ་ཡིན། དེར་མ་ཟད་གལ་སྲིད་ཕུགས་ལ་འབྱུང་རྒྱུའི་ཁེ་རང་ལ་མ་བྱུང་ན་འགྱོད་པ་ལྡབ་ཀྱིས་ཆེ་བ་ཡིན། དེས་ན་འཕྲལ་གྱི་གྱོང་བླངས་པ་དེ་དོན་མེད་ཀྱི་གྱོང་བླངས་པ་ཙམ་དུ་གྱུར་བ་མ་ཡིན་ནམ།
དེའི་ཕྱིར་ཡ་རབས་དང་ཆོས་ཀྱི་བྱ་བ་ནི་གང་ཟག་སྒེར་གྱིས་བྱེད་འོས་པ་ཞིག་ཡིན་ལ་གང་ཟག་སྒེར་གྱིས་བྱེད་དགོས་པ་ཞིག་ཀྱང་ཡིན། འོན་ཀྱང་རྒྱལ་ཁབ་སྲིད་ཇུས་ལ་འཇོག་འོས་པ་ཞིག་ཡེ་ནས་མིན། རྒྱུ་མཚན་ནི་ཆོས་དང་ཡ་རབས་ནི་སྒེར་གྱི་བྱ་བ་ཡིན་པའི་དབང་གིས་ཡིན། གཞུང་གི་འོག་ཏུ་རིགས་དང་མོས་པ་ཁམས་སོགས་མི་འདྲ་བའི་གང་ཟག་སྣ་ཚོགས་ཡོད་ཅིང་འགའ་རེས་གོང་དུ་བཤད་པ་ལྟར་གྱི་འཕྲལ་གྱོང་དེ་ལེན་འདོད་ཡོད་སྲིད་མོད་ གཞན་མང་པོ་ཞིག་གིས་དེ་ལྟར་མི་འདོད། དེའི་སྟབས་ཀྱིས་འབངས་རྣམས་ཡིད་མ་རངས་བའི་གནས་ཚུལ་འབྱུང་། ཆབ་འབངས་ཡིད་མ་རངས་བ་ནི་རྒྱལ་ཁབ་ལྷིང་འཇགས་མེད་པའི་རྒྱུ་གཙོ་བོ་ཡིན། འོན་ཀྱང་གཞུང་གིས་ཡ་རབས་བྱེད་མི་ཉན་ཞེས་པ་དེ་འདི་ལྟར་ཤོག་ཐོག་ཏུ་འབེབས་རྒྱུ་ཞིག་ག་ལ་ཡིན་ཏེ་མིན་པར་དེ་ནི་གཞུང་འཛིན་པ་པོ་དག་གི་སེམས་ལ་ཉར་རྒྱུ་ཞིག་ཡིན།
ལར་ནས་ཡ་རབས་མ་བྱས་ན་མ་རབས་བྱེད་དགོས་པ་འང་མིན། ཡ་རབས་དང་མ་རབས་ཀྱི་བར་དུ་གནམ་ས་ལྟ་བའི་སྟོང་ཆ་ཡོད། གཞན་གྱི་བདེ་སྡུག་ལ་ཅི་མི་སྙམ་རང་གི་ཁེ་ཕན་ཁོ་ནར་བསམ་པ་ནི་མ་རབས་ཡིན་ཞིང, གཞན་ལ་གནོད་པ་ལ་འཛེམས་བཞིན་པའི་སྒོ་ནས་རང་དོན་ལ་གཙོ་བོ་དམིགས་པ་སོགས་ནི་ཡ་རབས་མ་རབས་གཉིས་ཀ་མི་ཚུད། འདི་འདྲ་བའི་ལུང་བསྟན་གྱི་ལས་གཞུང་གིས་བྱེད་ཆོག་པའི་རིགས་ཧ་ཅང་མང།
སྔར་བོད་ཀྱི་དབུ་ཁྲིད་རྣམས་ནི་ཆོས་པ་ཚད་ལྡན་ཤ་སྟག་ཡིན་པས་བོད་ཀྱི་ཆབ་སྲིད་དེ་ཆོས་སྲིད་ཟུང་འབྲེལ་ཡང་དག་པར་བསྐྱངས་ཡོད། དེའི་སྟབས་ཀྱིས་བོད་ཀྱི་དབུ་ཁྲིད་དག་གིས་གཙོས་བྱས་པའི་དུས་རབས་དེའི་མི་ཕལ་ཆེ་བ་ཡ་རབས་ཤ་སྟག་ཏུ་གྱུར་བ་ཡིན། དེའི་རྐྱེན་གྱིས་དེའི་སྐབས་ཀྱི་བོད་ཀྱི་དབུ་ཁྲིད་དག་གིས་གཙོས་བྱས་པའི་དུས་རབས་དེའི་མི་ཕལ་ཆེ་བས་ཡུལ་ཕྱོགས་གཞན་ན་མི་རྣམས་ཀྱིས་བོད་ལ་མ་རབས་ཀྱིས་བྱ་བ་སྣ་ཚོགས་སྤེལ་བཞིན་པ་དུས་ཐོག་ཏུ་ཤེས་ཚོར་མ་བྱུང་བ་རེད། རང་གིས་ཀྱང་གཞན་དག་དང་མཐུན་པར་ཡ་རབས་མ་ཡིན་པའི་སྤྱོད་པ་འོས་འཚམས་ཀྱིས་ལག་ལེན་དུ་སྟར་དགོས་པ་དེ་མ་ཤེས་པ་རེད། འདི་ལ་མི་ཚོས་’’སྔར་ང་ཚོར་དེང་དུས་ཤེས་ཡོན་མེད་པའི་དབང་གིས་ལན་པ་ཡིན’’་ཞེས་འགྲེལ་བཤད་རྒྱག་གི་ཡོད་མོད, འོན་ཀྱང་ཡིན་རྒྱུ་ནི་དེ་མིན་པར་རང་ཉིད་ཡ་རབས་ལ་ཞུགས་དྲག་པའི་དབང་གིས་ཡིན། སྐུ་ཞབས་ཞོགས་དུང་སོགས་ཀྱི་འདོད་ཚུལ་ཡང་དགོངས་པ་འདི་འདྲ་ཞིག་ཡིན་པ་ལས་ནང་ཆོས་ཀྱིས་སྲིད་ལ་ཉམས་རྒུད་གཏོང་ཚུལ་གཞན་གང་ཡང་མེད།
གཞུང་གི་སྒྲུབ་དགོས་པའི་བྱ་བ།
འོ་ན་གཞུང་ཞིག་ལ་མཚོན་ན་གཞུང་གི་སྒྲུབ་དགོས་པ་ནི་སྤྱི་དོན་ཁོ་ན་ལས་སྒེར་དོན་ཡེ་ནས་སྒྲུབ་མི་ཆོག འདི་ཙམ་ནི་ཀུན་གྱི་ངག་ལ་རླུང་ལྟར་ཡོད་ཀྱང་ཆོས་སྲིད་ཟུང་འབྲེལ་འོས་དང་མི་འོས་ཀྱི་རྩོད་པའི་འུར་ཟིང་འདིའི་ནང་དུ་རྩོད་གཞི་འདི་ལ་ཕན་པར་གྱུར་བའི་ནང་དོན་གཙང་མ་ཞིག་ད་དུང་ཡང་མང་པོ་ཞིག་གིས་མཐིལ་ཕྱིན་པ་ཞིག་རྟོག་ཡོད་པར་མི་སྣང་། དམའ་མཐར་ཡང་རང་ཉིད་ཀྱི་ལངས་ཕྱོགས་འདི་བརྟན་པའི་ཆེད་དུ་འདི་དག་ལ་གཙང་གསལ་གྱི་འགྲེལ་བཤད་རེ་བྱེད་པ་དུས་སུ་བབས།
འོ་ན་སྤྱི་དོན་ཞེས་པའི་གོ་དོན་གང་ཡིན་ནམ། སྒེར་དོན་ཞེས་པ་དེའི་གོ་དོན་གང་ཡིན་ནམ། རང་དོན་དང་གཞན་དོན་གཉིས་གང་ལ་གོ། འདི་དག་ཀྱང་སྐབས་འདིར་འདྲི་འོས་པ་ཞིག་རེད། སྤྱི་དོན་ཞེས་པ་ཐུན་མོངས་ལ་ཁྱབ་ཐུབ་པའི་ལས་དོན་ཞིག་ལ་གོ་ཆོག་ཅིང, སྒེར་དོན་ཞེས་པ་ནི་དེ་ལས་ལྡོག་ཕྱོགས་ཤིག་ལ་གོ་དགོས། དེ་ཡང་བྱེད་པ་པོའི་གང་ཟག་གཅིག་གི་སྒེར་གྱི་དོན་ཙམ་ལ་གོ་རྒྱུ་མིན་པར་ད་དུང་སྤྱི་སྙོམས་སུ་ཁྱབ་མི་ཐུབ་པའི་ལས་དོན་་དག་ལ་ཡང་སྒེར་དོན་དུ་གོ་དགོས། འདིའི་དཔེར་མཚོན་ཡག་ཤོས་ནི་ཆོས་སྒྲུབ་པ་དེ་ཡིན།
སྤྱི་དོན་ཞེས་པ་ནི་སྤྱིར་རིགས་ཡོངས་རྫོགས་ཁྱབ་པའི་དོན་ཞིག་ཏུ་གོ་དགོས་ན་ཡང, དེ་མི་རིགས་བྱེ་བྲག་པའམ་ཡང་ན་ལུང་ཚན་བྱེ་བྲག་པ་ཞིག་གི་འབངས་མི་ཀུན་ལ་སྤྱི་སྙོམས་སུ་ཁྱབ་ཐུབ་པའི་ལས་ཀ (ཀུན་ལ་ཁྱབ་མ་ཐུབ་རུང་)་ཞིག་ལ་ཡང་སྤྱི་དོན་དུ་འཇོག་ཆོག།མདོར་བསྡུས་ནས་བཤད་ནམིའི་སྡེ་ཚོགས་ཤིག་ལ་ཆ་སྙོམས་སུ་གཅིག་མཚུངས་ཀྱིས་ཐོབ་རྒྱུ་ཡོད་པའི་ལས་དོན་ཞིག་ལ་གོ་དགོས་པ་ཡིན། དཔེར་ན་མི་བཞི་ལ་སྒོར་༢༠་བགོས་ན་མི་རེར་ཆ་སྙོམས་སུ་གཅིག་མཚུངས་ཀྱིས་སྒོར་༥་རེ་ཐོབ་པ་ལྟ་བུ་ལ་སྤྱི་དོན་ཟེར།
དེ་བཞིན་སྒེར་དོན་ཞེས་པ་ནི་སྤྱིར་གང་ཟག་བྱེ་བྲག་གཅིག་དོན་དུ་གོ་ན་ཡང, དེ་འཛམ་གླིང་སྤྱི་ཡོངས་ཀྱི་གང་ཟག་བྱེ་བྲག་པ་རེ་རེའི་དོན་ལ་གོ་ཆོག་པས་སྒེར་དོན་ཟེར་བ་འདི་ཀུན་ལ་ཁྱབ་པའི་ལས་ཀ་ཞིག་(དེར་མ་འདུས་པ་མེད)་ལ་ཡང་གོ་ཆོག།དེ་ཡང་མདོར་བསྡུས་ནས་བཤད་ན་མིའི་སྡེ་ཚོགས་ཤིག་ལ་ཆོས་བཤད་པ་ན་སྐྱེ་བོ་སོ་སོ་ལ་སོ་སོའི་ཁམས་དང་མོས་པ་ལ་འཚམས་པའི་ཆོས་རེ་ཐོབ་རྒྱུ་ལས་གོང་གི་སྒོར་མོ་བགོས་པ་ལྟར་ཡོང་མི་ཐུབ་ལ་དེ་ལྟར་དམིགས་ཀྱང་མེད། དེ་འདྲ་བའི་ལས་དོན་ལ་སྒེར་དོན་ཞེས་གོ་དགོས་པ་ཡིན། དེའི་ཕྱིར་སྤྱི་དོན་དང་སྒེར་དོན་གྱི་ཁྱད་པར་ནི་ཁེབས་རྒྱ་ཆེ་ཆུང་གིས་མིན་པར་དམིགས་སྟངས་ཟབ་ཞན་གྱིས་འཇོག།
སྤྱི་དོན་དང་རང་དོན་མི་འགལ་ཞིང, སྒེར་དོན་གཞན་དོན་མི་འགལ། འདི་དག་ལ་མི་བཞི་རེ་འཇོགས་རྒྱུ་ཡོད། དང་པོ་སྤྱི་དོན་དང་རང་དོན་གཉིས་ཀ་ཡིན་པ་ནི་སྲིད་གཞུང་གིས་སྒྲུབ་འོས་པའི་ལས་དོན་དག་སྟེ, དཔེར་ན་གཞུང་ལམ་བཟོ་བ སྨན་ཁང་དང་སློབ་གྲྭ་སོགས་འཛུགས་སྐྲུན་སོགས་མི་རིགས་དེའི་བདེ་དོན་གྱི་ལས་ཀ་དག་ཡིན། རང་དོན་ཡིན་ལ་སྤྱི་དོན་མིན་པ་ནི་ཕྱག་སྐོར་དང་མཆོད་འབུལ་སོགས་སྐྱེ་བོ་ཕལ་བས་ཚོགས་གསོག་སྒྲིབ་སྦྱོང་གི་ཆོས་བྱེད་པ། སྤྱི་དོན་ཡིན་ལ་རང་དོན་མ་ཡིན་པ་ནི་ཆོས་པ་ཚད་ལྡན་ཏེ, ཐེག་ཆེན་བྱང་ཆུབ་སེམས་དཔས་བྱེད་པའི་མི་མང་གི་བདེ་དོན་ལ་དམིགས་པའི་བྱ་བ་དག་ཡིན། གཉིས་ཀ་མ་ཡིན་པ་ནི་ཕྲུ་གུའི་རྩེད་མོ་ལྟ་བུ་བཅས་ཡིན།
གཉིས་པ་སྒེར་དོན་དང་གཞན་དོན་གཉིས་ཀ་ཡིན་པ་ནི་ཆོས་པ་ཚད་ཏེ, ཐེག་ཆེན་བྱང་ཆུབ་སེམས་དཔས་ཚོགས་གསོག་སྒྲིབ་སྦྱོང་གི་ཆོས་བྱེད་པ། སྒེར་དོན་ཡིན་ལ་གཞན་དོན་མ་ཡིན་པ་ནི་ཐེག་དམན་པས་བྱེད་པའི་ཚོགས་གསོག་སྒྲིབ་སྦྱོང་གི་བྱ་བ་དག གཞན་དོན་ཡིན་ལ་སྒེར་དོན་མ་ཡིན་ནི་ ཐེག་ཆེན་བྱང་ཆུབ་སེམས་དཔས་མི་མང་གི་བདེ་དོན་ལ་དམིགས་པའི་བྱ་བ་དག གཉིས་ཀ་མ་ཡིན་པ་ནི་སྨྱོན་པའི་བྱ་སྤྱོད་ལྟ་བུ་ཡིན།
དཔེར་ན་ཆོག་ཤེས་བྱས་པ་ལས་བདེ་བ་འབྱུང་གི་ཡོད་པ་ཕལ་ཆེར་ཀུན་ལ་གཅིག་མཐུན་ཡིན་མོད, སུ་ཞིག་གིས་དེའི་ཆེད་དུ་བྱ་བ་སྒྲུབ་ན་དེ་ནི་སྤྱི་དོན་མིན་པར་སྒེར་དོན་དུ་འགྲོ། རྒྱུ་མཚན་ནི་ཁྱོད་ཀྱི་ཆོག་ཤེས་དེས་ང་ལ་བེད་སྤྱོད་མེད་པས་སོ། ཡང་ན་བསྟན་འཛིན་གྱི་ཆོག་ཤེས་དེས་བསྟན་འཛིན་ཁོ་ན་ལ་ཕན་ཐོགས་པ་ལས་བཀྲ་ཤིས་ལ་ཕན་མི་ཐོགས་སོ། དེའི་ཕྱིར་འདི་ཡང་གཞུང་གིས་བྱེད་མི་འོས་པའི་ལས་དོན་ཞིག་རེད། རྒྱུ་མཚན་ནི་སྒེར་དོན་པས་སོ།
སྤྱི་དོན་སྤྱིས་བྱེད་དགོས་ཤིང, སྒེར་དོན་སྒེར་གྱིས་བྱེད་དགོས། འདི་གཉིས་ནམ་ཡང་བསྲེ་མི་ཉན། ཡང་ན་སྤྱི་དོན་གཞུང་གིས་བྱེད་དགོས་ཤིང, སྒེར་དོན་སྒེར་གྱིས་བྱེད་དགོས། གཞུང་གིས་ཆོས་སྒྲུབ་ན་གཞུང་གིས་སྒེར་དོན་བསྒྲུབས་པར་སོང་བ་ཡིན་ཞིང, དེ་ནི་མི་འོས་པ་དེ་ཡིན། རྒྱུ་མཚན་ནི་གཞུང་གིས་ཆོས་སྒྲུབ་ན་དེ་ཙམ་གྱིས་གཞུང་དེ་མ་དྲང་བའི་བྱ་ལ་ཞུགས་ཟིན་པ་རེད། ཡང་ན་སྲིད་གཞུང་གིས་བྱེད་འོས་པ་དང་བྱེད་དགོས་པ་ནི་སྤྱི་དོན་དང་རང་དོན་རེད། སྒེར་གྱིས་བྱེད་འོས་པ་དང་བྱེད་ཆོག་པ་ནི་སྒེར་དོན་དང་གཞན་དོན་རེད། མཐའ་ན་སྤྱི་དོན་སྒེར་གྱིས་བྱས་པར་ཡང་སྐྱོན་ཞིག་ཡོད། འདི་ནི་དབང་ཆ་གཅིག་སྡུད་ལམ་ལུགས་ལ་བསམ་པ་ཡིན།
ཆོས་པས་བྱེད་པ་ནི་སྒེར་དོན་དང་གཞན་དོན་ཡིན་ཞིང, སྲིད་གཞུང་གིས་བྱེད་དགོས་པ་ནི་སྤྱི་དོན་དང་རང་དོན་ཡིན། སྲིད་གཞུང་གི་ལས་ཀ་དེ་མི་རིགས་སམ་རྒྱལ་ཁབ་གཞན་ལ་ཕན་པའི་བསམ་བློ་མེད་སྟབས་རང་དོན་དུ་འབོད་ཆོག་ལ, རང་རིགས་ཡོངས་ལ་སྤྱི་སྙོམས་སུ་དམིགས་པའི་ལས་དོན་ཡིན་པས་སྤྱི་དོན་ཡང་ཡིན། ཆོས་ནི་སྤྱི་མཐུན་གྱིས་བྱེད་རྒྱུ་ཞིག་མིན་པས་སྒེར་དོན་དུ་འབོད་ཆོག་ལ, དེར་རིགས་སུ་མ་ཆད་པའི་གཞན་ལ་ཕན་པའི་བྱ་བ་ཡོད་པས་གཞན་དོན་ཡང་ཡིན།
རང་རེ་བོད་ཀྱི་གཞུང་ཞེས་པའི་ཚིག་འདིའི་གོ་དོན་ནང་དུ་སྤྱི་ཡི་གོ་བ་ཞིག་ཀྱང་ཡོད། གཞུང་ཞེས་པའི་ཚིག་འདི་རྒྱས་པར་བཀྲམས་ན་སྲིད་གཞུང་ཞེས་པ་འགྱུར་བ་ཡིན། འདི་ལས་ཀྱང་གཞུང་གིས་སྤྱི་དོན་ཁོ་ན་སྒྲུབ་དགོས་པ་རྟོགས་པ་ཐུབ་པ་ཞིག་རེད།
རྒྱལ་ཁབ་ཀྱི་ཁྲིམས་དེ་ཆོས་ཁྲིམས་ཀྱིས་བསྐྱངས་ན་ཆོས་ཁྲིམས་དང་འགལ་བ་དང་ཆོས་ཁྲིམས་ནང་དུ་མེད་པའི་རིགས་ལ་ཁྲིམས་སྐྱོང་བ་པོ་རང་གི་ལྟ་བ་བསྲེས་ནས་སྐྱོང་བ་ཡིན། དེ་ནི་རྙོག་ཟིང་ཐམས་ཅད་ཀྱི་འབྱུང་རྩ་རུ་འགྱུར་། ལག་ལེན་དེ་ལས་ཁྲིམས་སྐྱོང་བ་པོའི་སྒྱིད་ལུག་རང་བཞིན་ཀྱང་མངོན་པ་ཡིན། གང་ལགས་ཤེ་ན་སྔར་སྔ་མོ་ཞིག་ལ་སྐྱེ་བོ་(དེ་དུས་སྐྱེ་བོ་དེ་མཆོག་ཏུ་གྱུར་བ་ཞིག་ཡིན་ཀྱང་ཆོག)་གཞན་ཞིག་གིས་གཏན་ལ་ཕབས་པའི་ལམ་ཞིག་ཁོ་ན་དེད་ནས་འགྲོ་བར་བདམས་པས་སོ། དེའི་ནང་དུ་སྤྱི་ཚོགས་ཀྱི་དགོས་མཁོ་དང་དངོས་ཡོད་གནས་ཚུལ་ལ་རན་པའི་ལམ་སྲོལ་གསར་བའི་རིགས་དཔེར་ན་གཞང་བཙོང་བ་ཁྲིམས་མཐུན་དུ་སྒྱུར་བ་སོགས་ཡོང་ཐབས་མེད།
རྒྱལ་ཁབ་ཀྱི་ཁྲིམས་དེ་འཇིག་རྟེན་ལུགས་སམ་སྲིད་ལུགས་ཀྱིས་བསྐྱངས་བ་ན་འཇིག་རྟེན་པ་རང་ཅག་ཇི་ལྟར་དགོས་པ་ཐག་གཅོད་བཞིན་གཅོད་བཞིན་སྐྱོང་བ་ཡིན། ལག་ལེན་དེ་ལས་ཁྲིམས་སྐྱོང་པོ་དག་གི་ཧུར་བརྩོན་གྱི་རང་བཞིན་ཀྱང་མངོན་པ་ཡིན། གང་ལགས་ཤེ་ན་རང་གི་འགྲོ་ལམ་རང་གིས་གསར་གཏོད་བྱེད་བཞིན་འགྲོ་བས་སོ། དེའི་ནང་དུ་སྐྱེ་བོའི་འཚོ་གནས་ལ་ཕན་པའི་བྱ་གང་ཡིན་ཡང་དབྱེ་འབྱེད་མེད་པར་བརྩི་འཇོག་གཅིག་མཚུངས་བྱེད་པ་ཞིག་ཡོང་ཐུབ།
དེ་ལྟར་ཡིན་དུ་ཆུགས་ན་ཡང་བོད་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་བོད་མི་རིགས་ཀྱི་སྒེར་དོན་བྱས་ན་དེ་ལ་སྐྱོན་ཅི་ཡོད། དེ་ཡང་བོད་མི་རིགས་ཀྱི་ཞབས་འདེགས་ཤིག་མིན་ནམ། ཞེས་འདྲི་སྲིད། གནད་དོན་ནི་དེ་རང་ཡིན། ལར་ནས་སྲིད་གཞུང་གིས་ཆོས་སམ་སྒེར་དོན་བྱས་པ་དེ་ཀུན་ལ་སྙོམས་པ་ཞིག་ཡོང་མི་ཐུབ་ལ་ དེ་ལས་ཀྱང་གནད་འགགས་ལྟེ་བ་ནི་སྲིད་གཞུང་རང་ལ་འཁྲི་བའི་ལས་དོན་མ་སྒྲུབ་པ་དེ་རེད། ལས་ཀྱི་ལས་དོན་འགའ་རེ་ཆབ་སྲིད་ཀྱི་ལས་དོན་ལ་ཕན་པ་ཡོངས་སྲིད་ན་ནང་མང་དག་ཅིག་ཆབ་སྲིད་ཀྱི་ལས་དོན་ལ་ཐད་ཀར་འགལ་འདུར་འགྱུར་གྱི་ཡོད། དེ་ཙམ་མ་ཡིན་པར་གནད་དོན་ལྟེ་བ་ནི་སྲིད་གཞུང་གི་ལས་བྱེད་པས་ཉིན་མ་གཅིག་ལ་གཞུང་ལས་ཀྱི་དུས་ཚོད་དེ་ཆོས་བྱེད་པར་བཏང་ན་ཉིན་དེའི་ལས་དོན་འཐུས་ཤོར་དུ་བཏང་བ་རེད། ཉིན་དེའི་འགྲོ་གྲོན་ཆུད་ཟོས་སུ་བཏང་བ་རེད། ཉིན་གཅིག་གི་གོམ་པ་ཕྱིར་བཤིག་བྱས་པ་རེད།
དཔེར་ན་འགྲུལ་འཁོར་གྱི་ཁ་ལོ་བའི་ལས་ཀ་ནི་འགྲུལ་འཁོར་མདུན་དུ་གཏོང་རྒྱུ་དེ་ཡིན་ཞིང, གལ་སྲིད་ཁོས་འགྲུལ་བའི་ལག་ནས་དངུལ་བསྡུ་བའམ་འགྲུལ་བར་ཞབས་ཞུའི་ལས་ཀ་དེ་བྱས་ན་འགྲུལ་འཁོར་མདུན་དུ་འགྲོ་མི་ཐུབ། ཁོས་འགྲུལ་འཁོར་གཏོང་བཞིན་གཏོང་བཞིན་ཞབས་ཞུའི་ལས་ཀ་དེ་བྱས་ན་འགྲུལ་འཁོར་རྡབ་པའི་ཉེན་ཁ་ཆེ། ཡང་ན་འགྲུལ་འཁོར་དེ་གཞན་ཆུ་ཚོད་གཅིག་གིས་སླེབས་སར་ཁོ་ཟླ་བ་གཅིག་འགོར་སྲིད། དེ་བས་ཞབས་ཞུ་བས་རང་གི་ལས་དོན་བྱེད་དགོས་ལ་ཁ་ལོ་བས་རང་གི་ལས་དོན་བྱེད་དགོས། དེ་ལྟར་བྱུང་ན་གཞི་ནས་རང་རེ་སོ་སོའི་དམིགས་ཡུལ་ལ་བདེ་བར་སླེབས་ཐུབ། ཁ་ལོ་བའི་ལས་ཀ་ནི་འདིར་བཤད་པའི་སྤྱིའི་ལས་དོན་ཟེར་བ་དེ་དང་འདྲ་ཞིང, ཞབས་ཞུ་བ་ནི་འདིར་བཤད་པའི་སྒེར་གྱི་ལས་དོན་ཟེར་བ་དེ་དང་འདྲ།
ལར་ནས་རྒྱལ་ཁབ་ཀྱི་ཁྲིམས་དེ་ཆོས་ཁྲིམས་རྣལ་མ་བཞིན་སྐྱོང་བ་ཞིག་ཡོང་ཡང་མི་སྲིད། དེས་ན་དེ་ལྟར་རེ་བ་དང་འབད་པ་བྱེད་པ་ནི་ངལ་བ་འབྲས་མེད་ཅིག་ཡིན། སྲིད་གཞུང་ཞིག་གིས་བྱ་བ་ནི་དགྲ་འདུལ་གཉེན་སྐྱོང་བྱེད་རྒྱུ་དེ་ཡིན་ལ་ཆོས་ཀྱི་ནང་དུ་དགྲ་གཉེན་གྱི་རྣམ་བཞག་ཀྱང་མེད། ཕྱི་དགྲ་འདུལ་ཞིང་ནང་ཁྲིམས་བཅད་པ་དེ་ཆོས་དང་མི་མཐུན་པ་ཕར་ཞོགས, མཐའ་ན་སྙན་ཚིག་ཅིག་སྐྱོར་བ་ཙམ་ཡང་ཆོས་དང་མི་མཐུན། རྒྱུ་མཚན་ནི་སྙན་ཚིག་གྱེར་བ་དེ་ཆགས་སྡང་གི་ས་བོན་སྐྲུན་ཆེད་དུ་ཡིིན་ཞིང, ཆགས་སྡང་ནི་ཆོས་ཀྱི་དགྲ་ངོ་མ་དེ་ཡིན། ཉོན་མོངས་ལ་ཡ་བྱེད་རྒྱུ་མེད་པ་དེ་ཆོས་ཀྱི་བསླབ་བྱ་གཙོ་བོ་ཞིག་ཡིན་ན་ཡང་སྲིད་སྐྱོང་བའི་ནང་དུ་ཉོན་མོངས་ཀྱི་གྲོགས་ལ་བརྟེན་ནས་སྐྱོང་དགོས།
དེ་ལྟར་ཆོས་སྲིད་ཟུང་འབྲེལ་གྱི་སྲིད་གཞུང་དེ་ནམ་ཡང་ཡང་དག་པ་ཞིག་མིན། རྒྱུ་མཚན་ནི་སྲིད་གཞུང་གིས་སྒེར་དོན་ནམ་ཡང་བྱེད་མི་ཆོག་པས་སོ།
རང་རེའི་ཡུལ་འདིར་བརྒྱ་ཆའི་དགུ་བཅུ་གོ་དགུ་ལྷག་ཆོས་དད་ཅན་གྱི་མི་ཡིས་གྲུབ་ཡོད་སྲིད་ཀྱང་རང་རེའི་སྲིད་གཞུང་གི་ལས་ཀ་ནི་ཆོས་བྱེད་དགོས་པ་ཡེ་ནས་མིན། ཅི་སྟེ་འབངས་མིའི་བརྒྱ་ཆ་བརྒྱ་ཆོས་ཁོ་ན་མ་གཏོགས་མི་དགོས་པའི་ཡུལ་གྲུ་ཞིག་ཡོད་ན་དེར་ཡང་གཞུང་གི་སྒྲུབ་དགོས་པ་ནི་ཆོས་མིན། ཅི་སྟེ་ཡུལ་དེའི་གཞུང་གང་དེས་ཆོས་བྱས་ནས་བསྡད་ན་དེ་ནི་རོགས་རེས་ཚོགས་པ་ལྟ་བུ་ཞིག་ཡིན་པ་ལས་སྲིད་གཞུང་ཞིག་མིན། ཅི་སྟེ་ཡུལ་དེའི་འབངས་མི་དག་ལ་གཞུང་གི་ལས་དོན་དེ་ཙམ་གྱིས་འགྲིག་གི་ཡོད་ན་དོན་དུ་ཡུལ་དེར་སྲིད་གཞུང་ཞིག་གིས་དགོས་པ་མ་བྱུང་བ་རེད། ཆོས་པ་རྣམ་དག་ཅིག་ལ་གཞུང་དགོས་དོན་ཀྱང་མེད།
གཞུང་ལ་གཞུང་གི་ལས་དོན་ཞིག་ཡོད་ཅིང, དེ་ནི་མི་མང་གི་བདེ་དོན་ལ་འགན་ལེན་བྱེད་རྒྱུ་དེ་རེད། གཞུང་གི་ལས་བྱེད་པས་ཉིན་མ་གཅིག་ལ་ཆོས་བྱས་ན་ཉིན་དེར་གཞུང་གི་ལས་ཀ་མ་བྱས་པ་རེད། དེ་ལྟར་གཞུང་གི་ལས་ཀ་བྱེད་པ་དང་ཆོས་སྒྲུབ་པ་གཉིས་མེ་ཆུ་ལྟར་ཕན་ཚུན་སྤང་འགལ་མིན་ཀྱང, ཀ་བུམ་ལྟར་ལྷན་གཅིག་མི་གནས་འགལ་རེད། གཉིས་ཀ་ཡིན་པ་ནམ་ཡང་མི་སྲིད།
འདིའི་ཐད་དུ་གཞུང་གིས་བྱེད་ཆོག་པ་གང་ཡོད་ཟེར་ན་གང་ཟག་སྒེར་བ་ཆོས་སྒྲུབ་འདོད་ཡོད་མཁན་ཚོ་ལ་ཆོས་སྒྲུབ་པའི་འགལ་རྐྱེན་སེལ་བ་དང་མཐུན་སྒྲུབ་པ་གཉིས་ཀ་བྱེད་ཆོག།
རང་རེའི་གཞུང་གིས་ཆོས་ཕྱོགས་ཀྱིས་ལས་དོན་དེ་ཙམ་མང་པོ་བྱེད་པ་འདི་ལ་ང་དང་ང་ལྟ་བུ་སྤྱི་འབངས་མང་དག་ཅིག་གིས་ ‘སོ་སོས་ཕུལ་བའི་གཞུང་ཁྲལ་དེ་བེད་སྤྱོད་ལོག་པར་གཏོང་གི་འདུག’་ཅེས་བསླང་བཙུགས་ན་རྒྱུ་མཚན་དང་མི་ལྡན་པ་ཞིག་མ་རེད། ‘ངས་ཁྲལ་ཕུལ་བ་དེ་རྒྱལ་ཁབ་འཛུགས་སྐྲུན་གྱི་ཆེད་དུ་ཕུལ་བ་ལས་ཁྱེད་ཀྱིས་ཡིད་ཆས་ཡོད་པའི་(ངས་ཡིད་ཆས་མེད་པའི) བྱ་བ་ཞིག་གི་ཆེད་དུ་ཆུད་ཟོས་སུ་གཏོང་ཆོག་པར་ཕུལ་མེད’་ཅེས་བཤད་ན་འོས་ཤིང་འཚམས་པ་ཞིག་རེད། དམངས་གཙོའི་རྒྱལ་ཁབ་ནང་དུ་རྩོད་པ་འདི་ཡང་ཡང་ཡོང་ཞིང་དེ་ལུགས་མཐུན་ཞིག་ལ་བརྩི་བ་ཡིན། མང་ཚོགས་ཀྱི་ལག་ནས་དངུལ་བསྡུ་ཚར་རྗེས་སུ་དབང་འཛིན་པ་དག་གིས་ད་ང་ལ་དབང་ཆ་ཡོད་ཅེས་འཆར་གཞི་ཇི་ལྟར་བཏིང་ཀྱང་ཁོང་ཚོར་རང་དབང་ཡོད་པ་ཞིག་མིན། གལ་སྲིད་སྤྱི་ལ་ཁྱབ་པའི་ལས་གཞི་ཞིག་ཡིན་ན་འདི་དང་འདི་ལྟ་བུ་ཧ་ཅང་མང་།
ཁྱེད་ཀྱི་ཡིད་ཆས་ཡོད་པའི་དོན་ལ་ཁྱེད་རང་གི་དངུལ་སྤྱད་དེ་སྤྱི་དོན་ལ་དམིགས་ནས་བྱ་སྒྲུབ་ན་འགྲིག་ལ་དེ་ལྟར་བྱེད་འོས་པ་ཡང་ཡིན། དེ་ཁྱེད་ཀྱི་ངོས་ནས་རྒྱལ་ཁབ་ཀྱི་ཆེད་དུ་ལེགས་སྐྱེས་ཕུལ་བ་ཡིན་ན་དེ་ལྟར་བྱེད་ཀྱང་དགོས། འོན་ཀྱང་དེ་ལ་ངའི་དངུལ་སྤྱད་ན་ཇི་ལྟར་འོས་སམ།
གནས་སྟངས་འདི་འདྲ་ཡོང་དགོས་དོན་ནི་གང་ཟག་བྱེ་བྲག་པ་དེ་ཕྱོགས་ལྷུང་ཆེ་བ་དང་སྤྱི་ཁྱབ་ཀྱི་བསམ་བློ་མེད་པ་སོགས་ཀྱི་བྱུང་བ་ཆེར་མིན། དེ་ནི་ཆོས་སྲིད་ཟུང་འབྲེལ་ཞེས་པ་དེའི་ནང་དུ་ཡོང་གི་རེད། ཆོས་སྲིད་ཟུང་འབྲེལ་ཞེས་པ་འདི་རྒྱལ་ཁབ་ཀྱི་ཁྲིམས་དེ་ཡ་རབས་ཀྱི་ལུགས་དང་མཐུན་པར་སྐྱོང་བ་ལ་ཟེར་བ་མིན། རྒྱལ་ཁབ་དང་ཆོས་ལུགས་གཉིས་ཀྱི་བདག་པོ་མི་གཅིག་གིས་བྱས་པ་ལ་ཆོས་སྲིད་ཟུང་འབྲེལ་དུ་གོ་དགོས་པར་མཁས་པ་ཆེན་པོ་ཞིག་གིས་གསུངས་པ་དེ་ཡང་ཕྱོགས་ནས་འགྲིག་པ་ཞིག་མིན། མདོར་བསྡུས་ན་སྲིད་གཞུང་གང་ཞིག་གིས་རྒྱལ་ཁྲིམས་དེ་ཆོས་ཁྲིམས་ལས་བརྒལ་མི་ཕོད་པར་སྐྱོང་བ་དེ་ལ་ཆོས་སྲིད་ཟུང་འབྲེལ་ཞེས་འབོད་ཆོག། འདི་ནི་ནམ་ཞིག་ཆོས་ཀྱི་དབུ་ཁྲིད་དེ་སྲིད་ཀྱི་དབུ་ཁྲིད་དུ་གྱུར་ན་གཞི་ནས་ཡོང་བ་ཡིན། གང་ལགས་ཤེ་ན་མི་གཅིག་གིས་བྱ་བ་འགལ་འདུ་བ་ཞིག་དུས་གཅིག་ཏུ་བྱེད་མི་ཐུབ་པའི་དབང་གིས་རེད།
དེའི་ཕྱིར་ཆོས་སྲིད་ཟུང་འབྲེལ་གྱི་རྒྱལ་ཁབ་ནི་གང་ཟག་བྱེ་བྲག་མང་དག་ཅིག་གི་འབྱོར་བ་ཀུན་རྩ་བ་ཡིན་པ་སྲིད་ན་ཡང, ངོ་མ་རྒྱལ་ཁབ་ཅིག་ལ་མཚོན་ན་རྒུད་པ་ཀུན་གྱི་རྩ་བ་རེད། ཆོས་སྲིད་ཟུང་འབྲེལ་འདི་གང་ཟག་མང་དག་ཅིག་གི་གཏན་གྱི་བདེ་བ་སྒྲུབ་པའི་རྒྱབ་རྟེན་ཞིག་ཡིན་དུ་ཆུགས་མོད, ངོ་མ་རྒྱལ་ཁབ་ཅིག་ལ་མཚོན་ན་གནས་སྐབས་ཀྱི་སྡུག་བསྔལ་མཐའ་དག་འདྲེན་པའི་བྱུར་སྣ་དེ་ཡིན།
གཉིས་པ། ཆོས་ལུགས་རེས་མེད་ཀྱི་ལྟ་བ་ལ་བསམ་གཞིགས།
འགའ་རེས་ཆོས་སྲིད་ཟུང་འབྲེལ་ཟེར་བ་འདིའི་འཚང་རེ་འགའ་ལ་རྫི་ཙམ་སླེབས་སྐབས་དེ་ཕལ་ཆེར་ལེགས་པ་ཞིག་མིན་པ་འདྲ་མོད, ཆོས་ལུགས་རེས་མེད་ཅེས་པ་འདི་གཞོགས་གཉིས་ཤོངས་ཀྱི་ཐབས་ལམ་བཟང་པོ་ཞིག་ཡིན་པར་མཐོང་གི་ཡོད། འདི་ལ་གོ་བ་གཉིས་ཡོད་པ་སྟེཿ གཅིག་ནི་ཆོས་ལུགས་ཀུན་ལ་བཏང་སྙོམས་ཀྱི་འདུ་ཤེས་བཞག་ཅིང་སྲིད་གཞུང་གིས་ཆོས་ལུགས་གང་ལ་ཡང་ཉམས་ལེན་མི་བྱེད་པ་དེ་ཡིན། གལ་འདི་ཡིན་ན་སྐྱོན་ཆ་གང་ཡང་མེད་མོད་ ད་ལྟ་འདི་ཡིན་པའི་ངེས་གཏན་དང་གསལ་ཁ་གང་ཡང་མེད། གཞན་དེ་ནི་སྲིད་གཞུང་གི་ངོས་ནས་ཆོས་ལུགས་ཚང་མ་ལ་གཅིག་མཚུངས་སུ་ཉམས་ལེན་བྱེད་རྒྱུ་དེ་རེད། བདག་གི་བསམ་པར་འདི་ནི་ཆོས་སྲིད་ཟུང་འབྲེལ་ལས་ཀྱང་ཐུ།
ཆོས་སྲིད་ཟུང་འབྲེལ་ཙམ་ཡིིན་ན་ཁ་ཆེའི་ཡུལ་ཁམས་ལྟ་བུ་ཆོས་ལུགས་གཅིག་ལ་འཐམ་ནས་དེ་དང་མ་འགལ་བ་ཞིག་(ཆོས་དང་མ་འགལ་བའི་སྲིད་ཞིག་ཡོང་ཐབས་མེད)བྱུང་ན་དེས་འགྲིག་པ་རེད། འོན་ཀྱང་ཆོས་ལུགས་རེས་མེད་ཀྱི་ལམ་ལུགས་ནང་དུ་ཆོས་ལུགས་ཀུན་ལ་སྤྱི་སྙོམས་ཀྱི་བལྟ་བ་ཞིག་འཛིན་དགོས། མ་གཞི་དེ་ཡོང་ཀྱང་ཧ་ཅང་ཧ་ཅང་དཀའ་། གལ་སྲིད་དེ་འབྱུང་བའི་འབད་བརྩོན་བྱས་ན་ཆོས་ལུགས་རེ་རེའི་དོན་དུ་གཞུང་གི་ལས་དོན་འཐུས་ཤོར་རེ་རེ་གཏོང་དགོས།
གོང་གི་འགྲུལ་འཁོར་གྱི་དཔེ་དེ་སླར་ཡང་འདི་བླངས་ན; འགྲུལ་འཁོར་དེའི་ནང་དུ་ཤ་མི་ཟ་མཁན, འབྲས་མི་ཟ་མཁན, བག་ལེབ་མི་ཟ་མཁན, ཨ་རག་མེད་ན་མི་འགྲིག་མཁན, སོགས་རིགས་མི་གཅིག་པའི་འགྲུལ་བ་སྣ་ཚོགས་ཤིག་ཡོད། གལ་སྲིད་སྲིད་གཞུང་གིས་ཆོས་ལུགས་རེས་མེད་ཀྱི་ལམ་ལུགས་དེ་ལག་ལེན་སྟར་བ་ཡིན་ན་ཁ་ལོ་བས་དེ་དག་ཐམས་ཀྱི་ཞབས་ཞུ་སྒྲུབ་དགོས་པ་དང་འདྲ། དེ་དག་ཐམས་ཀྱི་ཆེད་དུ་འགྲུལ་འཁོར་དེ་བཀག་ནས་སྒུག་བཞིན་སོང་ན་འགྲུལ་འཁོར་དེ་ཇི་ཙམ་གཞན་གྱི་རྗེས་སུ་ལུས་འགྲོ་བ་ཚོད་དཔག་བྱེད་ཐུབ་པ་ཞིག་རེད།
གསུམ་པ། ཆོས་སྲིད་གཉིས་ལྡན་གྱི་ལྟ་བ་ལ་བསམ་གཞིགས།
ཆོས་སྲིད་གཉིས་ལྡན་ཟེར་བ་ནི་གཞན་ལ་ངོམ་འདོད་པའི་དོན་ཞིག་ལ་མཐོང་གི་ཡོད། དེ་ནི་རྒྱལ་ཁབ་གང་ཞིག་ལ་ཆོས་ཀྱང་ཡོད་ལ་སྲིད་ཀྱང་ཡོད་ཅེས་པའི་དོན་དུ་མཐོང་གི་ཡོད། དེ་ལ་ཞིབ་ཏུ་བསམ་བློ་བཏང་ན་རྒྱལ་ཁབ་གང་ཞིག་ལ་སྲིད་ཀྱི་སྟོབས་ཤུགས་ཡོད་ལ་ཡ་རབས་ཀྱི་ཀུན་སྤྱོད་ཀྱང་ཡོད་ཅེས་པར་གོ་རྒྱུ་ཡིན་འདུག། གང་ལགས་ཤེ་ན་སྔར་ཆོས་དང་སྤྱོད་བཟང་གཉིས་ལོགས་སུ་འབྱེད་མ་ཐུབ་པས་སོ། ཆོས་མེད་པའི་སྲིད་གཞུང་ནི་ཀླ་ཀློའི་སྲིད་གཞུང་དང་ངོ་བོ་གཅིག་ཏུ་མཐོང་གི་ཡོད། དེས་ན་ཆོས་སྲིད་གཉིས་ལྡན་ཞེས་པ་ཡང་ཆོས་སྲིད་ཟུང་འབྲེལ་དང་ངོ་བོ་གཅིག་ཏུ་ཐིམ་འགྲོ་བ་ལས་གཞན་མེད།
ད་སྐབས་ནི་ཆོས་མེད་པའི་སྲིད་གཞུང་དེ་བཟང་བ་ཡིན། སྲིད་མེད་པའི་སྲིད་གཞུང་ནི་སྣམ་བུའི་རྣལ་མ་སྐྱ་ལུག་པ་དང་འདྲ་ཞིང་ཆོས་མེད་པའི་སྲིད་གཞུང་ནི་སྣམ་བུ་དཀར་པོ་ཚོན་གྱི་དྲི་མས་མ་གོས་པ་དང་འདྲ་བ་ཡིན། གལ་སྲིད་སྣམ་བུ་དེ་ལ་ཚོན་ཀ་གཅིག་བཀྱེས་ན་ཚོན་སྣ་གཞན་དེར་འདུ་ཐབས་མེད། ཚོན་སྣ་ཐམས་ཅད་འདུས་པའི་གུང་བུ་ནི་དཀར་བོའི་ཚོན་ཡིན་པའི་ཚན་རིག་གི་བཤད་སྲོལ་འདི་དྲན་པར་གྱིས། དེའི་ཕྱིར་སྲིད་གཞུང་ནི་ཆོས་ཀྱི་ཚོན་ཁ་མ་བསྒྱུར་བའི་སྣམ་བུ་དཀར་རྐྱང་ལྟ་བུ་ཞིག་ཡིན་དགོས་སོ། དེ་ལྟར་བྱུང་ན་ད་གཟོད་ཡུལ་ལུང་དེའི་མདུན་ལམ་ལ་རེ་བ་འབྱུང་བ་ཡིན་ནོ།
དེ་ལྟར་ཁོ་བོས་རང་དོན་དང་གཞན་དོན, སྤྱི་དོན་དང་སྒེར་དོན་རྣམས་ཀྱི་ཚིག་འདི་དག་ལ་གོ་བ་ངེས་གསལ་ཞིག་སྦྱར་ནས་སྲིད་གཞུང་ཞིག་གིས་གང་བྱེད་འོས་པ་དང་མི་འོས་པ; སྒེར་བ་ཞིག་གིས་གང་བྱེད་ཆོག་པ་དང་མི་ཆོག་པའི་རྣམ་བཞག་ཕྱེས་བའི་སྒོ་ནས་ཆོས་སྲིད་ཟུང་འབྲེལ་ཞེས་པ་འདིའི་བཟང་ངན་གྱི་རྣམ་བཞག་ལ་རྒྱུན་དུ་རང་སེམས་ལ་འཆར་བའི་འཆར་སྒོ་རྣམས་སྲུང་བོར་བརྗོད་པ་ཙམ་ཡིན། འདིར་མོས་མཐུན་མེད་པ་དག་ལ་ཀླན་ཀ་འཚོལ་ཆེད་དུ་མིན་ན་ཡང་ཁོང་རྣམས་ཀྱིས་དགོངས་འཆར་གང་བྱུང་བ་ལ་བདག་མི་འགྱོད། རྒྱུ་མཚན་ནི་ངས་རྩོམ་པ་པོ་ཞིག་གིས་རང་གི་འོས་འགན་ཞིག་སྒྲུབ་པར་སྙམ་པས་སོ། འདིར་ཐེ་ཚོམ་ཅན་དག་ལ་ཁོ་བོས་རྒྱུ་མཚན་སྣོན་མ་རེ་ཕུལ་ནས་སེམས་ཐག་ཇེ་ཆོད་དུ་འགྲོ་བའི་རེ་བ་བརྒྱབས་ཡོད།
གོང་གི་དེ་དག་ནི་ཁོ་བོའི་སེམས་ཐག་ཆོད་པའི་རྒྱབ་རྟེན་གྱི་གླེག་བམ་དེ་ཡིན་ཞིང, གོང་གི་དེ་དག་ནི་ཁོ་བོའི་ཞིབ་ཆ་འབྱེད་པའི་མདུན་བཤག་གི་རལ་གྲི་དེ་ཡང་ཡིན། ཤེས་རབ་དང་ཞིབ་ཆ་ནི་གཅིག་ལ་གཅིག་བརྒྱུས་ཡིན་ཞིང་ དེ་ནི་ཡར་རྒྱས་ཀྱི་ངོ་བོ་དེ་ཡིིན། གང་དུ་ཞིབ་ཆ་མེད་པ་དེ་རྗེས་ལུས་ཀྱི་རྣམ་པ་ཡིན་ཞིང་ གང་དུ་ཞིབ་ཆ་ཡོད་པ་དེ་ཡར་རྒྱས་ཀྱི་རྟགས་མཚན་ཡིན།
བཞི་བ། འཇིག་རྟེན་བལྟ་ཚུལ་ལ་བསམ་གཞིགས།
མི་རེ་ལ་འཇིག་རྟེན་བལྟ་ཚུལ་རེ་ཡོད། དེ་ནི་མི་སོ་སོའི་ནང་གི་དབང་པོའི་ནུས་རྩལ་དང་ཕྱིའི་ཁོར་ཡུག་ལ་འགྲོགས་འདྲིས་གཉིས་ལས་མི་སོ་སོའི་སེམས་སུ་འཇིག་རྟེན་བལྟ་ཚུལ་རེ་གྲུབ་ཀྱི་ཡོད། རེ་འགའི་འཇིག་རྟེན་ལྟ་ཚུལ་དེ་མངོན་གསལ་དུ་ཡོད་ཅིང་རེ་འགའི་འཇིག་རྟེན་ལྟ་ཚུལ་དེ་བག་ལ་ཞ་བའི་ཚུལ་དུ་ཡོད། ངས་ཁོང་ལ་མཁས་པའི་དབང་པོའི་གདེངས་འཇོག་རྣལ་ལམ་ཞིག་བྱེད་མོད་ང་དང་ཁོང་གི་འཇིག་རྟེན་བལྟ་ཚུལ་ལ་ཡང་ཁྱད་པར་འགའ་རེ་ཡོད་པ་དེ་འདིར་བཤད་པའི་སྙིང་སྟོབས་ཅིའི་ཀྱང་ཡོད་དགོས།
༡། སྔོན་ཐོན་གྱི་གོ་བ།
མ་གཞི་ང་དང་ང་ལྟ་བུས་ཁོང་གིས་གསུང་བའི་སྔོན་ཐོན་ཅན་གྱི་ཚད་དེའི་གཏིང་མི་ལོན་པར་མི་མཐོང་ན་ཡང་ཁོང་གི་བཞག་པའི་ཚད་གཞི་དེ་དགོངས་པ་ཅན་ཞིག་ཏུ་མཐོང་། ཁོང་གིས་རང་ཅག་ནི་ཨ་རི་སོགས་ལས་སྔོན་ཐོན་ཡིིན་ཚུལ་གསུངས། ༡། ང་ཚོ་ནི་ཨ་རི་སོགས་མ་སླེབས་པའི་ས་ལ་སྔར་ནས་སླེབས་ནས་ཨ་རི་སོགས་ད་ལྟ་གཞི་ནས་ང་ཚོ་སོང་བའི་ལམ་དེ་ལ་སྨོན་བཞིན་ཡོད་ཚུལ་གསུངས། ༢། ང་ཚོ་ནི་ས་བཅུ་ལམ་ལྔའི་ཕྱོགས་སུ་བཞུད་པའི་ནང་དུ་ཀུན་ལས་སྔོན་ཐོན་ཡིན་པས་ཨ་རུ་སོགས་དོན་དུ་ཆེས་རྗེས་ལུས་ཡིན་ཚུལ་གསུངས། ༣། ཨ་རི་སོགས་ནི་འདོད་རྔམ་གྱི་དབང་དུ་ཤོར་ནས་ཚོད་མི་ཟིན་པའི་རྒྱུགས་ཤར་ལྷོད་དྲགས་ཏེ་རི་རྩེར་སླེབས་ཤིང་ དེ་ནས་མུ་མཐུད་ནས་འགྲོ་ས་མེད་པར་མཐོང་ནས་ཕྱིར་ལོག་སྐབས་རང་ཅག་ནི་སྔར་དེར་གནས་ཡོད་སྟབས་མཐའ་མའི་འགྲོ་ས་ནི་རང་ཅག་གི་ལམ་ཕྱོགས་དེ་གྱུར་འདུག་པས་རང་ཅག་ནི་སྔོན་ཐོན་ཡིན་ཚུལ་གསུངས།
དང་པོ་ནི་འཇིག་རྟེན་འདིར་གནས་པའི་སྲོག་ཆགས་ཡོད་ཚད་བདེ་བའི་དོན་དུ་ཉགས་ལྷོད་ནས་བང་འགྲན་བཞིན་ཡོད། བང་འགྲན་དེའི་ནང་དུ་རང་རེ་ཀུན་ལས་སྔོན་དུ་སླེབས་ཡོད་པས་རང་ཅག་ཨ་རི་སོགས་ལས་སྔོན་ཐོན་ཆེ་བར་དགོངས་པ་ཡིན་པ་འདྲ། འདི་ནི་བརྩི་ལུགས་ཤིག་དང་འགྲེལ་ལུགས་ཤིག་མ་འདྲ་བ་ཙམ་ཞིག་རེད།
ད་ལྟ་སྔོན་ཐོན་ཞེས་པ་ནི་དེ་ཙམ་ཞིག་ལ་བརྩི་བ་མིན། ཨ་རི་སོགས་ལ་རྩེ་ནས་ཕྱིར་ལོག་གི་ཡོད་ཀྱང་རུང་གཡང་དུ་མཆོང་གི་ཡོད་ཀྱང་རུང་ ང་ཚོས་བརྒྱུད་དང་རྒྱུད་བཞིན་པའི་ལམ་ལ་ཁོང་ཚོས་མ་བརྒྱུད་པ་མེད་ལ་ང་ཚོས་བརྒྱུད་མ་མྱོང་བའི་ལམ་མང་དུ་ཡོད།
གཉིས་པ་ནི་གང་ཟག་གིས་གང་གི་ཚོད་བཟུང་བར་མི་བྱ་སྟེ། ཉམས་པར་འགྱུར་། ཞེས་དང་ སངས་རྒྱས་གང་དུ་ཡོད་མེད་མི་ཤེས་པས་སུ་ལ་ཡང་དམོད་པ་བྱེད་མི་ཉན་ཚུལ་གསུངས་པ་དང་དངོས་སུ་འགལ། ས་བཅུ་ལམ་སྔའི་ནང་དུ་ང་ཚོ་སྔོན་ཐོན་ཡིན་པར་བསམ་པ་ནི་འཆར་སྣང་ཙམ་ཞིག་ཡིན་པས་སུས་ཀྱང་སུ་ལ་ཁུངས་སྐྱེལ་ར་སྤྲོད་བྱེད་མི་ཐུབ། གཙོ་བོར་ཡིད་ཆས་ལ་རག་ལས་ཡོད། ལར་ནས་སྔོན་ཐོན་སོང་དང་མ་སོང་ཞེས་པའི་སྔོན་ཐོན་དེ་དག་ཞིང་དུ་སྙེག་པའི་སྔོན་མ་ཟེར་བ་མིན་པར་འཇིག་རྟེན་མི་ལུགས་ཀྱི་སྔོན་ཐོན་ལ་ཟེར་བ་ཡིན་པ་ནི་ཁོང་རང་ཉིད་ཀྱིས་ཀྱང་ལེགས་པར་མཁྱེན་གྱི་ཡོད།
གསུམ་པ་ནི་རིགས་ལམ་གྱི་ཐོག་ནས་བསམ་ན་ཨ་རི་སོགས་ཀྱིས་འགྲོ་ཕྱོགས་དེ་ངོ་མ་ལེགས་པའི་བྱ་ཞིག་ལ་སྒྲུབ་ཐུབ་ཀྱི་མེད་དུ་ཆུགས་རུང་ དེ་ནི་འཛམ་གླིང་མི་མང་བརྒྱ་དགུ་བཅུ་གོ་དགུ་དང་ཚེག་དགུ་དགུ་དགུ་ཡིས་འགྲོ་ལམ་དེ་དེད་ནས་འགྲོ་བཞིན་ཡོད་པས་གལ་སྲིད་འགྲོ་ལམ་དེ་དེད་ནས་སོང་ན་ང་ཚོར་དམིགས་བསལ་གྱིས་གྱོང་རག་རྒྱུ་ཞིག་མེད། དེ་ལས་ལྡོག་ཏེ་ང་ཚོས་རང་རེའི་འགྲོ་སྟངས་ལྟར་སོང་བའི་ཁེ་བཟང་ཞིག་ནམ་ཡང་རག་མེད། སྔར་ང་ཚོས་བྱ་བརྒྱས་ཁ་ཉིན་ལ་འཁོར་སྐབས་ཕ་བོང་གི་ཁ སྲིབ་ལ་འཁོར་བའི་སྤྱོད་ཚུལ་དེ་བཟུང་བའི་རྐྱེན་གྱིས་ང་ཚོ་ལ་གྱོང་ཆེན་ཅི་ཙམ་རག་ཡོད་པ་ལ་རྩིས་ཇི་ལྟར་རྒྱག་གམ། ལར་ནས་བྱ་བ་གང་ཞིག་ལེགས་པ་དང་གང་ཞིག་ཉེས་པའི་ཐག་གཅོད་དེ་ང་ཚོ་གཅིག་བུས་ཇི་ལྟར་བྱེད། འཛམ་གླིང་མི་མང་དུང་ཕྱུར་ལྔ་བཅུའི་ཤེས་རབ་ལས་ང་ཚོ་ས་ཡ་དྲུག་གི་ཤེས་རབ་བཟང་པར་སྒྲུབ་དགོས་ན་དཀའ་ཙམ་མིན་ནམ།
ཡ་རབས་སྤྱོད་བཟང་དེ་རང་རེའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡིན་ཞེས་འདི་ཁོ་ན་སྤེལ་བར་མགོ་འཁོར་ནས་བསྡད་ན་དེའི་རྒྱབ་ལོགས་ན་བྱ་བཞག་རླབས་པོ་ཆེ་ཇི་སྙེད་ཅིག་འཐུས་ཤོར་དུ་འགྲོ་བཞིན་མེད་པའི་གདེངས་སྤོབས་ཡོད་དམ། འཐུས་ཤོར་དེའི་ཉེར་འབྲས་ཕྱི་རབས་པ་དག་གིས་མྱོང་དགོས་པ་མ་ཡིན་ནམ། སྔར་ཀྱང་ང་ཚོས་ “མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་”སྨོན་ལམ་ཁོ་ནས་དུས་འདས་ནས་མཐར་རང་རེས་རང་མགོ་ཡང་མ་ཐོན་པ་འདི་བྱུང་བ་མ་ཡིན་ནམ།
ཇི་ཙམ་ལུས་པོ་ལ་སྦྱོང་བརྡར་སྤྲད་པ་དེ་ཙམ་གྱིས་ལུས་པོ་བཟང་དུ་འགྲོ་ཞིང་ ཇི་ཙམ་ལུས་པོ་ལས་མེད་སོས་དལ་དུ་བཞག་པ་དེ་ཙམ་གྱིས་ལུས་པོ་ནུས་མེད་དུ་འགྲོ་བ་ནི་འགྲེལ་མི་དགོས་པའི་དོན་དག་ཅིག་རེད། དཔེ་དེ་བཞིན་ཇི་ཙམ་ཉོམ་མོངས་དུག་གསུམ་གྱི་བཀོལ་སྤྱོད་ལ་གོམས་པ་དེ་ཙམ་གྱིས་དེ་དག་གི་བཀོལ་སྤྱོད་ལ་མཁས་པ་ལོས་ཡིན། མདོར་བསྡུས་ན་དེང་རེབས་བསམ་བློ་སྔོན་ཐོན་དུ་སོང་མ་སོང་ནི་ཇི་ལྟར་ཉོན་མོངས་བའི་བློ་དག་གི་བཀོལ་སྤྱོད་མཁས་མིན་ལ་ཐུག་པར་སྣང་།
༢། སྤྱི་ཚོགས་ཀྱི་དམིགས་ཡུལ་ལྟ་ཚུལ།
ཁོང་གི་སྤྱི་ཚོགས་ཀྱི་དམིགས་ཡུལ་ནི་བོད་ཡུལ་འདི་ཆོས་སེམས་ལྡན་པའི་སྐྱེས་བོ་ཤ་སྟག་བཟོ་རྒྱུ་དེ་ཡིན་པ་འདྲ། དེ་ནི་འོང་མི་སྲིད་པའི་དོན་ཞིག་ཡིན་པས་གལ་སྲིད་དེའི་ཆེད་དུ་བྱ་བ་སྒྲུབ་ན་ངལ་བ་འབྲས་མེད་ཡིན། འབྲས་དང་ཚོད་མ་འདི་དག་གི་ནང་དུ་ལུས་ཕུང་གནོད་པའི་དུག་རྫས་མང་དག་ཅིག་ཡོད་ཀྱང་ང་ཚོར་ཡོད་པ་འདི་ཡིན་པས་འདི་མ་ཟོས་བར་འགྲོ་ཐབས་མེད། འདི་ལས་བཟང་བའི་ཟས་ཞིག་བཟོ་རྒྱུ་ཡོད་པ་ཙམ་གྱིས་དེ་ལ་རེ་བ་བརྒྱབ་ནས་སྡོད་པའི་རྒྱུ་མཚན་མི་ཚང་བ་བཞིན་འདི་ལས་བཟང་བའི་སྤྱོད་པ་ཞིག་སྟོན་རྒྱུ་ཡོད་པས་དེར་རེ་བ་བྱས་ན་ག་ལ་འགྲིག། སྐྱེས་ནས་རང་ཆས་སུ་ཡོད་པའི་ཉོན་མོངས་ཞེས་སུ་འབོད་པའི་བློ་འདི་དག་རང་རེའི་ཆ་རྐྱེན་ཞིག་ཏུ་བརྩིས་ནས་དེ་དག་ལེགས་པའི་ཕྱོགས་སུ་བཀོལ་བ་དེ་འཇིག་རྟེན་ལུགས་ཀྱི་ཡ་རབས་ཀུན་སྤྱོད་ཀྱི་རྨང་གཞི་ཡིན་པར་སྣང་།
སྤྱི་ཚོགས་ཤིག་ཏུ་གནས་དགོས་ན་ཡ་རབས་ཀུན་སྤྱོད་ཟེར་བ་འདི་མེད་དུ་མི་རུང་བ་ཞིག་ཡིན་རུང་ཉོན་མོངས་དགྲ་རུ་མ་བཟུང་ན་ཡ་རབས་ཀུན་སྤྱོད་ཡོང་མི་ཐུབ་པ་ཞིག་ཡིན་པར་བདག་མི་འདོད། འདི་ལྟར་བྱས་ན་ང་ཁྲོང་ཁྲོ་ལང་རྒྱུ་ཡིན་པ་བཞིན་ཕ་རོལ་བོ་ཁོང་ཁྲོ་ལང་སྲིད་པས་ངས་འདི་ལྟར་བྱེད་མི་ཉན་ཨང་ བསམ་པ་དེ་ཁོ་ཁྲོ་ངོས་ལེན་བྱས་ནས་ངན་སྤྱོད་བསྡམས་པ་ཡིན། ཆོས་པས་བྱེད་ཚུལ་ནི་ཁོང་ཁྲོ་འདི་ལྟས་ངན་གྱ་གཅིག་གི་འབྱུང་རྩ་ཡིན་སྙམ་ནས་ཕྱིར་འབུད་བྱེད་ཅིང་ཁོང་ཁྲོ་རྒྱུད་ལ་སྐྱེས་པའི་མི་དེ་ཐ་ཤལ་ལ་བརྩི་བ་ནི་ངོ་མ་བཤད་ན་གནས་ལུགས་དང་མི་མཐུན་པའི་སྤྱོད་ཚུལ་ཞིག་ཀྱང་ཡིན། དེའི་ཕྱིར་སྤྱི་ཚོགས་ཤིག་ཡ་རབས་ཅན་དུ་སྒྱུར་བ་ལ་སྤྱི་ཚོགས་དེ་ཆོས་དད་ཅན་དུ་སྒྱུར་དགོས་པའི་གནད་དོན་མེད།
༣། མི་རིགས་ཀྱི་བལྟ་བ།
ཁོང་གིས“མདོར་བསྡུས་ན་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་དུ་རུང་བ་ཞིག་ལ་བོད་མི་རིགས་ཞེས་ཟེར་དགོས།” ཞེས་དགེ་རྒན་ཟབ་སྤྱོང་ཞིག་གི་སྐབས་སུ་བདག་གི་དྲི་བ་ལ་གསུང་ལན་དེ་ལྟར་གནང་། འདི་ཡང་བདག་གི་བློ་ཡུལ་དུ་མ་ཤོངས་ཏེ་ དེ་ལྟར་ན་བདག་གི་སེམས་སུ་གནས་པའི་འཇིག་རྟེན་གྲུབ་ཚུལ་དེ་ཡོངས་སུ་འཐོར་འགྲོ།
1 མི་རིགས་འགྲུབ་པའི་རྒྱུ་རྐྱེན་ཆེས་ཐོག་མ་ནི་ས་བབས་ཀྱིས་དབང་གིས་འབྱུང་། 2 མི་རིགས་འཇོག་བྱེད་ཀྱི་རྒྱུ་རྐྱེན་ཆེས་གཙོ་བོ་ནི་ཤ་ཁག་གི་འབྲེལ་བ་ཡིན། 3 མི་རིགས་ངོས་འཛིན་བྱེད་ཆེས་གསལ་བོ་ནི་སྐད་རིགས་ཡིན།
༡། སྤྱིར་ན་འགྲོ་མི་རིགས་ཡོངས་རྫོགས་སྤྲ་རིགས་ལས་མཆེད་པ་ཡིན་པར་ཚན་རིག་གི་ལམ་ནས་ཐག་ཆོད་པའི་ཁུལ་རེད། སྤྲ་རིགས་གཅིག་ལས་མཆེད་པའི་ཕྲུ་གུའི་རྒྱུད་པ་དག་མ་འདྲ་མི་རིགས་སོ་སོར་གྱེས་དགོས་དོན་ནི་དེ་དག་སྡོད་སའི་ས་བབས་ཆགས་སྟངས་གིས་བྱུང་ཡོད། ས་བབ་ཁོར་ཡུག་གཅིག་གི་ནང་དུ་ཡུན་རིང་གནས་པའི་མི་རྣམས་རིམ་བཞིན་ས་བབ་དེའི་གནས་སྟངས་འཚམས་པའི་རིགས་དམིགས་བསལ་ཅན་དུ་འགྱུར་ནས་མི་རིགས་ཤིག་ལོགས་སུ་བྱུང་ཡིན་ངེས།
མི་རིགས་ཤིག་ལོགས་སུ་བྱུང་བ་དང་ལྷན་དུ་མི་རིགས་དེ་དང་མི་རིགས་གཞན་གྱི་བར་དུ་རང་གཞན་གྱི་འདུ་ཤེས་ཤུགས་ཆེན་ཞིག་ངང་གིས་འབྱུང་བ་ཡིན། འཇིག་རྟེན་འདིའི་ནང་དུ་དཀའ་རྙོག་མང་དག་ཅིག་རང་གཞན་གྱི་འདུ་ཤེས་འདི་ཁོ་ནའི་དབང་གིས་འབྱུང་གི་ཡོད། ཁོ་བོས་དབུ་མའི་ལམ་གྱིས་བོད་རྒྱ་མི་རིགས་ཀྱི་དཀའ་ངལ་སེལ་ཐབས་མེད་པར་བཤད་ཀྱི་ཡོད་པ་དེ་ཡང་འདི་རྒྱུ་མཚན་ལ་བསམ་ནས་བཤད་པ་ཡིན།
ཆོས་ཀྱི་ཉམས་ལེན་ཡང་དག་པ་བྱེད་མཁན་རྣམས་ཀྱིས་འདི་མཐོང་མི་སྲིད། གང་ལགས་ཤེ་ན་ཁོང་ཚོས་མི་རིགས་ཚང་མ་ལ་འཛིན་སྟངས་གཅིག་གྱུར་ཡིན་ཞིང་རང་གཞན་གྱི་དབྱེ་བ་མེད། ཡིན་ན་ཡང་བརྒྱ་ཆའི་དགུ་བཅུ་གོ་དགུ་ཙམ་ཟིན་པའི་འཇིག་རྟེན་གྱི་མི་ཕལ་བ་དག་གིས་རང་གཞན་གྱི་འདུ་ཤེས་དེ་སྤོང་མི་ཐུབ་ལ་དེ་ལ་བརྟེན་ནས་ང་ཁྱོད་ཀྱི་རྩོད་གླེང་གི་འུར་སྒྲས་གང་བ་འདི་བྱུང་ཡོད། སྲིད་གཞུང་གི་དབུ་ཁྲིད་ཅིག་ཡིན་པའི་ཆ་ནས་འདི་ངེས་པར་མཁྱེན་དགོས། འཇིག་རྟེན་གནའ་མིའི་གཏམ་དཔེ་ལཿ རྟོག་པ་ལྷ་དང་མཉམ་ཡང་། སྤྱོད་པ་མི་དང་བསྟུན་དགོས། ཟེར་བ་མིན་ནམ།
མི་རིགས་གཅིག་ན་བསམ་ཤེས་ཀྱི་འབྱུང་ཁུངས་ཡིན། མི་རིགས་མ་གཅིག་ན་དོགས་འདྲོགས་ཀྱི་འབྱུང་ཁུངས་ཡིན། གལ་སྲིད་མི་རིགས་གཅིག་གིས་མི་རིགས་གཞན་ཞིག་ལ་ཟོལ་མེད་ཀྱི་བཟང་བ་ཞིག་བྱས་རུང་དོགས་འདྲོགས་ཀྱི་སྔོན་འགྲོ་ཞིག་མེད་པར་ཡོང་མི་སྲིད། གལ་སྲིད་མི་རིགས་ཤིག་གིས་ནང་ཁུལ་ལ་ཆེད་དུ་ངན་པ་ཞིག་བྱས་རུང་བསམ་ཤེས་ཀྱི་མཇུག་སྡོམ་ཞིག་མེད་པ་མི་སྲིད།
མི་རིགས་ཤིག་གིས་མི་རིགས་གཞན་པ་ཞིག་ལས་སྒོར་བརྒྱ་འཕྲོག་ན་དེའི་འཁོན་སེམས་ནི་སྒོར་གཅིག་སྟོང་གི་འཁོན་སེམས་སུ་འགྱུར་། གལ་སྲིད་དེ་མི་རིགས་ནང་ཁུལ་ཞིག་ཡིན་ན་ཧ་ཅང་ཆེ་རུ་སོང་རུང་སྒོར་བརྒྱ་ཡི་འཁོན་སེམས་ལས་ཆེ་བ་ཞིག་ཡོང་མི་སྲིད། ཕ་ཡིས་བུ་ལ་བཅར་རྡུང་བྱས་པ་དེ་མི་ཚེའི་ནང་དུ་བཀའ་དྲིན་དུ་མཐོང་གི་ཡོད་ཅིང, རྒྱུས་མེད་ཀྱིས་མིས་ཁྱོད་ལ་རྡུང་ན་དེ་ལ་འཚིག་པ་མི་བ་སྲིད་དམ། ཁྱད་པར་འདི་དག་ཡོང་དོན་གཙོ་བོ་ནི་རང་ཅག་གི་རྒྱུད་ལ་རང་གཞན་གྱི་འདུ་ཤེས་ཤུགས་དྲག་ཡོད་པའི་དབང་གིས་རེད། འདུ་ཤེས་དེ་ངོས་ལེན་བྱེད་དགོས་ལས་སྣང་མེད་བྱས་པས་ཕན་རྒྱུ་གང་ཡང་མེད།
དེའི་ཕྱིར་ཇི་སྲིད་མི་རིགས་གཞན་ཞིག་གིས་མི་རིགས་གཞན་ཞིག་ལ་དབང་བསྒྱུར་བ་དེ་སྲིད་དུ་ཡིད་ཚིམས་པའི་དུས་སྐབས་ཤིག་ཡོང་མི་སྲིད། འདིར་རྒྱུ་མཚན་གཏིང་ཟབ་པོ་དང་རྒྱ་ཆེན་པོ་གང་ཡང་མི་དགོས། ཧ་ཅང་སྟབས་བདེ་བའི་རྒྱུ་མཚན་ཞིག་ཡིན་ལ་ཧ་ཅང་བདེན་པའི་རྒྱུ་མཚན་ཞིག་ཡིན། དབང་སྒྱུར་མཁན་གྱིས་མི་རིགས་ཀྱིས་དབང་བསྒྱུར་ཡུལ་གྱི་མི་རིགས་ལ་ཇི་ལྟར་བྱས་རུང་ཡང་དག་པ་ཞིག་དང་དྲང་བདེན་ཞིག་ལྷག་བསམ་རྣམ་དག་གིས་ཕན་པའི་བྱ་བ་ཞིག་བྱེད་མི་སྲིད། ངོ་མཚར་བའི་སྒོ་ནས་ལན་རེ་བྱས་པ་བྱུང་རུང་དེ་དབང་བསྒྱུར་ཡུལ་གྱི་མི་རིགས་དེས་དེ་ལྟར་ངོས་འཛིན་བྱེད་མི་ཐུབ། དེ་ལྟར་དབང་བསྒྱུར་བྱ་སྒྱུར་བྱེད་གཉིས་མི་རིགས་ལོགས་པ་ཡིན་ན་ཡིད་ཚིམས་པའི་དུས་ཤིག་ཡོང་མི་སྲིད། དེ་མེད་པས་བདེ་བའི་གནས་སྐབས་ཤིག་ཡོང་མི་སྲིད། དེ་ནི་མི་རིགས་དེ་གཉིས་འགྲོ་བ་མིའི་རིགས་ཡིན་པའི་རྒྱུ་མཚན་ཙམ་ཡིན། དེ་ནི་གཙོ་བོ་མི་རིགས་དེ་གཉིས་ཀྱི་བར་ལ་རང་གཞན་གྱི་འདུ་ཤེས་ཡོད་པ་ལས་བྱུང་བ་ཡིན།
བྱང་ཆུབ་ཀྱི་སེམས་རྒྱུད་ལྡན་གྱི་གང་ཟག་གམ་ཡང་ཆོས་ཀྱིས་སེམས་རྒྱུད་དུལ་བའི་མི་ཞིག་གིས་གནད་དོན་འདི་རྟོགས་མི་ཐུབ། དེ་མ་ཐུབ་ལ་བརྟེན་ནས་ནམ་ཞིག་དབང་སྒྱུར་མཁན་གྱི་མི་རིགས་ཀྱིས་དབང་བསྒྱུར་ཡུལ་གྱི་མི་རིགས་ལ་ལྷག་བསམ་རྣམ་དག་གིས་ཡག་པོ་བྱས་ན་དབང་བསྒྱུར་ཡུལ་གྱི་མི་རིགས་དེ་དབང་སྒྱུར་མཁན་གྱི་མི་རིགས་ཀྱི་འོག་ཏུ་བསྡད་ཀྱང་མི་འགྲིག་པ་ཅི་ཡོད་དགོངས་ཀྱི་ཡོད། དེ་བདེན་ཀྱང་དེ་འདྲའི་དུས་སྐབས་ཡོང་མི་སྲིད། ད་ལྟ་བར་མ་བྱུང་བ་དེ་ལས་འབྱུང་འགྱུར་ཡང་ཡོང་བའི་རྒྱུ་མཚན་མེད་པ་འདི་ཚོད་དཔགས་བྱེད་མི་ཐུབ་པ་གང་ཡང་མིན། དེ་ནི་རྒྱུ་མཚན་ནི་གཞན་མིན་པར་དབང་སྒྱུར་མཁན་གྱི་མི་རིགས་དེ་མི་ཕལ་བ་ཡིན་པ་ཙམ་དང་དབང་བསྒྱུར་བྱའི་མི་རིགས་ཀྱང་མི་ཕལ་བ་ཡིན་པ་ཙམ་གྱིས་སོ། ཡང་ན་དབང་སྒྱུར་མཁན་མི་རིགས་དང་བསྒྱུར་ཡུལ་མི་རིགས་གཉིས་ཀྱི་བར་དུ་རང་གཞན་གྱི་འདུ་ཤེས་ཡོད་པས་སོ། གལ་སྲིད་དབང་སྒྱུར་མཁན་དང་བསྒྱུར་ཡུལ་གྱི་མི་རིགས་གཉིས་ཀ་བྱང་ཆུབ་སེམས་དཔའ་ཤ་སྟག་གམ་ཡང་འཛམ་གླིང་ལ་ཡོད་པའི་མི་རིགས་གཞན་དང་ཡོངས་མི་མཚུངས་བའི་ཁྱད་དུ་འཕགས་པའི་མི་རིགས་ཏེ་དམ་པ་ལྷ་ཆོས་ཀྱིས་སེམས་རྒྱུད་ཡོངས་སུ་དུལ་བའི་མི་རིགས་གཉིས་ཡིན་ན་དམིགས་བསལ་ཡིན།
གལ་སྲིད་རང་གཞན་གྱི་འདུ་ཤེས་མེད་ན་རྒྱལ་ཁབ་ཀྱི་ས་མཚམས་ཀྱང་མི་དགོས། དེ་འདྲ་བ་ཞིག་འཛམ་གླིང་ཐོག་ཡོང་མི་སྲིད་པ་མིན་ན་ཡང་དུས་ཚོད་དེ་ད་དུང་སླེབས་མེད། དེ་ནི་ད་དུང་སྔ་དྲགས་པའི་ལས་དོན་ཞིག་ཡིན། དེའི་དོན་དུ་བྱ་བ་སྒྲུབ་པ་ནི་དེའི་ཕྱིར་དངོས་དོན་དང་མ་འཚམས་པའི་ལས་དོན་ཞིག་ཡིན། དེའི་ཕྱིར་དེ་ནི་གྱོང་རག་པའི་ལས་དོན་ཞིག་ཡིན་ནོ།།

ཁོ་བོའི་སྒྲ་སྒྲུབ་རིག་པར་བཀོལ་བའི་ཐ་སྙད་གསར་བ་ཁག

དེབ་འདིར་སྤྱད་པའི་དམིགས་བསལ་ཐ་སྙད་གསར་བ་ཁག་ཅིག
དེབ་འདིའི་ནང་དུ་ཐ་སྙད་གསར་བ་མང་པོ་ཞིག་ཆེད་སྤྱོད་བྱས་ཡོད། མ་གཞི་དེ་དག་མང་ཆེ་བ་འདོད་རྒྱལ་གྱི་ཐ་སྙད་མིན་པས་ཀློག་པ་པོས་གོ་དོན་ལམ་ཙམ་ཚིག་རང་ངོས་ནས་རྟོགས་ཐུབ་ངེས་རེད། འདིར་དགོས་དབང་གིས་ཐ་སྙད་འགའ་རེའི་གོ་ཁྱབ་སྔར་ཡོད་ལ་འགྱུར་བ་ཅུང་ཟད་བཏང་བ་དང, ཡང་ད་ལྟ་འཇུག་ཡུལ་ས་མཚམས་ངེས་གཏན་མེད་པའི་ཐ་སྙད་འགའ་ཞིག་ལ་འཇུག་ཡུལ་གྱི་ས་མཚམས་ངེས་གཏན་བྱས་ནས་བཀོལ་བ་ཡང་ཡོད།
ཀ་སྡེཿ ས་བཅད་ལྔ་བའི་བརྗོད་བྱ་གཙོ་བོ།
ཀ་སྡེའི་གདངསཿ ཀ་སྡེའི་སྒྲ་སྤྱིའི་མིང།
ཀྂ་སྡེཿ ས་བཅད་བཞི་བའི་བརྗོད་བྱ་གཙོ་བོ།
ཀ་མདཿ བྱེད་པ་སྟོད་སྨད་གཉིས་ཀ་ཚང་ཞིང་གྲེ་བ་ལས་བྱུང་བའི་ངག་སྒྲ་རྐྱང་པ་ཞིག། དཔེར་ན་’ཀ’་’ཁ’་སོགས་ལྟ་བུ། འདི་ལ་སྒྲ་དོན་པ་ཡང་ཟེར། འདིར་བྱེད་པ་སྟོད་སྨད་གཉིས་ལ་གང་འོང་ཆོག་པའི་སྒྲ་ལས་དེ་ལས་ལྷག་པའི་སྒྲ་དག་ལ་ཀ་མད་ཅེས་མི་འབོད། དཔེར་ན་’ཀག’་’ཀང’་’ཀད’་སོགས་ལྟ་བུ་ནི་ཀ་མད་མིན། རྒྱུ་མཚན་ནི་འདིར་ འདིར་ཀ་སྒྲའི་སྐབས་སུ་བྱེད་པ་སྟོད་སྨད་གཉིས་ཀ་ཚང་ཟིན་པ་དང་རྗེས་འཇུག་ག་ང་ད་སོགས་ཀྱི་ཆེད་དུ་བྱེད་སྟོད་གསར་བ་ཞིག་སྐྱར་དུ་སྒྲུབ་དགོས་པས་སོ།
ཀུན་སློངཿ སྤྱིར་སྒྲ་ཡི་རྗོད་འདོད་དང་སྒྲ་ཡི་སྤུ་རིས་སོགས་སུ་འདོན་འདོད་ཀྱི་ཀུན་སློང། རྣ་བས་ཉན་ཚེ་སྒྲ་ཡི་སྤུ་རིས་ལོགས་སུ་མི་སྣང་ཡང་དོན་ལོགས་སུ་སྟོན་འདོད་དང་གོ་འདོད་ཀྱི་སྒྲ་འདྲ་བ་གཉིས་ཀྱི་སྤུ་རིས་སོགས་སུ་འཛིན་པའི་བློ་ལ་ཡང་གོ།
ཀྱ་སྒྲ་ཀུན་རྫོབ་པཿ སྔར་ཀྱ་ལ་འདོན་པའི་སྒྲ་སྟེ, ད་ལྟའི་རྒྱ་གར་དུ་ཀྱ་ལ་འདོན་པའི་སྒྲ་དེ་ལ་གོ། འདི་ལ་དམིགས་བསལ་གྱིསས་ཀྱྂ་ཡིས་མཚོན་པར་བྱས་ཡོད།
ཀྱ་སྒྲ་དོན་དམ་པཿ ཀྱ་སྡེའི་ཀ་མད་དང་པོའི་སྒྲ་སྟེ, ད་ལྟ་རང་རེས་(དབུས་པས)་ཀྱ་ལ་འདོན་པའི་སྒྲ། འདིའི་མཚོན་བྱེད་ལ་《གྱཨ》འབྲི།
ཀྱ་སྡེཿ ས་བཅད་དྲུག་པའི་བརྗོད་བྱ་གཙོ་བོ།
ཀྱ་སྡེའི་གདངསཿ ཀྱ་སྡེའི་སྒྲ་སྤྱིིའི་མིང་།
ཀྲ་སྒྲ་ཀུན་རྫོབ་པཿ སྔར་ཀྲ་སྒྲ་ལ་འདོན་པའི་སྒྲ་སྟེ, ད་ལྟའི་རྒྱ་གར་དུ་ཀྲ་ལ་འདོན་པའི་སྒྲ།
ཀྲ་སྒྲ་དོན་དམ་པཿ ཊ་སྡེའི་ཀ་མད་དང་པོའི་སྒྲ་སྟེ, ད་ལྟ་རང་རེས་ཀྲ་འམ་ཊ་ལ་འདོན་པའི་སྒྲ། འདིའི་མཚོན་བྱེད་ལ་《ཌཨ》་འབྲི།
རྐན་གནདཿ ངག་སྒྲ་དབྱུང་བའི་རྒྱུ་རྐྱེན་དུ་གྱུར་བའི་རྐན་ངོས་ཀྱི་ས་ཁུལ་ཁག་གང་རུང། འདི་ལ་ས་ཁུལ་བདུན་དུ་བགོས་ཡོད།
རྐན་གནད་བརྒྱད་པཿ དཔེ་རིས་༡་དང་༢་ལ་གཟིགས།
རྐན་གནད་ལྔ་བཿ དཔེ་རིས་༡་དང་༢་ལ་གཟིགས།
རྐན་གནད་གཉིས་པཿ དཔེ་རིས་༡་དང་༢་ལ་གཟིགས།
རྐན་གནད་དང་པོཿ དཔེ་རིས་༡་དང་༢་ལ་གཟིགས།
རྐན་གནད་དྲུག་པཿ དཔེ་རིས་༡་དང་༢་ལ་གཟིགས།
རྐན་གནད་བདུན་པཿ དཔེ་རིས་༡་དང་༢་ལ་གཟིགས།
རྐན་གནད་བཞི་བཿ དཔེ་རིས་༡་དང་༢་ལ་གཟིགས།
རྐན་གནད་གསུམ་པཿ དཔེ་རིས་༡་དང་༢་ལ་གཟིགས།
རྐན་ལྡེབ་ཅནཿ འགྲོ་བ་མིའི་བརྡ་སྤྲོད་པའི་མ་ལག་ཅིག། ལྕེ་དང་རྐན་གྱི་བར་ནས་སྒྲ་འབྱིན་པའི་ཚུལ།
རྐྱེནཿ ས་བཅད་དང་པོའི་ཤོག་གྲངས་༤༣་ལ་གཟིགས།
རྐྱེན་བཞིཿ གནས་ཀྱི་རྐྱེན, དུས་ཀྱི་རྐྱེན, ཕྱོགས་ཀྱི་རྐྱེན, ལམ་རྐྱེན་བཅས།
སྐྱེ་གནསཿ གནས་གནད་རྟིང་སྟེང་གཉིས་དང་དེ་བརྒྱུད་ནས་དབུགས་འགྲོ་བའི་ལམ་བཅས་གསུམ་གྱི་འདུས་ཚོགས་ལ་གོ། གནས་གནད་ཁག་ནང་ཁུལ་ཕན་ཚུན་འདུས་ནས་གནས་གསར་བ་འབྱུང་ཆོག། ཞིབ་པར་ལེའུ་དང་པོའི་ཤོག་གྲངས་ ལ་གཟིགས།
བཀྱེད་པཿ མཆུ་དང་མིད་པ་གང་རུང་རང་བབས་སུ་མི་སྡོད་པར་ཆེ་རུ་གཏོང་བའི་སྦྱོར་བ།
ཁམས་སྐདཿ ཁམས་ཡུལ་གྱི་མིས་བཤད་པའི་སྐད་ཆ། ས་བཅད་བཅུ་གསུམ་པའི་མགོ་ལ་གཟིགས།
ཁམས་པཿ ཁམས་ཡུལ་གྱི་མི།
ཁོག་སྒྲཿ ཡི་གེ་ཐམས་ཅད་ཀྱི་ཁོག་ཏུ་ཞུགས་པའི་སྒྲ་སྟེ, ཨ, ཧ, འ, འྂ, བཞི་བོ། འདི་ནི་མཚན་མའི་རྣམ་བཞག་འཆད་ཐབས་ཤིག་ཡིན།
ཁྱ་སྒྲ་ཀུན་རྫོབ་པཿ སྔར་ཁྱ་ལ་འདོན་པའི་སྒྲ་སྟེ, ད་ལྟའི་རྒྱ་གར་དུ་ཁྱ་ལ་འདོན་པའི་སྒྲ།
ཁྱ་སྒྲ་དོན་དམ་པཿ ཀྱ་སྡེའི་ཀ་མད་གཉིས་པའི་སྒྲ་སྟེ, ད་ལྟ་ཁྱ་ལ་འདོན་པའི་སྒྲ།
ཁྱིམཿ སྡེ་བའི་དབྱེ་ཚུལ་ཞིག། ཀ་ཁ་ག་ལྒ་བཞི་ནི་ཁྱིམ་གཅིག་གི་སྒྲ་ཡིན། དེ་ཡང་སྒྲ་སོ་སོའི་བྱེད་པ་དམ་ལྷོད་ཡངས་གསུམ་གྱི་ཁྱད་པར་གྱི་སྒོ་ནས་ངག་སྒྲ་ཡི་རུ་ཁག་ཅེས་པའི་དབྱེ་ཚུལ་དེ་ལ་ཁྱིམ་ཞེས་དབྱེ་བ་གསུམ་བཞག། དེས་ན་ཁྱིམ་རེར་ཕོ་མོ་མཚན་མེད་མ་ནིང་ཡི་ཁྱད་པར་དུ་བྱས་པའི་ཀ་མད་བཞི་རེ་འམ་དྲུག་རེ་ཡོད།
ཁྱིམ་སྐོརཿ ངག་སྒྲ་གང་ཞིག་གནས་དང་རྐྱེན་གཅིག་པ་ཡིན་ཞིང་བྱེད་པ་དམ་ལྷོད་ཡངས་གསུམ་སྐོར་གཅིག་གི་ཁྱིམ་གསུམ།
ཁྲ་སྒྲ་ཀུན་རྫོབ་པཿ སྔར་ཁྲ་ལ་འདོན་པའི་སྒྲ་སྟེ, ད་ལྟའི་རྒྱ་གར་བས་ཁྲ་ལ་འདོན་པའི་སྒྲ།
ཁྲ་སྒྲ་དོན་དམ་པཿ ཊ་སྡེའི་ཀ་མད་གཉིས་པའི་སྒྲ་སྟེ, ད་ལྟ་རང་རེས་ཁྲ་ལ་འདོན་པའི་སྒྲ། འདིའི་མཚོན་བྱེད་ལ་《ཌཧ》འབྲི།
མཁྲེགས་རྐནཿ དཔེ་རིས་༡་དང་༢་གཟིགས།
ག་གདངསཿ ཀ་སྡེའི་ཁྱིམ་དང་པོ་སྣ་མི་ལྡན་ཁྱིམ་སྐོར་གྱི་སྒྲ་རྣམས།
གྂ་གནསཿ ཀྂ་སྡེའི་སྒྲ་རྣམས་འབྱུང་བའི་གནས་དང་གནས་གནད།
ག་གནསཿ ཀ་སྡེའི་སྒྲ་རྣམས་འབྱུང་བའི་གནས་དང་གནས་གནད།
གྂ་གདངསཿ ཀྂ་སྡེའི་ཁྱིམ་སྐོར་དང་པོ་སྣ་མི་ལྡན་ཁྱིམ་སྐོར་གྱི་སྒྲ་རྣམས།
གྱ་གདངསཿ ཀྱ་སྡེའི་ཁྱིམ་སྐོར་དང་པོའི་སྒྲ་སྤྱིའི་མིང།
གྱ་གནསཿ ཀྱ་སྡེའི་སྒྲ་རྣམས་འབྱུང་བའི་གནས་དང་གནས་གནད།
གྱ་སྒྲ་ཀུན་རྫོབ་པཿ སྔར་གྱ་ལ་འདོན་པའི་སྒྲ་སྟེ, ད་ལྟའི་རྒྱ་གར་དུ་གྱ་ལ་འདོན་པའི་སྒྲ། མཚོན་བྱེད་ནི་《གྱའ》འབྲི།
གྱ་སྒྲ་དོན་དམ་པཿ ཀྱ་སྡེའི་ཀ་མད་གསུམ་པའི་སྒྲ་སྟེ, ད་ལྟའི་གྱ་ལ་འདོན་པའི་སྒྲ། མཚོན་བྱེད་ནི་《གྱའ》འབྲི།
གྲ་སྒྲ་ཀུན་རྫོབ་པཿ སྔར་གྲ་ལ་འདོན་པའི་སྒྲ་སྟེ, ད་ལྟའི་རྒྱ་གར་དུ་གྲ་ལ་འདོན་པའི་སྒྲ།
གྲ་སྒྲ་དོན་དམ་པཿ ཊ་སྡེའི་ཀ་མད་གསུམ་པའི་སྒྲ་སྟེ, ད་ལྟ་གྲ་འདོན་པའི་སྒྲ། འདི་དཔེར་མཚོན་ནི《ཌའ》འབྲི།
གྲེ་བཿ དཔེ་རིས་༡་དང་༢་ལ་གཟིགས། ཡི་གེའི་མཚན་མ་འཇོག་བྱེད་གྱི་ཡན་ལག་ཅིག།
གྲེ་ཚུགསཿ མཚན་མའི་འཇོག་བྱེད་ཀྱི་ཆ་རྐྱེན་དུ་གྱུར་བའི་གྲེ་བའི་སྡོད་སྟངས།
འགའ་གདངསཿ ཀ་སྡེའི་ཁྱིམ་སྐོར་གསུམ་པ་ཕྱེད་སྣ་ལྡན་གྱི་སྒྲ་སྤྱིའི་མིང།
མགལཿ དཔེ་རིས་༡་ཀ་སོགས་ལ་གཟིགས།
མགལ་གྱི་སྤྲོས་པཿ ས་བཅད་གཉིས་པའི་ཤོག་གྲངས་༡༡༢་སོགས་ལ་གཟིགས།
མགྲིན་སྒྲོགཿ དཔེ་རིས་དང་པོར་གཟིགས།
འགྱའ་གདངསཿ ཀྱ་སྡེའི་ཁྱིམ་སྐོར་གསུམ་པའི་སྒྲ་སྤྱིའི་མིང།
སྒྲ་ཀུན་རྫོབ་པཿ སྒྲ་གང་ཞིག་རང་གི་འགྲུབ་བྱེད་ཅིག་མ་ཚང་ན་ཤུལ་དུ་སྒྲ་གཞན་ལུས་རྒྱུ་ཡོད། འདི་ལ་འདུས་སྒྲ་ཡང་ཟེར།
སྒྲ་དོན་དམ་པཿ སྒྲ་གང་ཞིག་རང་གི་འགྲུབ་བྱེད་གཅིག་མ་ཚང་ན་ཤུལ་དུ་སྒྲ་གཞན་ལྷག་རྒྱུ་མེད་པ། འདི་ལ་ཀ་མད་ཀྱང་ཟེར།
སྒྲ་ཡི་རྐྱེནཿ རྐྱེན་གྱི་བྱེ་བྲག་ཅིག།
སྒྲ་རྟགསཿ སྒྲ་བྱེ་བྲག་པ་ཞིག་མཚོན་བྱེད་ཀྱི་རྟགས་གང་ཡང་རུང་བ། ཁོ་བོས་སྒྲ་རྟགས་ཟེར་བ་འདི་དག་གིས་སྒྲ་མཚོན་པ་མིན་པར་སྒྲའི་འགྲུབ་བྱེད་ཀྱི་རྒྱུ་རྐྱེན་རྣམས་མཚོན་པ་ཡིན།
སྒྲ་དབངཿ མིད་པ་ལ་གནས་པའི་སྒྲ་གྲག་བྱེད་ཀྱི་དབང་པོ། དབྱིན་ཇི་བས་འདི་ལ་སྒྲ་སྒམ་ཞེས་འབོད།
སྒྲ་ལྡནཿ སྡེ་བ་དབྱེ་ཚུལ་ཞིག། སྒྲ་འགའ་ཞིག་རང་གི་བྱེད་སྟོད་ཀྱི་སྐབས་སུ་དབུགས་དབྱུང་བ་དང་ལྷན་དུ་སྒྲ་ཡང་འདོན་དགོས་པའི་རིགས། འདིའི་ལྡོག་ཟླ་ནི་’དབུགས་ཙམ’་ཞེས་པ་དེ་ཡིིན། དེ་ནི་དཔེར་ན་རྒྱ་སྐད་ཀྱི་གྱོན་པ་འཁྲུད་བྱེད་
སྤུ་ཤད་《 》ཡི་ནང་གི་《 》ཡི་སྒྲ་དང་
རང་རའི་’རོའ’ཞེས་པའི་སྒྲ་གཉིས་ཀྱི་ཁྱད་པར་དེ་ཡིན། སྒྲ་དང་པོའི་སྐབས་སུ་སྒྲ་རང་གི་བྱེད་སྟོད་ཀྱི་སྐབས་སུ་དབུགས་ཙམ་ཕྱིར་དབྱུང་བ་ལས་དེ་དང་ལྷན་དུ་སྒྲ་མེད་པས་’དབུགས་ཙམ’མམ་’སྒྲ་མེད’ཅེས་འབོད་པ་ཡིན, སྒྲ་གཉིས་པའི་སྐབས་སུ་སྒྲ་རང་གི་བྱེད་སྟོད་ཀྱི་སྐབས་སུ་དབུགས་དང་ལྷན་དུ་སྒྲ་ཡང་གྲག་བཞིན་ཡོད་པས་’སྒྲ་ལྡན’ཞེས་འབོད་པ་ཡིན།
སྒྲ་ལྡནཿ སྡེ་བ་དབྱེ་ཚུལ་ཞིག། སྒྲ་འགའ་ཞིག་རང་གི་བྱེད་སྟོད་ཀྱི་སྐབས་སུ་རང་ནས་དབུགས་ཙམ་དབྱུང་བ་ལས་སྒྲ་མེད་པའི་རིགས། གོང་དུ་བཤད་པ་དེར་གཟིགས།
སྒྲོསཿ དཔེ་རིས་༡ཀ་ལ་གཟིགས།
སྒྲོས་བཀྱེདཿ ས་བཅད་གཉིས་པའི་ཤོག་གྲངས་༡༡༤་ནས་༡༢༣་དང་༡༢༩་བཅས་ལ་གཟིགས།
སྒྲོས་འཛོསཿ ས་བཅད་ཤོག་གྲངས་༡༡༤་དང་༡༣༠་སོགས་ལ་གཟིགས།
ང་གདངསཿ ཀ་སྡེའི་ཁྱིམ་སྐོར་གཉིས་པ་སྣ་ཡོངས་ལྡན་ཁྱིམ་སྐོར་གྱི་སྒྲ་རྣམས།
ང་རོཿ འདི་ནི་ངག་ནས་བྱུང་བའི་སྒྲ་རང་རྐྱ་བ་གཅིག་ལ་ཟེར་བ་ཡིན། དེ་བྱེད་སྟོད་ཀྱི་སྐབས་སུ་ཡོང་ཆོག་ལ་བྱེད་སྨད་ཀྱི་སྐབས་སུ་ཡང་ཡོང་ཆོག། ཀ་མད་གཅིག་ལ་བྱེད་པ་སྟོད་སྨད་གཉིས་དགོས་ཤིང, ང་རོ་ཞིག་ལ་དེ་ལྟར་མི་དགོས། དཔེར་ན་བདག་ལྟ་བུའི་ཚིག་འདི་ལ་ང་རོ་གསུམ་ཡོད། དེ་ནི་བ་སྔོན་འཇུག་གི་སྒྲ, ད་མིང་གཞིའི་སྒྲ, ག་རྗེས་འཇུག་གི་སྒྲ, བཅས་ཡིན། མདོར་ན་ང་རོ་ཞེས་པ་ནི་དབྱིན་སྐད་ཀྱི་ཚིག་syllable ཞེས་པ་འདིའི་ཐད་དུ་བསམ་པ་ཡིན།
ངགཿ མགྲིན་པའི་ལམ་ནས་འདོན་ཐུབ་པའི་སྒྲ་ཡོད་ཚད་དང་དེའི་རྒྱུ་རྐྱེན་ཡོངས་རྫོགས་ལ་གོ་བ་ཡིན། སྔོན་གླེང་གི་ནང་དུ་ཁ་བྱང་གི་འགྲེལ་བ་ལ་གཟིགས།
ངག་སྒྲཿ བྱེད་པ་སྟོད་སྨད་གཉིས་ཀ་ཚང་བའི་སྒྲ་རང་རྐྱ་བ་ཞིག་ལ་གོ། ངག་སྒྲ་གཅིག་ལ་ང་རོ་གཅིག་ནས་བཞི་བར་དུ་ཡོངས་ཆོག། ད་ལྟ་ཚེག་དབར་གཅིག་གི་སྒྲ་ལ་བསམ་ན་དོན་ལ་ཉེ།
ངག་རིག་པཿ སྔོན་གླེང་དུ་གསལ།
སྔ་འབྱརཿ མིང་གཞིའི་སྒྲ་ཡི་སྔོན་དུ་འདོན་དགོས་པའི་སྒྲ། སྔོན་འཇུག་དང་མགོ་ཅན་གཉིས་ཀྱི་སྒྲ་ཡི་སྤྱི་མིང།
དངོས་གཞིཿ སྔ་འབྱར་དང་ཕྱི་འབྱར་གཉིས་སྦྱོར་ཡུལ། དེ་ནི་མིང་གཞི་དང་དོན་གཅིག།
ཅ་སྡེཿ ས་བཅད་བདུན་པའི་བརྗོད་བྱ་གཙོ་བོ།
ཅ་སྡེའི་གདངསཿ ཅ་སྡེའི་སྒྲ་སྤྱིའི་མིང།
ལྕེ་སྐེདཿ དཔེ་རིས་༡་དང་༢་ལ་གཟིགས།
ལྕེ་སྐེད་སྟོདཿ དཔེ་རིས་༡་དང་༢་ལ་གཟིགས།
ལྕེ་མགལཿ དབྱངས་ཉི་ཤུའི་དགུ་བའི་མིང་།
ལྕེ་སྒྲོས་བགྲདཿ དབྱངས་ཉི་ཤུའི་བཅུ་གསུམ་པའི་མིང།
ལྕེ་སྒྲོས་མིདཿ དབྱངས་ཉིི་ཤུའི་བཅུ་བཞི་བའི་མིང།
ལྕེ་མགལ་མིདཿ དབྱངས་ཉི་ཤུའི་བཅུ་གཉིས་པའི་མིང།
ལྕེ་མགལ་རབཿ དབྱངས་ཉི་ཤུའི་བཅུ་བའི་མིང།
ལྕེ་རྟིངཿ དཔེ་རིས་༡་དང་༢་ལ་གཟིགས།
ལྕེ་ཐོདཿ དཔེ་རིས་༡་དང་༢་གཉིས་ལ་གཟིགས།
ལྕེ་གནདཿ ངག་སྒྲ་དབྱུང་བའི་རྒྱུ་རྐྱེན་དུ་གྱུར་བའི་ལྕེ་ཐོག་གི་ས་ཁུལ་ཁག་གང་རུང།
ལྕེ་གནད་བརྒྱད་པཿ དཔེ་རིས་༡་དང་༢་ལ་གཟིགས།
ལྕེ་གནད་ལྔ་བཿ དཔེ་རིས་༡་དང་༢་ལ་གཟིགས།
ལྕེ་གནད་གཉིས་པཿ དཔེ་རིས་༡་དང་༢་ལ་གཟིགས།
ལྕེ་གནད་དང་པོཿ དཔེ་རིས་༡་དང་༢་ལ་གཟིགས།
ལྕེ་གནད་དྲུག་པཿ དཔེ་རིས་༡་དང་༢་ལ་གཟིགས།
ལྕེ་གནད་བདུན་པཿ དཔེ་རིས་༡་དང་༢་ལ་གཟིགས།
ལྕེ་གནད་བཞི་བཿ དཔེ་རིས་༡་དང་༢་ལ་གཟིགས།
ལྕེ་གནད་གསུམ་པཿ དཔེ་རིས་༡་དང་༢་ལ་གཟིགས།
ལྕེ་ཕྲུགཿ དཔེ་རིས་༡་དང་༢་ལ་གཟིགས།
ལྕེ་དབྱངསཿ ལྕེ་ལས་བྱུང་དབྱངས་ཁག།
ལྕེ་མིདཿ དབྱངས་ཉི་ཤུའི་བཅུ་གཅིག་པའི་མིང།
ལྕེ་སྨདཿ དཔེ་རིས་༡་དང་༢་ལ་གཟིགས།
ལྕེ་རྩེཿ དཔེ་རིས་༡་དང་༢་ལ་གཟིགས།
ལྕེ་ཡི་སྤྲོས་པཿ ས་བཅད་གཉིས་པའི་ཤོག་གྲངས་༡༡༤་སོགས་ལ་གཟིགས།
ལྕེ་རངཿ དབྱངས་ཉི་ཤུའི་བརྒྱད་པའི་མིང།
འཆའ་གདངསཿ ཅ་སྡེའི་ཁྱིམ་སྐོར་གསུམ་པ་ཕྱེད་སྣ་ལྡན་གྱི་སྒྲ་སྤྱིའི་མིང།
མཆུ་མགལཿ དབྱངས་ཉི་ཤུའི་བཅུ་དྲུག་པའི་མིང།
མཆུ་མགལ་བསྡམསཿ དབྱངས་ཉི་ཤུའི་བཅུ་བདུན་པའི་མིང།
མཆུ་མགལ་མིདཿ དབྱངས་ཉི་ཤུའི་ཉི་ཤུ་བའི་མིང།
མཆུ་མགལ་རབཿ དབྱངས་ཉི་ཤུའི་བཅོ་བརྒྱད་པའི་མིང།
མཆུ་སྒྲོསཿ དཔེ་རིས་༡་དང་༢་ལ་གཟིགས།
མཆུ་དབྱངསཿ མཆུ་ལས་བྱུང་བའི་དབྱངས།
མཆུ་མིདཿ དབྱངས་ཉི་ཤུའི་བཅུ་དགུ་བའི་མིང།
མཆུ་འཛོསཿ མཆུ་ཡི་སྤྲོས་པའི་བྱེ་བྲག་ཅིག།
མཆུ་ཡི་སྤྲོས་པཿ ས་བཅད་ཤོག་གྲངས་༡༡༤་སོགས་ལ་གཟིགས།
མཆུ་རངཿ དབྱངས་ཉི་ཤུའི་བཅོ་ལྔ་བའི་མིང།
ཇ་གདངསཿ ཅ་སྡེའི་ཁྱིམ་སྐོར་དང་པོ་སྣ་མི་ལྡན་ཁྱིམ་སྐོར་གྱི་སྒྲ་རྣམས།
ཇ་གནསཿ ཅ་སྡེའི་སྒྲ་རྣམས་འབྱུང་བའི་གནས་དང་གནས་གནད།
འཇའ་གདངསཿ ཅ་སྡེའི་ཁྱིམ་སྐོར་གསུམ་པ་ཕྱེད་སྣ་ལྡན་ཁྱིམ་སྐོར་གྱི་སྒྲ་རྣམས།
འཇའ་ལམཿ དཔེ་རིས་༡་དང་༢་ལ་གཟིགས།
འཇོང་བཿ ལྕེ་ཡི་འཇོག་ཚུལ་ཞིག། དེ་ཡང་ལ་སྒྲ་འདོན་སྐབས་སུ་ལྕེ་ཡི་གཟུགས་འདི་ལྟར་འཇོག་དགོས།
བརྗོད་འདོདཿ ས་བཅད་དང་པོའི་ཤོག་གྲངས་༥༦་ལ་གཟིགས།
ཉ་གདངསཿ ཅ་སྡེའི་ཁྱིམ་སྐོར་གཉིས་པ་སྣ་ཡོངས་ལྡན་ཁྱིམ་སྐོར་གྱི་སྒྲ་རྣམས།
ཉིང་ལག་གི་དབྱེ་ཚུལཿ སྡེ་བ་དབྱེ་ཚུལ་ཞིག།
སྙེན་པཿ ས་བཅད་དང་པོའི་ཤོག་གྲངས་༣༧་སོགས་ལ་གཟིགས།
མཉམ་པཿ རྩོལ་བའི་རྣམ་པ་ཞིག། མོ་ཡི་རྩོལ་བའི་སྐབས།
ཏ་སྡེཿ ས་བཅད་བཅུ་བའི་བརྗོད་བྱ་གཙོ་བོ།
ཏ་སྡེའི་གདངསཿ ཏ་སྡེའི་སྒྲ་སྤྱིའི་མིང།
ཏྂ་སྡེཿ འདི་ནི་དབྱིན་ཇིའི་སྒྲ་th སོགས་ཀྱི་སྒྲ་ཡི་སྡེ་ཚན་ལ་བཤད་པ་ཡིན། འདི་ལ་ཏྂ་སྡེ་ཞེས་འདོགས་འོས་པ་ཡིན། རྒྱུ་མཚན་ནི་སྒྲ་འདི་ལ་རང་གི་གནས་གནད་ལོགས་སུ་འཇོག་རྒྱུ་ཡོད་པ་དང, དེ་ཡང་ཏ་སྡེ་དང་ཅུང་འདྲ་བའི་དབང་གིས་ཡིན། འདིའི་གནས་ནི་ལྕེ་ཐོད་དང་ཡ་སོ་གཉིས་ལ་འཇོག་པ་ཡིན། དེ་ནི་ལྷན་ཐབས་གསུམ་པའི་ནང་གི་དཔེ་རིས་༢༡་ལ་གསལ་བ་དེ་ཡིན།
ཊྲ་སྒྲ་ཀུན་རྫོབ་པཿ སྔར་ཊྲ་ལ་འདོན་པའི་སྒྲ་སྟེ, ད་ལྟའི་རྒྱ་གར་དུ་ཊྲ་ལ་འདོན་པའི་སྒྲ།
ཊྲ་སྒྲ་དོན་དམ་པཿ ཊ་སྡེའི་ཀ་མད་དང་པོའི་སྒྲ་སྟེ, དེང་སང་ཊྲ་འམ་ཊ་ལ་འདོན་པའི་སྒྲ། མཚོན་བྱེད་ལ་《ཌཨ》འབྲི།
རྟིང་མཿ ཞབས་མ་སྟེ, འདིར་གནས་གནད་ལ་འོག་དང་སྒང་མ་གཉིས་ཡོད་པའི་འོག་མ་ལ་གོ། དེ་ཡང་ལྕེ་ཐོག་གི་གནས་གནད་དང་མ་སྒྲོས་ཀྱི་ཐོག་གི་གནས་གནད་དག་ལ་གོ་བ་ཡིན།
སྟེང་མཿ གོང་གི་འདིའི་ལྡོག་ཟླ་སྟེ, སྐབས་འདིར་གནས་གནད་ལ་འོག་མ་དང་སྒང་མ་གཉིས་ཡོད་པའི་སྒང་མ་ལ་གོ། དེ་ཡང་རྐན་ངོས་ཀྱི་གནས་གནད་དང་ཡ་སྒྲོས་ཀྱི་ཐོག་གི་གནས་གནད་དག་ལ་གོ་བ་ཡིན། ཕྱི་རྒྱལ་གྱི་སྒྲ་ཡི་དབང་དུ་བྱས་ན་ཡ་སོའི་རྩེ་མོ་ལ་ཡང་གོ་བ་ཡིན།
ཐོན་ལུགས་ཀྱི་ངགཿ བོད་ཀྱི་ཀ་མད་སུམ་ཅུས་ཇི་ལྟར་འབྲི་ཐུབ་པའི་སྒྲ་ཡོད་ཚད།
ཐྲ་སྒྲ་ཀུན་རྫོབ་པཿ སྔར་ཐྲ་ལ་འདོན་པའི་སྒྲ་སྟེ, ད་ལྟའི་རྒྱ་གར་བས་ཐྲ་ལ་འདོན་པའི་སྒྲ།
ཐྲ་སྒྲ་དོན་དམ་པཿ ཊ་སྡེའི་ཀ་མད་གཉིས་པའི་སྒྲ་སྟེ, དེང་སང་ཁྲ་ལ་འདོན་པའི་སྒྲ། མཚོན་བྱེད་ནི་《ཌཧ》འབྲི།
ད་གདངསཿ ཏ་སྡེའི་ཁྱིམ་དང་པོ་སྣ་མི་ལྡན་ཁྱིམ་སྐོར་གྱི་སྒྲ་རྣམས།
ད་གནསཿ ཏ་སྡེའི་སྒྲ་རྣམས་འབྱུང་བའི་གནས་དང་གནས་གནད།
དག་ཡིགཿ ཐ་སྙད་རེ་རེ་བཞིན་ཞིབ་འགྲེལ་བྱས་པའི་དཔེ་དེབ་ཅིག། དེ་ནི་དབྱིན་སྐད་དུ་Dictionary ཞེས་པའི་ཐད་དུ་སྦྱོར་དགོས་པ་ཡིན། ཚིག་མཛོད་ཅེས་པ་ནི་Theasurus ཞེས་པའི་ཐད་དུ་སྦྱར་ན་འོས།
དམ་པཿ ས་བཅད་དང་པོའི་ཤོག་གྲངས་ ༣༧ སོགས་ལ་གཟིགས།
དམ་པའི་ག་སྒྲཿ ག་སྒྲ་ཉིད། ’ཀ་གནས་དམ་མེད’ཀྱི་སྒྲ་ཡང་ཟེར།
དམ་པའི་ཇ་སྒྲཿ ཇ་སྒྲ་ཉིད། ’ཅ་གནས་དམ་མེད’ཀྱི་སྒྲ་ཡང་ཟེར།
དམ་པའི་བ་སྒྲཿ དབུས་ལུགས་ཀྱི་བ་སྒྲ་ཉིད། ’པ་གནས་དམ་མེད’ཀྱི་སྒྲ་ཡང་ཟེར།
དམ་པའི་ཁྱིམཿ སྡེ་བ་དབྱེ་ཚུལ་ཞིག། དམ་པའི་བྱེད་པ་ཅན་གྱི་ཀམད་ཀྱི་སྒྲ་ལ་གོ།
དུས་ཀྱི་རྐྱེནཿ ས་བཅད་དང་པོའི་ཤོག་གྲངས་ ༥༡ སོགས་ལ་གཟིགས།
དྲ་སྒྲ་ཀུན་རྫོབ་པཿ སྔར་དྲ་ལ་འདོན་པའི་སྒྲ་སྟེ, ད་ལྟའི་རྒྱ་གར་བས་དྲ་ལ་འདོན་པའི་སྒྲ།
དྲ་སྒྲ་དོན་དམ་པཿ ཊ་སྡེའི་ཀ་མད་གསུམ་པའི་སྒྲ་སྟེ, དེང་སང་དྲ་འམ་ཌ་ལ་འདོན་པའི་སྒྲ། མཚོན་བྱེད་ནི་《ཌའ》འབྲི།
དྲག་པཿ རྩོལ་བའི་རྣམ་པ་ཞིག། ཕོ་ཡི་རྩོལ་བའི་སྐབས།
གདངསཿ སྤྱིར་གདངས་པ་ཞེས་པ་རོལ་མོ་རིག་པའི་ནང་དུ་སྒྲ་ཡི་ངོས་ཞིག་ལ་གོ། དེ་ལ་རྩ་བའི་གདངས་ལྔ་ལ་ཡན་ལག་གཉིས་བསྣན་པས་སྤྱིའི་གདངས་བདུན་དང, དེ་དག་ལས་སྤྲོས་པའི་གདངས་གྲངས་ལས་འདས་པ་ཡོད། སྐབས་འདིར་སྡེ་བ་གཅིག་གི་ཁོངས་སུ་གཏོགས་པའི་སྒྲ་གང་ཞིག་ལམ་གྱི་རྐྱེན་མ་གཏོགས་གནས་དང་བྱེད་པ་མཚན་མ་གང་ཐད་ནས་གཅིག་གྱུར་ཡིན་པའི་ངག་སྒྲ་གདངས་གཅིག་པ་ཡིན་པའི་སྒྲ་ཡི་སྡེ་ཚན་དག་ལ་གདངས་ཞེས་འབོད། དཔེར་ན་ག་ང་འགའ་གསུམ་ནི་ཀ་སྡེའི་ནང་གི་གདངས་མ་འདྲ་བ་གསུམ་ཡིན་ཞིང, འདི་དག་གི་ཁྱད་པར་ནི་ལམ་གྱི་རྐྱེན་མ་གཏོགས་གཞན་འགྲུབ་རྐྱེན་གང་ཐད་ནས་གཅིག་པ་ཡིན། དེ་ཡང་ཀ་སྒྲ, ཁ་སྒྲ, ག་སྒྲ, གསུམ་ནི་གདངས་གཅིག་ལ་བརྩི་བ་དང་, དེ་དག་དང་ང་སྒྲ་གཉིས་གདངས་ཐ་དད་དུ་བརྩི་བ་ཡིན། མདོར་ན་ཁྱིམ་སྐོར་རེའི་སྒྲ་རྣམས་ལ་གདངས་བྱེ་བྲག་པ་རེར་བརྩི་བ་ཡིན།
གདངས་འགྱུརཿ བོད་པའི་ངག་ཏུ་སྡེ་བ་གཅིག་གི་ནང་གི་ཀ་མད་འགའ་རེ་གདངས་ཀྱི་སྡེ་ཁག་སོ་སོར་གནས་ཡོད་ཀྱང་ཕན་ཚུན་ཀློག་བརྗེས་པ་འམ་ཀློག་ནོར་འདོན། དཔེར་ན་’འགའ’སྒྲ་དང་’ལྒ’་སྒྲ་གཉིས་གདངས་ནི་སྣ་འདྲེ་མ་འདྲེས་པའི་གདངས་ཀྱི་སྡེ་ཚན་མི་གཅིག་པའི་སྒྲ་ཡིན་ཀྱང་དེ་གཉིས་ཀྱི་སྒྲ་ཕན་ཚུན་བརྗེས་ནས་སམ་གཅིག་པར་འདོན་མཁན་མང་པོ་ཡོད། འདི་འདྲ་ལ་’གདངས་འགྱུར’ཟེར། དཔེར་ན་བོད་ཀྱི་ངག་ཏུ་’ལྒ’་དང་’འགའ’་གཉིས་ཀྱི་སྒྲ་ལ་སྣ་དང་འདྲེས་པ་དང་མ་འདྲེས་ཀྱི་ཁྱད་པར་ཡོད་པ་དེ་ཡང་ཡང་བརྗེས་ནས་སམ་ནོར་ནས་འདོན་པའི་སྲོལ་ཞིག་ཡོད། དེ་ནི་དཔེར་ན་ཀ་མད་༦༨་པ་དང་༨༩་གཉིས་ཀྱི་ཁྱད་པར་སོགས་ཡིན། འདི་ལ་’གདངས་གནས་འགྱུར’དང’་གདངས་སྣ་འགྱུར’་ཞེས་དབྱེ་བ་གཉིས་སུ་དབྱེ་རྒྱུ་ཡོད། དང་པོ་ནི་སྣ་ཕྱེ་ལྡན་གྱི་དམ་པའི་མཚན་མེད་ཀྱི་སྒྲ་དག་སྣ་མི་ལྡན་དམ་པའི་མ་ནིང་གི་སྒྲ་ལ་འགྱུར་ནས་འདོན་པ་དེ་ལ་ཟེར, འདི་ལ་’གདངས་གནས་འགྱུར’་ཞེས་བཏག་པ་དང, གཉིས་པ་ནི་སྣ་མི་ལྡན་དམ་པའི་མ་ནིང་གི་སྒྲ་རྣམས་ཕྱེད་སྣ་ལྡན་དམ་པའི་མཚན་མེད་ཀྱི་སྒྲ་རུ་འགྱུར་ནས་འདོན་པ་དེ་ལ་ཟེར། འདི་ལ་’གདངས་སྣ་འགྱུར’་ཞེས་བཏག་པ་ཡིན།
གདངས་སྣ་འགྱུརཿ གདངས་འགྱུར་གྱི་བྱེ་བྲག་ཅིག། དོན་དག་གོང་དུ་གསལ།
གདངས་གནས་འགྱུརཿ གདངས་གྱུར་གྱི་བྱེ་བྲག་ཅིག། དོན་དག་གོང་དུ་གསལ།
མདོ་སྐདཿ མདོ་ཡུལ་དུ་བཤད་པའི་སྐད་ཆ།
མདོ་བཿ མདོ་ཡུལ་གྱི་མི།
མདོ་ཡུལཿ མདོ་སྐད་བཤད་པའི་ཡུལ།
འདའ་གདངསཿ ཏ་སྡེའི་ཁྱིམ་སྐོར་གསུམ་པ་ཕྱེད་སྣ་ལྡན་ཁྱིམ་སྐོར་གྱི་སྒྲ་རྣམས།
སྡེ་བཿ སྡེ་བ་དབྱེ་ཚུལ་ཞིག། དེ་ཡང་སྒྲ་སོ་སོའི་གནས་ཀྱི་ཁྱད་པར་གྱི་སྒོ་ནས་ངག་སྒྲ་ལ་རྩ་བའི་དབྱེ་བ་ལ་སྡེ་བ་ཞེས་བཞག། དེས་ན་བོད་ཀྱི་ངག་ལ་གནས་དགུ་ཡི་ཁྱད་པར་དུ་བྱས་པའི་སྡེ་བ་དགུ་ཡོད།
སྡེར་བཿ བྱ་ཚིག དཀྱིལ་ཟུང་ཟད་དོང་དོང་ཡོད་པའི་སྒོ་ནས་ལེབ་གྱིས་བརྡལ་བའི་དོན། ཊ་སྡེའི་སྒྲ་རྣམས་རྗོད་སྐབས་ལྕེ་སྡེར་ནས་ལྕེ་མཐའ་ཐམས་ཅད་ཡ་རྐན་ལ་ཐུག་དགོས། ལྷན་ཐབས་གསུམ་པར་གཟིགས།
ལྡོག་པའི་ཕྱོགསཿ སྒྲ་ཡི་ཞོན་པ་དབུགས་ཀྱི་རྒྱུ་ལམ་ལ་རྒྱུན་ལྡན་བཞིན་ཏེ་ཁོག་ནས་ཕྱིར་འདྲེན་རྒྱུ་མིན་པར་ཕྱི་ནས་ཁོག་ལ་གྱེན་དུ་འདྲེན་པའི་རིགས་ཤིག་དང་, ཕྱི་ནས་ནང་དང་ནང་ནས་ཕྱི་གཉིས་ལ་འགྲོ་རྒྱུ་མིན་པར་གནས་ཀྱི་ཐོག་ཏུ་གནོན་པ་དང་ ཡང་ཁོག་ནས་ཕྱིར་འདོན་པ་ཡིན་མོད་རྒྱུན་ལྡན་བཞིན་སྒྲ་རང་ཉིད་ཀྱི་གནས་གནད་བརྒྱུད་ནས་འགྲོ་བ་མིན་པར་གནས་ཀྱི་ཟུར་ཁུག་གཡས་གཡོན་གཉིས་ནས་འདྲེན་པའི་རིགས་གཅིག་བཅས་གཉིས་ཡོད་པ་ལ་གོ།
ན་གདངསཿ ཏ་སྡེའི་ཁྱིམ་སྐོར་གཉིས་པ་སྣ་ལྡན་ཁྱིམ་སྐོར་གྱི་སྒྲ་རྣམས་ལ་གོ།
ནང་འགོགཿ དཔེ་རིས་དང་པོར་གསལ་བ་བཞིན་སྣ་ལམ་བརྒྱུད་ནས་དབུགས་འགྲོ་སའི་ལམ་དེ་བཀག་པའི་རྣམ་པ་ལ་ཟེར། དེ་ཡང་སྣ་ལམ་ཅན་གྱི་སྒྲ་ཡོངས་རྫོགས་ལམ་ཁ་འདི་ཕྱེས་ནས་རྗོད་དགོས་པ་དང, སྣ་མི་ལྡན་པའི་སྒྲ་ཡོངས་རྫོགས་ལམ་འདི་བཀག་ནས་རྗོད་དགོས།
ནང་དུ་རྔུབ་པཿ ངག་གི་རྣམ་འགྱུར་ཞིག་སྟེ, དབུགས་ཀྱི་རྒྱུ་ཕྱོགས་རྒྱུན་ལྡན་ལས་ལྡོག་སྟེ་ཁ་ཡི་ཕྱི་ནས་ནང་ཕྱོགས་སུ་དྲངས་བའི་སྒོ་ནས་སྒྲ་འདོན་པའི་ཐབས་ཤིག་ཡིན། དཔེར་ན་མི་ཆེན་གྱི་མདུན་སར་གཡོག་པོས་’ལགས་སོ’་ཞེས་ཞུ་སྐབས་ཀྱི་རྗོད་ཚུལ་ལྟར་ཡིན། འདིའི་སྐབས་ཀྱི་སྒྲ་ནི་མིད་པའམ་མགྲིན་སྒྲོག་གམ་ཨོལ་བ་ལས་བྱུང་བ་མིན། དེའི་ཕྱིར་སྒྲ་འདི་རིགས་ལ་ཀ་མད་ཐ་སྙད་བཏག་མེད།
ནྲ་སྒྲ་ཀུན་རྫོབ་པཿ སྔར་ནྲ་ལ་འདོན་པའི་སྒྲ་སྟེ, ད་ལྟའི་རྒྱ་གར་དུ་ནྲ་ལ་འདོན་པའི་སྒྲ།
ནྲ་སྒྲ་དོན་དམ་པཿ ཊ་སྡེའི་ཀ་མད་བཅུ་དྲུག་པའི་སྒྲ་སྟེ, བོད་ཡུལ་ན་འདི་ལ་ད་ལྟ་ཚུལ་བཞིན་འདོན་མཁན་མེད། མཚོན་བྱེད་ནི་《འེཌཱཨ》འབྲི།
རྣལ་མའི་ཕྱོགསཿ སྒྲ་ཡི་ཞོན་པ་དབུགས་ཀྱི་རྒྱུ་ཕྱོགས་སྒྲ་རང་གི་གནས་ལམ་བརྒྱུད་ནས་དབྱུང་བ་མ་ཟད་ཁ་ཕྱོགས་ཀྱང་ཁོག་ནས་ཕྱིར་དབྱུང་བའི་རིགས་ལ་ཟེར།
ནེམ་རྐནཿ དཔེ་རིས་༡་དང་༢་ལ་གཟིགས།
གནས་དགུཿ འ་གནས་ནས་བ་གནས་བར་གྱི་དགུ་ལ་གནས་དགུ་ཞེས་འབོད། དེ་དག་ནི་བོད་པའི་ངག་སྒྲ་འདོན་བྱེད་ཀྱི་གནས་ཁོ་ན་ལ་བསམ་པ་ཡིན།
གནས་འཆོལ་བཿ ཡི་གེ་སོ་སོའི་སྐྱེ་གནས་ཇི་བཞིན་མ་རྙེད་པ་སྟེ, དཔེར་ན་ག་གནས་ལྟ་བུའི་གནས་གནད་གང་ཡིན་ངོས་འཛིན་ལེགས་པོར་མ་ཐུབ་པར་གྱ་གནས་དང་གྂ་གནས་སོགས་སུ་འགྱུར་བ་ཤོར་བ། འདིར་གནས་གནད་འཆོལ་བ་ཞེས་བརྗོད་ན་གསལ་ཁ ཆེ་བ་ཡིན།
གནས་གནདཿ ངག་སྒྲ་དབྱུང་བའི་རྒྱུ་རྐྱེན་དུ་གྱུར་བའི་ལྕེ་དང་རྐན་ངོས་ཀྱི་ས་ཁུལ་ཁག་གི་དཀྱིལ་དམིགས་ལ་གོ། འདིར་ལྕེ་གནད་བདུན་དང་རྐན་གནད་བདུན་བཤད་ཡོད།
གནས་གནད་གོང་མཿ ཀ་སྡེའི་གནས་གནད་གོང་མ་ནི་ཀྂ་སྡེའི་གནས་གནད་དང་, འོག་མ་ནི་ཀྱ་སྡེའི་གནས་གནད་ལ་ཟེར་བ་ཡིན།
གནས་གནད་རྟིང་མཿ སྒྲ་གང་ཞིག་དབྱུང་བའི་རྒྱུ་རྐྱེན་དུ་གྱུར་བའི་ལྕེ་ཐོག་ས་ཁུལ་ཁག་དང་མ་སྒྲོས་ཀྱི་ས་ཁུལ་བཅས་ཀྱི་ལྟེ་བ་དག་ལ་གོ་དགོས།
གནས་གནད་སྟེང་མཿ སྒྲ་གང་ཞིག་དབྱུང་བའི་རྒྱུ་རྐྱེན་དུ་གྱུར་བའི་རྐན་ངོས་ཀྱི་ས་ཁུལ་ཁག་དང་ཡ་སྒྲོས་ཀྱི་ས་ཁུལ་ལྟེ་བ་དག་ལ་གོ་དགོས།
གནས་གནད་འོག་མཿ གནས་གནད་གོང་མ་བཤད་པའི་སྐབས་སུ་གསལ།
གནས་གཞིཿ ལྕེ་མིད་མཆུ་མགལ་བཞི་ལ་སྤྱིའི་ཆ་ནས་གནས་གཞི་གཞི་ཞེས་གོ་ཆོག།། དཔེར་ན་ལྕེ་གནད་བཞི་བ་ལྔ་བ་དང་རྐན་གནད་བཞི་བ་ལྔ་བ་གཉིས་ཀྱིས་སྐྱེ་གནས་བཞི་སྒྲུབ་ཆོག།། དེ་དག་ནི་ལྕེ་གནད་བཞི་བ་དང་རྐན་གནད་བཞི་འདུས་པ, ལྕེ་གནད་ལྔ་བ་དང་རྐན་གནད་ལྔ་བ་འདུས་པ, ལྕེ་གནད་བཞི་བ་དང་རྐན་གནད་ལྔ་བ་འདུས་པ, ལྕེ་གནད་ལྔ་བ་དང་རྐན་གནད་བཞི་བ་འདུས་པ་བཅས་ཡི་གེའི་སྐྱེ་གནས་བཞི་སྒྲུབ་ཆོག། ཡིན།
གནས་ལམཿ སྒྲ་གང་ཞིག་གི་ཞོན་པའི་དབུགས་དེ་སྣ་ལམ་བརྒྱུད་ནས་བྱུང་བ་མ་ཡིན་པ་མ་ཟད་གནས་རང་གི་ཟུར་ནས་བྱུང་བ་ཡང་མ་ཡིན་པར་སྒྲ་རང་གི་གནས་གནད་བརྒྱུད་ནས་བྱུང་བའི་རིགས།
རྣལ་མའི་ཕྱོགསཿ སྡེ་བ་དབྱེ་ཚུལ་ཞིག།
སྣ་ལྡནཿ རྐྱེན་གྱི་བྱེ་བྲག་ཅིག།།
སྣ་ལམཿ དཔེ་རིས་༡་་དང་༢་པ་ལ་གཟིགས།
སྣ་མི་ལྡནཿ རྐྱེན་གྱི་བྱེ་བྲག་ཅིག།། ག་སྒྲ་ལྟ་བུའི་སྐབས།
སྣ་ཡོངས་ལྡནཿ རྐྱེན་གྱི་བྱེ་བྲག་ཅིག།། ང་སྒྲ་ལྟ་་བུའི་སྐབས།
སྣ་ལམ་གྱི་རྐྱེནཿ རྐྱེན་གྱི་བྱེ་བྲག་ཅིག།།
པ་སྡེཿ ས་བཅད་བཅུ་གཅིག་པའི་བརྗོད་བྱ་གཙོ་བོ།
པ་སྡེའི་གདངསཿ པ་སྡེའི་སྒྲ་སྤྱིའི་མིང།
པྱ་སྒྲ་ཀུན་རྫོབ་པཿ སྔར་པྱ་ལ་འདོན་པའི་སྒྲ་སྟེ, ད་ལྟའི་རྒྱ་བས་པྱ་ལ་འདོན་པའི་སྒྲ།
པྱ་སྒྲ་དོན་དམ་པཿ ད་ལྟ་བོད་ཡུལ་ན་པྱ་སྒྲ་འདིར་འདོན་སྟངས་མི་གཅིག་པ་མང་བས་པྱ་སྒྲ་དོན་དམ་པ་གཅིག་ལ་གནས་པ་ཞིག་མེད། དེ་ཡང་ཀྱ, ཙ, གཤའ, གསའ, བཅས་འདོན་སྟངས་བཞི་ཡོད་པ་དེ་དག་པྱ་སྒྲ་དོན་དམ་པའི་སྒྲ་ཡིན། དེ་དག་ལས་དང་པོ་ནི་ཀྱ་སྡེའི་ཀ་མད་དང་པོའི་སྒྲ, གཉིས་པ་ནི་ཙ་སྡེའི་ཀ་མད་དང་པོའི་སྒྲ, གསུམ་པ་ནི་ཅ་སྡེའི་ཀ་མད་ལྔ་བའི་སྒྲ, བཞི་བ་ནི་ཙ་སྡེའི་ཀ་མད་ལྔ་བའི་སྒྲ་བཅས་ཡིན། འདི་དག་གི་མཚོན་བྱེད་ནི་རིམ་བཞིན་《གྱཨ》《ཛཨ》《འཇེཨ》《འཛེཨ》བཅས་འབྲི་བ་ཡིན།
པྲ་སྒྲ་ཀུན་རྫོབ་པཿ སྔར་པྲ་ལ་འདོན་པའི་སྒྲ་སྟེ, ད་ལྟའི་རྒྱ་གར་བས་པྲ་ལ་འདོན་པའི་སྒྲ།
པྲ་སྒྲ་དོན་དམ་པཿ ཊ་སྡེའི་ཀ་མད་དང་པོའི་སྒྲ་སྟེ, ད་ལྟ་རང་རེས་པྲ་འམ་ཊ་ལ་འདོན་པའི་སྒྲ། མཚོན་བྱེད་ནི་《ཌཨ》འབྲི།
པྂ་སྡེཿ འདི་ནི་དབྱིན་ཇིའི་སྒྲ་f དང་v སོགས་ཀྱི་སྒྲ་ཡི་སྡེ་ཚན་ལ་བཤད་པ་ཡིན། འདི་ལ་པྂ་སྡེ་ཞེས་འདོགས་འོས་པ་ཡིན། རྒྱུ་མཚནནི་སྒྲ་འདི་ལ་རང་གི་གནས་གནད་ལོགས་སུ་འཇོག་རྒྱུ་ཡོད་པ་དང, པ་སྡེ་དང་ཅུང་འདྲ་བའི་དབང་གིས་ཡིན། འདིའི་གནས་ནི་མ་སྒྲོས་དང་ཡ་སོ་གཉིས་ཡིན། དེ་ནི་ལྷན་ཐབས་གསུམ་པའི་ནང་གི་དཔེ་རིས་༢༠་པ་ལ་གསལ་བ་དེ་ཡིན།
སྤྲོས་པཿ དབྱངས་ཀྱི་སྤུ་རིས་འབྱེད་བྱེད་ཅིག།། ས་བཅད་གཉིས་པར་གསལ།
ཕོཿ མཚན་མ་ཞིག།། ཨ་མཚན་ཀྱང་ཟེར།
ཕོ་འགྱུར་མ་ནིངཿ མཚན་མ་ཞིག།། ཨྂ་མཚན་ཀྱང་ཟེར།
བྱེད་སྟོདཿ ས་བཅད་དང་པོའི་ཤོག་གྲངས་༣༦་སོགས་ལ་གཟིགས།
ཕྱ་སྒྲ་ཀུན་རྫོབ་པཿ སྔར་ཕྱ་སྒྲ་འདོན་པའི་སྒྲ་སྟེ, ད་ལྟའི་རྒྱ་གར་བས་ཕྱ་ལ་འདོན་པའི་སྒྲ།
ཕྱ་སྒྲ་དོན་དམ་པཿ བོད་ཡུལ་ན་ད་ལྟ་ཕྱ་འདིར་འདོན་སྟངས་མི་གཅིག་པ་མང་བས་ཕྱ་སྒྲ་དོན་དམ་གཅིག་ཏུ་གནས་པ་ཞིག་མེད། དེ་ཡང་ཁྱ, ཚ, ཤ, ས, བཅས་འདོན་སྟངས་བཞི་ཡོད་པ་དེ་ཕྱ་སྒྲ་དོན་དམ་པ་ཡིན། དེ་དག་ལས་དང་པོ་ནི་ཀྱ་སྡེའི་ཀ་མད་གཉིས་པའི་སྒྲ, གཉིས་པ་ནི་ཙ་སྡེའི་ཀ་མད་གཉིས་པའི་སྒྲ, གསུམ་པ་ནི་ཅ་སྡེའི་ཀ་མད་དྲུག་པའི་སྒྲ, བཞི་བ་ནི་ཙ་སྡེའི་ཀ་མད་དྲུག་པའི་སྒྲ, བཅས་ཡིན། འདི་དག་གི་མཚོན་བྱེད་ནི་རིམ་བཞིན་《གྱཧ》《ཛཧ》《འཇེཧ》《འཛེཧ》བཅས་འབྲི་བ་ཡིན།
ཕྱིར་བཞུད་པཿ དབུགས་ཀྱི་རྒྱུ་ཕྱོགས་རྒྱུན་ལྡན་ཅན་སྟེ, ཁོག་ནས་ཕྱིར་འདོན་པའི་རིགས།
ཕྱེ་སྣ་ལྡནཿ སྡེ་བའི་དབྱེ་ཚུལ་ཞིག།
ཕྱོགས་ཀྱི་རྐྱེནཿ རྐྱེན་གྱི་བྱེ་བྲག་ཅིག། དབུགས་ནང་རྔུབ་དང་ཕྱིར་འདོན་པ་གང་ཡིན་གྱི་ཁྱད་པར་འདི་ལས་ཤེས་དགོས།
ཕྲ་སྒྲ་ཀུན་རྫོབ་བཿ སྔར་ཕྲ་ལ་འདོན་པའི་སྒྲ་སྟེ, ད་ལྟའི་རྒྱ་གར་དུ་ཕྲ་ལ་འདོན་པའི་སྒྲ།
ཕྲ་སྒྲ་དོན་དམ་པཿ ཊ་སྡེའི་ཀ་མད་གཉིས་པའི་སྒྲ་སྟེ, ད་ལྟ་ཕྲ་འམ་ཋ་ལ་འདོན་པའི་སྒྲ། མཚོན་བྱེད་ལ་《ཌཧ》འབྲི།
འཕྲད་པཿ ས་བཅད་དང་པོའི་ཤོག་གྲངས་༣༧་སོགས་ལ་གཟིགས།
བ་གདངསཿ པ་སྡེའི་ཁྱིམ་སྐོར་དང་པོ་སྣ་མི་ལྡན་ཁྱིམ་སྐོར་གྱི་སྒྲ་རྣམས།
བ་གནསཿ པ་སྡེའི་སྒྲ་རྣམས་འབྱུང་བའི་གནས་དང་གནས་གནད།
བྂ་གནསཿ པྂ་སྡེའི་སྒྲ་ཕྂ་སོགས་འབྱུང་བའི་གནས་དང་གནས་གནད།
བོད་ཀྱི་ངགཿ སྔོན་གླེང་གི་ནང་དུ་ཁ་བྱང་གི་འགྲེལ་བ་ལ་གཟིགས།
བོད་ཀྱི་ངག་རིག་པཿ སྔོན་གླེང་གི་ནང་དུ་ཁ་བྱང་གི་འགྲེལ་བ་ལ་གཟིགས།
བྱ་སྒྲ་ཀུན་རྫོབ་པཿ སྔ་བྱ་ལ་འདོན་པའི་སྒྲ་སྟེ, ད་ལྟའི་རྒྱ་གར་བས་བྱ་ལ་འདོན་པའི་སྒྲ།
བྱ་སྒྲ་དོན་དམ་པཿ བོད་ཡུལ་ན་ད་ལྟ་བྱ་འདིར་འདོན་སྟངས་མི་གཅིག་པ་མང་བས་བྱ་སྒྲ་དོན་དམ་པ་གཅིག་ལ་གནས་མེད། དེ་ཡང་གྱ, ཛ, ཟ, བཅས་ཀྱི་འདོན་སྟངས་བཞི་ཡོད་པ་དེ་དག་བྱ་སྒྲ་དོན་པ་ཡིན། དེ་དག་ལས་དང་པོ་ནི་ཀྱ་སྡེའི་ཀ་མད་གསུམ་པའི་སྒྲ, གཉིས་པ་ནི་ཙ་སྡེའི་ཀ་མད་གསུམ་པའི་སྒྲ, གསུམ་པ་ནི་ཅ་སྡེའི་ཀ་མད་བདུན་པའི་སྒྲ, བཞི་བ་ནི་ཙ་སྡེའི་ཀ་མད་བདུན་པའི་སྒྲ, བཅས་ཡིན། འདི་དག་གི་མཚོན་བྱེད་ནི་རིམ་བཞིན་《གྱའ》《ཛའ》《འཇེའ》《འཛེའ》བཅས་འབྲི་བ་ཡིན།
བྱེད་པཿ སྦྱོར་འཕྲད་སྙེན་གསུམ་གྱི་སྤྱི་མིང།
བྱེད་སྨདཿ བྱེད་པ་སྔ་ཕྱི་གཉིས་ལ་ཕྱི་མ།
བྱེད་ལམཿ ཡི་གེ་གང་ཞིག་གི་བྱེད་སྟོད་བྱེད་སྐབས་རང་གི་གནས་གནད་རྟིང་མ་དེ་གནས་གནད་སྟེང་མའི་ཕྱོགས་སུ་འགུལ་དགོས་ཤིང, དེ་ལྟར་འགུལ་སྐབས་ཀྱི་ལམ་ཁ་དེ་ལ་བྱེད་ལམ་ཞེས་བཏག་པ་ཡིན། དཔེ་རིས་༢་འགྲེལ་བཤད་ཀྱི་སྐབས་སུ་གཟིགས་པར་འཚལ།
བྲ་སྒྲ་ཀུན་རྫོབ་པཿ སྔར་བྲ་ལ་འདོན་པའི་སྒྲ་སྟེ, ད་ལྟའི་རྒྱ་གར་དུ་བྲ་ལ་འདོན་པའི་སྒྲ།
བྲ་སྒྲ་དོན་དམ་པཿ ཊ་སྡེའི་ཀ་མད་གསུམ་པ་སྒྲ་སྟེ, ད་ལྟ་རང་རེས་བྲ་འམ་ཌ་ལ་འདོན་པའི་སྒྲ། མཚོན་བྱེད་ལ་《ཌའ》འབྲི།
སྦྱོར་བཿ བྱེད་པ་དམ་པ། རྐྱེན་འགུལ་སྐྱོད།
སྦྱོར་འཕྲད་སྙེན་གསུམཿ བྱེད་པ་རྣམ་གྲངས་གསུམ།
སྦྱོར་བའི་རྐྱེནཿ འགུལ་སྐྱོད་ཀྱི་རྐྱེན།
དབུས་སྐདཿ དབུས་ཡུལ་དུ་བཤད་པའི་སྐད་ཆ།
དབུས་པཿ དབུས་ཡུལ་གྱི་མིཿ
དབུས་ཡུལཿ དབུས་སྐད་བཤད་པའི་ཡུལ་སྤྱིའི་མིང། འདིར་མོན་འབྲུག་ལ་དྭགས་དང་བཅས་པ་ཚུད།
དབུགས་ལྡནཿ སྡེ་བ་དབྱེ་ཚུལ་ཞིག།། ཀ་མད་གང་ཞིག་གི་བྱེད་སྟོད་ཀྱི་སྐབས་སུ་འམ་སྒྲ་མ་གྲག་སྔོན་དུ་དབུགས་ཕྱིར་འཐོན་པའི་རིགས། དཔེར་ན་ཤ་ཞ་ཡ་སོགས།
དབུགས་ནང་རྔུབཿ རྐྱེན་གྱི་བྱེ་བྲག་ཅིག།། ནང་རྔུབ་ཀྱི་སྐབས་སུ་བཤད་ཟིན།
དབུགས་མེདཿ སྡེ་བ་དབྱེ་ཚུལ་ཅིག། ཀ་མད་གང་ཞིག་གི་བྱེད་སྟོད་ཀྱི་སྐབས་སུ་འམ་སྒྲ་མ་གྲག་སྔོན་དུ་དབུགས་ཕྱིར་མི་འཐོན་པའི་རིགས། དཔེར་ན་ཅ་ཆ་སོགས་དབུགས་མེད་དང་ཞ་ཡ་སོགས་དབུགས་ལྡན་ཡིན།
དབུགས་ཙམཿ སྡེ་བ་དབྱེ་ཚུལ་ཞིག།། སྒྲ་མ་གྲག་སྔོན་དུ་དབུགས་ཕྱིར་ཞིང་དེ་དང་ལྷན་དུ་སྒྲ་ཡང་འདོན་པ།
དབྱེ་རིསཿ ལྷན་ཐབས་ཁག་ལ་གཟིགས།
འབའ་གདངསཿ པ་སྡེའི་ཁྱིམ་སྐོར་གསུམ་པ་ཕྱེད་སྣ་ལྡན་ཁྱིམ་སྐོར་ཀྱི་སྒྲ་རྣམས།
འབིར་བཿ བྱ་ཚིག།། འདས་པར་བིར་ཞེས་འབྲི་རྒྱུ། དེ་ནི་ཀ་སྡེ་སོགས་ཀྱི་ཟུར་ལམ་རྐྱེན་ཅན་གྱི་སྒྲ་རྗོད་སྐབས་ལྕེ་ཡི་སྡོད་ཚུལ་ཞིག་ཡིན། ལྷན་ཐབས་གསུམ་པ་ལ་གཟིགས།
འབུར་རྐནཿ དཔེ་རིས་༡་དང་༢་ལ་གཟིགས།
འབུར་རྐན་སྒངཿ དཔེ་རིས་༡་དང་༢་ལ་གཟིགས།
འབུར་རྐན་ཕྱི་ངོསཿ དཔེ་རིས་༡་དང་༢་ལ་གཟིགས།
ཕྱི་འབྱརཿ མིང་གཞིའི་སྒྲ་རྗེས་སུ་འདོན་དགོས་པའི་སྒྲ། རྗེས་འཇུག་དང་ཡང་འཇུག་ཀྱི་སྤྱི་མིང།
མ་མགལཿ དཔེ་རིས་༡་དང་༢་ལ་གཟིགས།
མ་སྒྲོསཿ དཔེ་རིས་༡་དང་༢་ལ་གཟིགས།
མ་གདངསཿ པ་སྡེའི་ཁྱིམ་སྐོར་གཉིས་པ་སྣ་ཡོངས་ལྡན་གྱི་ཁྱིམ་སྐོར་གྱི་སྒྲ་རྣམས།
མ་ནིངཿ མཚན་མ་ཞིག། འྂ་མཚན་ཀྱང་ཟེར།
མི་རྒྱུད་རིག་པཿ མིའི་རིགས་ཀྱི་སྐྱེ་ཁུངས་དང་བྱད་དབྱིབས་འཆད་པའི་རིག་པའི་གཞུང་ལུགས་ཏེ, དབྱིན་སྐད་དུ་Anthropology ཞེས་འབོད།
མི་བཞུད་པཿ ངག་གི་རྣམ་འགྱུར་ཞིག་སྟེ, དབུགས་ཀྱི་རྒྱུ་བ་ཕྱི་དང་ནང་གང་གི་ཕྱོགས་སུ་ཡང་མིན་པར་གནས་གནད་སྟེང་རྟིང་གི་བར་ནས་སྒྲ་འབྱིན་ཐབས་ཤིག་ཡིན། འདི་ཀ་མད་ཀྱི་ཁོངས་མི་འཇོག།། རྒྱུ་མཚན་ནི་འདིའི་སྐབས་ཀྱི་སྒྲ་དེ་མགྲིན་སྒྲོག་ལས་བྱུང་བ་མ་ཡིན་པས་སོ།
མིད་བཀྱེདཿ དབྱངས་༤པ, ༡༡པ, ༡༢, ༡༤, ༡༩, ༢༠པ, བཅས་ཀྱི་སྐབས་དང་གསལ་བྱེད་མ་ནིང་གི་སྐབས་ཀྱི་གྲེ་བའི་སྡོད་སྟངས།
མིད་མགལཿ དབྱངས་ཉི་ཤུའི་གཉིས་པའི་མིང།
མིད་མགལ་མིདཿ དབྱངས་ཉི་ཤུའི་བཞི་བའི་མིང།
མིད་མགལ་རབཿ དབྱངས་ཉི་ཤུའི་ལྔ་བའི་མིང།
མིད་སྒྲོསཿ དབྱངས་ཉི་ཤུའི་དྲུག་པའི་མིང།
མིད་པཿ དཔེ་རིས་༡་དང་༢་ལ་གཟིགས།
མིད་བསྡམསཿ དབྱངས་ཉི་ཤུའི་བདུན་པ་དང་བཅུ་བདུན་པའི་སྐབས་ཀྱི་གྲེ་བའི་སྡོད་སྟངས།
མིད་པའི་སྤྲོས་པཿ གྲེ་བའི་འཇོག་ཚུལ་མི་འདྲ་བ་ལ་བརྟེན་ནས་དབྱངས་ཀྱི་སྤུ་རིས་ལོགས་སུ་འདོན་པའི་ཐབས་ཤིག།
མིད་མིདཿ དབྱངས་ཉི་ཤུའི་གསུམ་པའི་མིང།
མིད་རངཿ དབྱངས་ཉི་ཤུའི་དང་པོའི་མིང།
མིད་དབྱངསཿ མིད་པ་ལས་བྱུང་བའི་དབྱངས།
མེད་པཿ སྦྱོར་བ་མེད་པ་སྟེ་འ་སྒྲའི་སྐབས་སུ།
མོཿ མཚན་མ་ཞིག། ཧ་མཚན་ཀྱང་ཟེར།
མེད་འགྱུར་མ་ནིངཿ མཚན་མ་ཞིག། རྒྱུག་ཆེ་བའི་མ་ནིང། འྂ་མཚན་ཀྱང་ཟེར། ལྒ་སོགས་ཀྱི་ཁོག་གི་མཚན་མ།
མོ་འགྱུར་མ་ནིངཿ མཚན་མ་ཞིག། ཧྂ་མཚན་ཀྱང་ཟེར།
མྲ་སྒྲ་ཀུན་རྫོབ་པཿ སྔར་མྲ་ལ་འདོན་པའི་སྒྲ་སྟེ, ད་ལྟའི་རྒྱ་གར་དུ་མྲ་ལ་འདོན་པའི་སྒྲ།
མྲ་སྒྲ་དོན་དམ་པཿ མྲ་ནི་ནྲ་དང་འདྲ་བར་མྲ་སྒྲ་དོན་དམ་པའི་སྒྲ་ཞིག་མེད།
ཙ་སྡེཿ ས་བཅད་བརྒྱད་པའི་བརྗོད་བྱ་གཙོ་བོ།
ཙ་སྡེའི་གདངསཿ ཙ་སྡེའི་སྤྲ་སྤྱིའི་མིང།
ཙ་ལགཿ རིགས་འདྲ་བའི་སྒྲ་གསར་བ་མཚོན་ཆེད་དུ་ཐོན་མིས་གསར་གཏོད་མཛད་པའི་རྟགས་ཤིག།། འདིར་བདག་གིས་ཁོང་གི་བཀའ་དྲིན་བསབས་ཆེད་དུ་ཀྂ, ཕྂ, ལྟ་བུ་རྟགས་འདི་བེད་སྤྱོད་མང་ཙམ་བྱས་ཡོད། དེ་ནི་སྒྲ་དེ་ཚོ་ཀ་སྒྲ་དང་ཕ་སྒྲ་སོགས་ལ་འདྲ་སྟོན་ཆེད་དུ་ཡིན། (འོན་འདི་སྨོན་ལམ་༣་ཡིིན་པས་རྟགས་དེ་ཀྂ་ཕྂ་སོགས་ལས་མ་བྱུང)
རྩ་བའི་དབྱེ་ཚུལཿ སྡེ་བ་དབྱེ་ཚུལ་ཞིག།
རྩོལ་བཿ ཡི་གེའི་མཚན་མ་འཇོག་བྱེད་གསུམ་གྱི་གཅིག།
འཚོ་བཿ སྡེ་བ་དབྱེ་ཚུལ་ཞིག། དེ་ཡང་སྒྲ་སོ་སོའི་དུས་ཀྱི་རྐྱེན་གྱི་ཁྱད་པར་གྱི་སྒོ་ནས་ངག་སྒྲ་ཡི་སྡེ་བ་ལ་དབྱེ་བ་ཚོ་བ་ཞེས་བཞག།། དེས་ན་ཨ་སྡེ་ཕུད་པའི་སྡེ་བ་རེར་དབུགས་ལྡན་ཚོ་བ་དང་དབུགས་མེད་ཚོ་བ་གཉིས་རེ་ཡོད།
མཚན་མཿ གྲེ་བ, རླུང, རྩོལ་བ, གསུམ་གྱི་སྤྱི་འདུས་ཀྱི་གྲུབ་དོན།
མཚན་མ་བཞིཿ ཕོ, མོ, མཚན་མེད, མ་ནིང་(མེད་འགྱུར་མ་ནིང)་བཅས།
མཚན་མ་དྲུགཿ ཕོ, མོ, མཚན་མེད, ཕོ་འགྱུར་མ་ནིང, མོ་འགྱུར་མ་ནིང, མེད་འགྱུར་མ་ནིང, བཅས་ཡིན།
མཚན་མེདཿ ཕོ་མོ་མ་ནིང་གསུམ་གྱི་མཚན་མ་མེད་པ།
ཛ་གདངསཿ ཙ་སྡེའི་ཁྱིམ་སྐོར་དང་པོ་སྣ་མི་ལྡན་ཁྱིམ་སྐོར་གྱི་སྒྲ་རྣམས།
ཛ་གནསཿ ཙ་སྡེའི་སྒྲ་རྣམས་འབྱུང་བའི་གནས་དང་གནས་གནད།
འཛོ་བཿ མཆུ་སོགས་བརྐྱངས་བའི་དོན། འདས་པར་འཛོས་ཞེས་འབྲི་འོས།
ཞན་པཿ རྩོལ་བའི་རྣམ་པ་ཞིག། མཚན་མེད་ཀྱི་རྩོལ་བའི་སྐབས།
ཟུར་ལམཿ སྒྲ་གང་ཞིག་གི་ཞོན་པའི་དབུགས་དེ་སྣ་ལམ་བརྒྱུད་ནས་བྱུང་བ་མ་ཡིན་པ་མ་ཟད་གནས་རང་གི་གནས་གནད་བརྒྱུད་བྱུང་བ་མ་ཡིན་པར་སྒྲ་རང་གི་གནས་གནད་ཀྱི་ཟུར་གཡས་གཡོན་གངཉིས་བརྒྱུད་ནས་བྱུང་བའི་རིགས། མདོར་ན་དེ་ནི་ལྕེ་ཟུར་གཡས་གཡོན་གཉིས་དང་ཁ ཁུག་གཡས་གཡོན་གཉིས་བརྒྱུད་ནས་དབུགས་དེ་དབྱུང་བ་ལ་གོ།
འ་གྲེཿ མཚན་མ་མཚན་མེད་ཀྱི་སྐབས་ཀྱི་གྲེ་བ་སྟོད་སྟངས།
འྂ་གྲེཿ མཚན་མ་མ་ནིང་གི་སྐབས་ཀྱི་གྲེ་བ་སྡོད་སྟངས།
འ་མཚནཿ མཚན་མ་ཞིག།། མཚན་མེད་ཀྱང་ཟེར།
འྂ་་མཚནཿ མཚན་མ་ཞིག།། མ་ནིང་ཡང་ཟེར།
འ་རླུངཿ མཚན་མ་མཚན་མེད་སྐབས་ཀྱི་རླུང་གཡོ་སྟངས།
ཡ་མགལཿ དཔེ་རིས་༡་དང་༢་པ་ལ་གཟིགས།
ཡ་སྒྲོསཿ དཔེ་རིས་༡་དང་༢་ལ་གཟིགས།
ཡངས་པཿ བྱེད་པ་ཡངས་པ་སྟེ, གནས་གནད་རྟིང་མ་གནས་གནད་སྟེང་ལ་མ་ཐུག་པའི་བྱེད་པ།
ཡངས་པའི་ཁྱིམཿ སྡེ་བ་དབྱེ་ཚུལ་ཞིག། ཡངས་པའི་བྱེད་པ་ཅན་ཀྱི་ཀ་མད་ཀྱི་དབྱེ་ཚུལ།
ཡངས་པའི་ག་སྒྲཿ ག་སྒྲ་ཡངས་པ། ཀ་གནས་ཡངས་མེད་ཀྱི་སྒྲ།
ཡངས་པའི་ཇ་སྒྲཿ ཡ་སྒྲ་ཉིད། ཅ་གནས་ཡངས་མེད་ཀྱི་སྒྲ།
ཡངས་པའི་བ་སྒྲཿ མདོ་ལུགས་ཀྱི་བ་སྒྲ་འམ་དབུགས་ལུགས་ཝ་སྒྲ་ཉིད། པ་གནས་ཡང་མེད་ཀྱི་སྒྲ།
ཡན་ལག་གི་དབྱེ་ཚུལཿ སྡེ་བ་དབྱེ་ཚུལ་ཞིག།
རུ་ཁགཿ སྡེ་བ་དབྱེ་ཚུལ་ཞིག།། དེ་ཡང་སྒྲ་སོ་སོའི་དུས་ཀྱི་རྐྱེན་གྱི་བྱེ་བྲག་སྣ་ཡོངས་དང་ཕྱེད་སྣ་གཉིས་ཀྱི་ཁྱད་པར་སྒོ་ནས་ངག་སྒྲ་ཡི་ཤོག་ཁ་ལ་དབྱེ་བ་ལ་རུ་ཁག་ཅེས་བཞག།། དེས་ན་ཨ་སྡེ་ཕུད་པའི་སྡེ་བ་རེ་ལ་སྣ་ཡོངས་ལྡན་དང་ཕྱེད་སྣ་ལྡན་གྱི་ཁྱད་པར་དུ་བྱས་པའི་རུ་ཁག་གཉིས་རེ་ཡོད།
རླུངཿ ས་བཅད་དང་པོའི་ཤོག་གྲངས་༧༥་སོགས་ལ་གཟིགས། ཡི་གེའི་མཚན་མ་འཇོག་བྱེད་གསུམ་གྱི་གཅིག།།
རླུང་གི་རྩོལ་བཿ ཡ་གེའི་མཚན་མ་འཇོག་བྱེད་གསུམ་གྱི་གཅིག།།
ལམ་གྱི་རྐྱེནཿ སྒྲ་ཡི་ཞོན་པའི་དབུགས་དབྱུང་བའི་བརྒྱུད་ལམ་མི་འདྲ་བ་ལ་བརྟེན་ནས་སྒྲ་ཡི་སྤུ་རིས་མི་འདྲ་བ་འབྱུང་ཐབས་ཤིག།།
ལོག་པའི་ཕྱོགསཿ ངག་སྒྲ་དབྱེ་ཚུལ་ཞིག།། འགྲོ་བ་མིིའི་ངག་ནས་སྒྲ་འདོན་སྐབས་སུ་སྐབས་རེ་དབུགས་རྒྱན་ལྡན་བཞིན་ཁོག་ནས་ཕྱིར་འདོན་རྒྱུ་མིན་པར་ཕྱི་ནས་ནང་དུ་རྔུབ་པ་དང, ཡང་ཁོག་ནས་ཕྱིར་འདོན་པ་ཡིན་རུང, རྒྱུན་ལྡན་བཞིན་སྒྲ་རང་རང་གི་གནས་གནད་བརྒྱུད་ནས་མིན་པར་ལྕེ་ཟུར་གཡས་གཡོན་གཉིས་བརྒྱུད་ནས་དབྱུང་བའི་རིགས་ཤིག་ཡོད། དེ་དག་ལ་ལོག་པའི་ཕྱོགས་ཞེས་བཏག་པ་ཡིན།
ཤགཿ སྡེ་བ་དབྱེ་ཚུལ་ཞིག།། སྐབས་རེ་ཁྱིམ་གཅིག་ལ་ཤག་གཉིས་རེ་ལོགས་སུ་འབྱེད་དགོས། དེ་ཡང་སྒྲ་སོ་སོའི་དུས་ཀྱི་རྐྱེན་གྱི་བྱེ་བྲག་དབུགས་ཙམ་དང་སྒྲ་ཡང་གི་ཁྱད་པར་གྱི་སྒོ་ནས་ངག་སྒྲ་ཡི་ཁྱིམ་ལ་སྐབས་རེ་དབྱེ་བ་’ཤག’་ཅེས་པ་བཞག།། ཀ་སྡེ་དང་ཊ་སྡེའི་ཁྱིམ་གཉིས་པ་ལྷོད་པའི་ཁྱིམ་ལ་’དབུགས་ཙམ་ཤག’་དང་’སྒྲ་ཡང་ཤག’་གཉིས་རེ་བཞག་ཡོད། དེ་ནི་སྒྲ་གང་ཞིག་གི་བྱེད་སྟོད་ཀྱི་སྐབས་སུ་དབུགས་དང་ལྷན་དུ་སྒྲ་འདོན་མི་འདོན་གྱི་ཁྱད་པར་གྱིས་འཇོག་པ་ཡིན།
ཤོག་ཁཿ སྡེ་བ་དབྱེ་ཚུལ་ཞིག།། དེ་ཡང་སྒྲ་སོ་སོའི་ལམ་གྱི་རྐྱེན་གྱི་ཁྱད་པར་གྱི་སྒོ་ནས་ངག་སྒྲ་ཡི་ཚོ་བ་ལ་དབྱེ་ན་གནས་ལམ, སྣ་ལམ, ཟུར་ལམ, བཅས་ཀྱི་ཁྱད་པར་དུ་བྱས་པའི་ཤོག་ཁ་གསུར་རེ་ཡོད། ཨ་སྡེ་ལ་སྣ་འདྲེས་ཙམ་ལས་སྣ་ལམ་མཚན་ཉིད་པ་ཞིག་མེད་ཅིང་ཀྂ་སྡེ་ལ་ཟུར་ལམ་མེད།
སྲ་སྒྲ་ཀུན་རྫོབ་པཿ སྔར་སྲ་ལ་འདོན་པའི་སྒྲ་སྟེ, ད་ལྟའི་རྒྱ་གར་དུ་སྲ་ལ་འདོན་པའི་སྒྲ།
སྲ་སྒྲ་དོན་དམ་པཿ སྲ་སྒྲ་འདིར་འདོན་སྟངས་མི་གཅིག་པ་མང་བས་སྲ་སྒྲ་དོན་དམ་པ་གཅིག་ལ་གནས་པ་ཞིག་མེད། དེ་ཡང་གསའ, ཊ, ཧྲ, བཅས་འདོན་སྟངས་གསུམ་ཡོད་པ་དེ་དག་སྲ་སྒྲ་དོན་དམ་པའི་སྒྲ་ཡིན། དེ་དག་ལས་དང་པོ་ནི་ཙ་སྡེའི་ཀ་མད་ལྔ་བའི་སྒྲ, གཉིས་པ་ནི་ཊ་སྡེའི་ཀ་མད་དང་པོའི་སྒྲ, གསུམ་པ་ནི་ཊ་སྡེའི་ཀ་མད་དྲུག་པའི་སྒྲ་བཅས་ཡིན། འདི་དག་གི་མཚོན་བྱེད་ནི་རིམ་བཞིན་《འཛེཨ》《འཌཨ》《འཌེཧ》བཅས་འབྲི།
བསུམ་པཿ མཆུ་དང་མིད་སྒོ་སོགས་བགྲད་པའི་ལྡོག་ཟླ།
ཧ་གྲེཿ མཚན་མ་མོ་ཡི་སྐབས་ཀྱི་གྲེ་བ་སྡོད་སྟངས།
ཧ་མཚནཿ མཚན་མ་ཞིག། མོ་ཡང་ཟེར།
ཧ་རླུངཿ མཚན་མ་མོ་སྐབས་ཀྱི་རླུང་གཡོ་སྟངས།
ཧྲ་སྒྲ་ཀུན་རྫོབ་པཿ ཧྲ་ལ་ད་ལྟ་རྒྱ་གར་དུ་འདོན་པའི་སྒྲ་དེ།
ཧྲ་སྒྲ་དོན་དམ་པཿ རང་རེའི་ངག་ཏུ་ཧྲ་སྒྲ་འདི་ལ་ཀུན་རྫོབ་པ་ཞིག་མེད་པར་སྣང། ད་ལྟ་ཧྲ་ལ་འདོན་པའི་སྒྲ་དེ་ཧྲ་སྒྲ་དོན་དམ་པའི་སྒྲ་ཡིན། དེ་ནི་ཊ་སྡེའི་ཀ་མད་དྲུག་པའི་སྒྲ་ཡིན། འདིའི་མཚོན་བྱེད་ལ་《འཌེཧ》་འབྲི།
ལྷོད་པཿ བྱེད་པ་ལྷོད་པ།
ལྷོད་པའི་ཁྱིམཿ སྡེ་བ་དབྱེ་ཚུལ་ཞིག། ལྷོད་པའི་བྱེད་པ་ཅན་གྱི་ཀ་མད་ཀྱི་དབྱེ་ཚུལ།
ལྷོད་པའི་ག་སྒྲཿ ག་སྒྲ་ལྷོད་པ། ཀ་གནས་ལྷོད་མེད་ཀྱི་སྒྲ།
ལྷོད་པ་ཇ་སྒྲཿ ཞ་སྒྲ་དངོས། ཅ་གནས་ལྷོད་མེད་ཀྱི་སྒྲ།
ལྷོད་པའི་བ་སྒྲཿ བ་སྒྲ་ལྷོད་པ། པ་གནས་ལྷོད་མེད་ཀྱི་སྒྲ།
ཨ་གྲེཿ མཚན་མ་ཕོ་ཡི་སྐབས་ཀྱི་གྲེ་བ་སྡོད་སྟངས།
ཨ་སྡེཿ ས་གནས་གསུམ་པའི་བརྗོད་བྱ་གཙོ་བོ།
ཨ་སྡེའི་གདངསཿ ཨ་སྡེའི་སྒྲ་སྤྱིའི་མིང།
ཨ་མཚནཿ མཚན་མ་ཞིག། ཕོ་ཡང་ཟེར།
ཨ་རླུངཿ མཚན་མ་ཕོ་ཡི་སྐབས་རླུང་གཡོ་སྟངས།
ཊ་སྡེཿ ས་བཅད་དགུ་བའི་བརྗོད་བྱ་གཙོ་བོ།
ཊ་སྡེའི་གདངསཿ ཊ་སྡེའི་སྒྲ་སྤྱིའི་མིང།
ཊ་གནསཿ ཊ་སྡེའི་སྒྲ་རྣམས་འབྱུང་བའི་གནས་དང་གནས་གནད།

ཁོ་བོའི་སྒྲ་སྒྲུབ་རིག་པའི་དཀར་ཆག

དཀར་ཆག
གླེང་བརྗོད།
ཞུ་མཆིད་འགའ།
ཀླད་ཀྱི་གཏམ།
དེབ་དང་པོ། འགྲོ་བ་མིའི་ངག་རིག་པ།
ས་བཅད་དང་པོ
ཡི་གེ་སྒྲུབ་པའི་རྒྱུ་རྐྱེན་རྣམ་བཞག་བཤད་པ། ༡
དཔེ་རིས་དང་རེའུ་མིག་འཚམས་སྦྱོར། ༧
ཡི་གེའི་སྐྱེ་གནས། ༢༢
ཡི་གེའི་བྱེད་པ། ༣༦
ཡི་གེའི་རྐྱེན། ༣༦
ཡི་གེའི་བརྗོད་འདོད། ༥༦
ཡི་གེའི་ཀུན་སློང། ༥༦
ཡི་གེའི་མཚན་མ། ༥༨
ངག་སྒྲའི་རྣམ་བཞག་རྒྱས་པར་བཤད་པ་ལ་འཇུག་པ་དངོས། ༨༩
ས་བཅད་གཉིས་པ
དབྱངས་ཀྱི་རྣམས་བཞག ༡༠༣
མིད་པ་ལས་བྱུང་བའི་དབྱངས་བདུན་བཤད་པ། ༡༡༩
ལྕེ་ལས་བྱུང་བའི་དབྱངས་བདུན་བཤད་པ། ༡༢༥
མཆུ་ལས་བྱུང་བའི་དབྱངས་དྲུག་བཤད་པ། ༡༣༠
ས་བཅད་གསུམ་པ།
ཨ་སྡེའི་རྣམ་བཞག་ཞིབ་པར་འཆད་པ། ༡༣༩
ཨ་སྡེའི་ཁྱིམ་དང་པོ་སྣ་མི་ལྡན་ཁྱིམ། ༡༤༡
ཨ་སྡེའི་ཁྱིམ་གཉིས་པ་སྣ་ལྡན་ཁྱིམ། ༡༤༩
ས་བཅད་བཞི་པ།
ཀྂ་སྡེའི་རྣམ་བཞག། ༡༥༣
ཁྱིམ་དང་པོ་དབུགས་མེད་དམ་པའི་ཁྱིམ། ༡༦༡
ཁྱིམ་གཉིས་པ་ལྷོད་པའི་ཁྱིམ། ༡༦༥
ཁྱིམ་གསུམ་པ་ཡངས་པའི་ཁྱིམ། ༡༧༣
ཁྱིམ་བཞི་བ་སྣ་ལྡན་དམ་པའི་ཁྱིམ། ༡༧༨
ཁྱིམ་ལྔ་བ་སྣ་ལྡན་ཡངས་པའི་ཁྱིམ། ༡༨༡
ཁྱིམ་དྲུག་པ་སྣ་ཕྱེད་ལྡན་དམ་པའི་ཁྱིམ། ༡༨༣
ཞར་བྱུང་རྒྱས་པར་ཇི་ལྟར་དབྱེ་ཚུལ་སྤྱི་ཁོག ༡༨༩
ས་བཅད་ལྔ་བ།
ཀ་སྡེའི་རྣམ་བཞག། ༡༩༥
ཁྱིམ་དང་པོ་དབུགས་མེད་དམ་པའི་ཁྱིམ། ༢༠༤
ཁྱིམ་གཉིས་པ་ལྷོད་པའི་ཁྱིམ། ༢༡༥
ཁྱིམ་གསུམ་པ་ཡངས་པའི་ཁྱིམ། ༢༢༦
ཁྱིམ་བཞི་བ་སྣ་ལྡན་དམ་པའི་ཁྱིམ། ༢༣༤
ཁྱིམ་ལྔ་བ་སྣ་ལྡན་ཡངས་པའི་ཁྱིམ། ༢༣༧
ཁྱིམ་དྲུག་པ་སྣ་ཕྱེད་ལྡན་དམ་པའི་ཁྱིམ། ༢༤༠
ཁྱིམ་བདུན་པ་ཟུར་ལམ་དམ་པའི་ཁྱིམ། ༢༤༩
ཁྱིམ་བརྒྱད་པ་ཟུར་ལམ་ཡངས་པའི་ཁྱིམ། ༢༥༡
ཞར་བྱུང་རྒྱས་པར་ཇི་ལྟར་དབྱེ་ཚུལ་སྤྱི་ཁོག ༢༥༥
ས་བཅད་དྲུག་པ།
ཀྱ་སྡེའི་རྣམ་བཞག། ༢༦༡
ཁྱིམ་དང་པོ་དབུགས་མེད་དམ་པའི་ཁྱིམ། ༢༦༩
ཁྱིམ་གཉིས་པ་ལྷོད་པའི་ཁྱིམ། ༢༧༥
ཁྱིམ་གསུམ་པ་ཡངས་པའི་ཁྱིམ། ༢༧༩
ཁྱིམ་བཞི་བ་སྣ་ལྡན་དམ་པའི་ཁྱིམ། ༢༨༤
ཁྱིམ་ལྔ་བ་སྣ་ལྡན་ཡངས་པའི་ཁྱིམ། ༢༨༩
ཁྱིམ་དྲུག་པ་སྣ་ཕྱེད་ལྡན་དམ་པའི་ཁྱིམ། ༢༩༢
ཁྱིམ་བདུན་པ་ཟུར་ལམ་དམ་པའི་ཁྱིམ། ༣༠༠
ཁྱིམ་བརྒྱད་པ་ཟུར་ལམ་ཡངས་པའི་ཁྱིམ། ༣༠༢
ས་བཅད་བདུན་པ།
ཅ་སྡེའི་རྣམ་བཞག། ༣༠༩
ཁྱིམ་དང་པོ་དབུགས་མེད་དམ་པའི་ཁྱིམ། ༢༡༢
ཁྱིམ་གཉིས་པ་ལྷོད་པའི་ཁྱིམ། ༣༡༩
ཁྱིམ་གསུམ་པ་ཡངས་པའི་ཁྱིམ། ༣༢༤
ཁྱིམ་བཞི་བ་སྣ་ལྡན་དམ་པའི་ཁྱིམ། ༣༢༩
ཁྱིམ་ལྔ་བ་སྣ་ལྡན་ཡངས་པའི་ཁྱིམ། ༣༣༢
ཁྱིམ་དྲུག་པ་སྣ་ཕྱེད་ལྡན་དམ་པའི་ཁྱིམ། ༣༣༦
ཁྱིམ་བདུན་པ་ཟུར་ལམ་དམ་པའི་ཁྱིམ། ༣༤༡
ཁྱིམ་བརྒྱད་པ་ཟུར་ལམ་ཡངས་པའི་ཁྱིམ། ༣༤༤
ས་བཅད་བརྒྱད་པ།
ཙ་སྡེའི་རྣམ་བཞག། ༣༤༧
ཁྱིམ་དང་པོ་དབུགས་མེད་དམ་པའི་ཁྱིམ། ༣༥༠
ཁྱིམ་གཉིས་པ་ལྷོད་པའི་ཁྱིམ། ༣༥༦
ཁྱིམ་གསུམ་པ་ཡངས་པའི་ཁྱིམ། ༣༥༩
ཁྱིམ་བཞི་བ་སྣ་ལྡན་དམ་པའི་ཁྱིམ། ༣༦༣
ཁྱིམ་ལྔ་བ་སྣ་ལྡན་ཡངས་པའི་ཁྱིམ། ༣༦༥
ཁྱིམ་དྲུག་པ་སྣ་ཕྱེད་ལྡན་དམ་པའི་ཁྱིམ། ༣༦༨
ཁྱིམ་བདུན་པ་ཟུར་ལམ་དམ་པའི་ཁྱིམ། ༣༧༤
ཁྱིམ་བརྒྱད་པ་ཟུར་ལམ་ཡངས་པའི་ཁྱིམ། ༣༧༧
ས་བཅད་དགུ་བ།
ཊ་སྡེའི་རྣམ་བཞག། ༣༨༡
ཁྱིམ་དང་པོ་དབུགས་མེད་དམ་པའི་ཁྱིམ། ༣༨༤
ཁྱིམ་གཉིས་པ་ལྷོད་པའི་ཁྱིམ། ༣༩༠
ཁྱིམ་གསུམ་པ་ཡངས་པའི་ཁྱིམ། ༣༩༧
ཁྱིམ་བཞི་བ་སྣ་ལྡན་དམ་པའི་ཁྱིམ། ༤༠༢
ཁྱིམ་ལྔ་བ་སྣ་ལྡན་ཡངས་པའི་ཁྱིམ། ༤༠༥
ཁྱིམ་དྲུག་པ་སྣ་ཕྱེད་ལྡན་དམ་པའི་ཁྱིམ། ༤༠༧
ཁྱིམ་བདུན་པ་ཟུར་ལམ་དམ་པའི་ཁྱིམ། ༤༡༣
ཁྱིམ་བརྒྱད་པ་ཟུར་ལམ་ཡངས་པའི་ཁྱིམ། ༤༡༦
ས་བཅད་བཅུ་བ།
ཏ་སྡེའི་རྣམ་བཞག། ༤༡༩
ཁྱིམ་དང་པོ་དབུགས་མེད་དམ་པའི་ཁྱིམ། ༤༢༡
ཁྱིམ་གཉིས་པ་ལྷོད་པའི་ཁྱིམ། ༤༢༧
ཁྱིམ་གསུམ་པ་ཡངས་པའི་ཁྱིམ། ༤༣༠
ཁྱིམ་བཞི་བ་སྣ་ལྡན་དམ་པའི་ཁྱིམ། ༤༣༤
ཁྱིམ་ལྔ་བ་སྣ་ལྡན་ཡངས་པའི་ཁྱིམ། ༤༣༧
ཁྱིམ་དྲུག་པ་སྣ་ཕྱེད་ལྡན་དམ་པའི་ཁྱིམ། ༤༤༠
ཁྱིམ་བདུན་པ་ཟུར་ལམ་དམ་པའི་ཁྱིམ། ༤༤༨
ཁྱིམ་བརྒྱད་པ་ཟུར་ལམ་ཡངས་པའི་ཁྱིམ། ༤༥༡
ས་བཅད་བཅུ་གཅིག་པ།
པ་སྡེའི་རྣམ་བཞག། ༤༥༥
ཁྱིམ་དང་པོ་དབུགས་མེད་དམ་པའི་ཁྱིམ། ༤༥༧
ཁྱིམ་གཉིས་པ་ལྷོད་པའི་ཁྱིམ། ༤༦༢
ཁྱིམ་གསུམ་པ་ཡངས་པའི་ཁྱིམ། ༤༦༥
ཁྱིམ་བཞི་བ་སྣ་ལྡན་དམ་པའི་ཁྱིམ། ༤༧༠
ཁྱིམ་ལྔ་བ་སྣ་ལྡན་ཡངས་པའི་ཁྱིམ། ༤༧༣
ཁྱིམ་དྲུག་པ་སྣ་ཕྱེད་ལྡན་དམ་པའི་ཁྱིམ། ༤༧༧
ཁྱིམ་བདུན་པ་ཟུར་ལམ་དམ་པའི་ཁྱིམ། ༤༨༢
ཁྱིམ་བརྒྱད་པ་ཟུར་ལམ་ཡངས་པའི་ཁྱིམ། ༤༨༥
ས་བཅད་བཅུ་གཉིས་པ།
པྂ་སྡེ་དང་ཏྂ་སྡེའི་རྣམ་བཞག། ༤༨༩
པྂ་སྡེའི་ལྷོད་པའི་ཁྱིམ། ༤༥༧
ཏྂ་སྡེའི་སྐོར། ༤༩༤
ཏྂ་སྡེའི་ལྷོད་པའི་ཁྱིམ། ༤༩༥
དེབ་གཉིས་པ།
ཐོན་ལུགས་ཀྱི་སྒྲ་སྒྲུབ་སྟངས་ལ་དཔྱད་འཇུག།
སྐད་ཡིག་གི་གོ་དོན་དང་ཆོལ་གསུམ་སྐད་ཀྱི་མཚན་ཉིད། ༥༠༡
ཀ་མད་སུམ་ཅུ་ཀློག་ཚུལ། ༥༡༤
ཀ་སྒྲ་ལ་དཔྱད་འཇུག་བྱེད་པཿ ༥༡༥
ཁ་སྒྲ་ལ་དཔྱད་འཇུག་བྱེད་པཿ ༥༢༡
ག་སྒྲ་ལ་དཔྱད་འཇུག་བྱེད་པཿ ༥༢༢
ང་སྒྲ་ལ་དཔྱད་འཇུག་བྱེད་པཿ ༥༢༨
ཅ་སྒྲ་ལ་དཔྱད་འཇུག་བྱེད་པཿ ༥༣༡
ཆ་སྒྲ་ལ་དཔྱད་འཇུག་བྱེད་པཿ ༥༣༤
ཇ་སྒྲ་ལ་དཔྱད་འཇུག་བྱེད་པཿ ༥༣༥
ཉ་སྒྲ་ལ་དཔྱད་འཇུག་བྱེད་པཿ ༥༣༦
ཏ་སྒྲ་ལ་དཔྱད་འཇུག་བྱེད་པཿ ༥༣༩
ཐ་སྒྲ་ལ་དཔྱད་འཇུག་བྱེད་པཿ ༥༤༡
ད་སྒྲ་ལ་དཔྱད་འཇུག་བྱེད་པཿ ༥༤༢
ན་སྒྲ་ལ་དཔྱད་འཇུག་བྱེད་པཿ ༥༤༨
པ་སྒྲ་ལ་དཔྱད་འཇུག་བྱེད་པཿ ༥༥༡
ཕ་སྒྲ་ལ་དཔྱད་འཇུག་བྱེད་པཿ ༥༥༣
བ་སྒྲ་ལ་དཔྱད་འཇུག་བྱེད་པཿ ༥༥༤
མ་སྒྲ་ལ་དཔྱད་འཇུག་བྱེད་པཿ ༥༥༩
ཙ་སྒྲ་ལ་དཔྱད་འཇུག་བྱེད་པཿ ༥༦༣
ཚ་སྒྲ་ལ་དཔྱད་འཇུག་བྱེད་པཿ ༥༦༦
ཛ་སྒྲ་ལ་དཔྱད་འཇུག་བྱེད་པཿ ༥༦༦
ཝ་སྒྲ་ལ་དཔྱད་འཇུག་བྱེད་པཿ ༥༦༨
ཞ་སྒྲ་ལ་དཔྱད་འཇུག་བྱེད་པཿ ༥༧༡
ཟ་སྒྲ་ལ་དཔྱད་འཇུག་བྱེད་པཿ ༥༧༣
འ་སྒྲ་ལ་དཔྱད་འཇུག་བྱེད་པཿ ༥༧༥
ཡ་སྒྲ་ལ་དཔྱད་འཇུག་བྱེད་པཿ ༥༨༠
ར་སྒྲ་ལ་དཔྱད་འཇུག་བྱེད་པཿ ༥༨༢
ལ་སྒྲ་ལ་དཔྱད་འཇུག་བྱེད་པཿ ༥༨༥
ཤ་སྒྲ་ལ་དཔྱད་འཇུག་བྱེད་པཿ ༥༨༨
ས་སྒྲ་ལ་དཔྱད་འཇུག་བྱེད་པཿ ༥༩༡
ཧ་སྒྲ་ལ་དཔྱད་འཇུག་བྱེད་པཿ ༥༩༥
ཨ་སྒྲ་ལ་དཔྱད་འཇུག་བྱེད་པཿ ༥༩༧
དབྱངས་བཞི་སྦྱར་བའི་ཀློག་ཚུལ། ༦༠༠
གི་གུ་སྦྱར་བའི་ཀློག་ཚུལ། ༦༠༢
ཞབས་ཀྱུ་སྦྱར་བའི་ཀློག་ཚུལ། ༦༠༣
འགྲེང་བུ་སྦྱར་བའི་ཀློག་ཚུལ། ༦༠༤
ན་རོ་སྦྱར་བའི་ཀློག་ཚུལ། ༦༠༥
ར་མགོ་ཅན་ཀློག་ཚུལ། ༦༠༦
རྐ་སྒྲ་ལ་དཔྱད་འཇུག་བྱེད་པ། ༦༠༦
རྒ་སྒྲ་ལ་དཔྱད་འཇུག་བྱེད་པ། ༦༠༧
རྔ་སྒྲ་ལ་དཔྱད་འཇུག་བྱེད་པ། ༦༡༢
རྗ་སྒྲ་ལ་དཔྱད་འཇུག་བྱེད་པ། ༦༡༣
རྙ་སྒྲ་ལ་དཔྱད་འཇུག་བྱེད་པ། ༦༡༥
རྟ་སྒྲ་ལ་དཔྱད་འཇུག་བྱེད་པ། ༦༡༦
རྡ་སྒྲ་ལ་དཔྱད་འཇུག་བྱེད་པ། ༦༡༧
རྣ་སྒྲ་ལ་དཔྱད་འཇུག་བྱེད་པ། ༦༡༩
རྦ་སྒྲ་ལ་དཔྱད་འཇུག་བྱེད་པ། ༦༢༠
རྨ་སྒྲ་ལ་དཔྱད་འཇུག་བྱེད་པ། ༦༢༡
རྩ་སྒྲ་ལ་དཔྱད་འཇུག་བྱེད་པ། ༦༢༢
རྫ་སྒྲ་ལ་དཔྱད་འཇུག་བྱེད་པ། ༦༢༣
ལ་མགོ་ཅན་ཀློག་ཚུལ། ༦༢༥
ལྐ་སྒྲ་ལ་དཔྱད་འཇུག་བྱེད་པ། ༦༢༥
ལྒ་སྒྲ་ལ་དཔྱད་འཇུག་བྱེད་པ། ༦༢༦
ལྔ་སྒྲ་ལ་དཔྱད་འཇུག་བྱེད་པ། ༦༢༨
ལྕ་སྒྲ་ལ་དཔྱད་འཇུག་བྱེད་པ། ༦༢༩
ལྟ་སྒྲ་ལ་དཔྱད་འཇུག་བྱེད་པ། ༦༣༢
ལྡ་སྒྲ་ལ་དཔྱད་འཇུག་བྱེད་པ། ༦༣༣
ལྤ་སྒྲ་ལ་དཔྱད་འཇུག་བྱེད་པ། ༦༣༦
ལྷ་སྒྲ་ལ་དཔྱད་འཇུག་བྱེད་པ། ༦༣༨
ས་མགོ་ཅན་ཀློག་ཚུལ། ༦༣༩
སྐ་སྒྲ་ལ་དཔྱད་འཇུག་བྱེད་པ། ༦༤༠
སྒ་སྒྲ་ལ་དཔྱད་འཇུག་བྱེད་པ། ༦༤༡
སྔ་སྒྲ་ལ་དཔྱད་འཇུག་བྱེད་པ། ༦༤༢
སྙ་སྒྲ་ལ་དཔྱད་འཇུག་བྱེད་པ། ༦༤༤
སྟ་སྒྲ་ལ་དཔྱད་འཇུག་བྱེད་པ། ༦༤༦
སྡ་སྒྲ་ལ་དཔྱད་འཇུག་བྱེད་པ། ༦༤༦
སྣ་སྒྲ་ལ་དཔྱད་འཇུག་བྱེད་པ། ༦༤༨
སྤ་སྒྲ་ལ་དཔྱད་འཇུག་བྱེད་པ། ༦༤༩
སྦ་སྒྲ་ལ་དཔྱད་འཇུག་བྱེད་པ། ༦༥༠
སྨ་སྒྲ་ལ་དཔྱད་འཇུག་བྱེད་པ། ༦༥༡
སྩ་སྒྲ་ལ་དཔྱད་འཇུག་བྱེད་པ། ༦༥༣
ར་བཏགས་ཀློག་ཚུལ། ༦༥༤
ཀྲ་སྒྲ་ལ་དཔྱད་འཇུག་བྱེད་པ། ༦༥༨
ཁྲ་སྒྲ་ལ་དཔྱད་འཇུག་བྱེད་པ། ༦༥༩
གྲ་སྒྲ་ལ་དཔྱད་འཇུག་བྱེད་པ། ༦༦༡
ཏྲ་སྒྲ་ལ་དཔྱད་འཇུག་བྱེད་པ། ༦༦༣
ཐྲ་སྒྲ་ལ་དཔྱད་འཇུག་བྱེད་པ། ༦༦༤
དྲ་སྒྲ་ལ་དཔྱད་འཇུག་བྱེད་པ། ༦༦༥
ནྲ་སྒྲ་ལ་དཔྱད་འཇུག་བྱེད་པ། ༦༦༦
པྲ་སྒྲ་ལ་དཔྱད་འཇུག་བྱེད་པ། ༦༦༨
ཕྲ་སྒྲ་ལ་དཔྱད་འཇུག་བྱེད་པ། ༦༦༩
བྲ་སྒྲ་ལ་དཔྱད་འཇུག་བྱེད་པ། ༦༧༡
མྲ་སྒྲ་ལ་དཔྱད་འཇུག་བྱེད་པ། ༦༧༢
སྲ་སྒྲ་ལ་དཔྱད་འཇུག་བྱེད་པ། ༦༧༤
ཧྲ་སྒྲ་ལ་དཔྱད་འཇུག་བྱེད་པ། ༦༧༧
ཤྲ་སྒྲ་ལ་དཔྱད་འཇུག་བྱེད་པ། ༦༧༨
ཡ་བཏགས་ཀློག་ཚུལ། ༦༧༨
ཀྱ་སྒྲ་ལ་དཔྱད་འཇུག་བྱེད་པ། ༦༨༣
ཁྱ་སྒྲ་ལ་དཔྱད་འཇུག་བྱེད་པ། ༦༨༥
གྱ་སྒྲ་ལ་དཔྱད་འཇུག་བྱེད་པ། ༦༨༧
པྱ་སྒྲ་ལ་དཔྱད་འཇུག་བྱེད་པ། ༦༨༨
ཕྱ་སྒྲ་ལ་དཔྱད་འཇུག་བྱེད་པ། ༦༩༡
བྱ་སྒྲ་ལ་དཔྱད་འཇུག་བྱེད་པ། ༦༩༣
མྱ་སྒྲ་ལ་དཔྱད་འཇུག་བྱེད་པ། ༦༩༤
ལ་བཏགས་ཀློག་ཚུལ། ༦༩༦
ཀླ་སྒྲ་ལ་དཔྱད་འཇུག་བྱེད་པ། ༦༩༦
གླ་སྒྲ་ལ་དཔྱད་འཇུག་བྱེད་པ། ༦༩༧
བླ་སྒྲ་ལ་དཔྱད་འཇུག་བྱེད་པ། ༦༩༨
ཟླ་སྒྲ་ལ་དཔྱད་འཇུག་བྱེད་པ། ༦༩༩
རླ་སྒྲ་ལ་དཔྱད་འཇུག་བྱེད་པ། ༧༠༠
སླ་སྒྲ་ལ་དཔྱད་འཇུག་བྱེད་པ། ༧༠༡
ཝ་ཟུར་ཅན་ཀློག་ཚུལ། ༧༠༢
ལོག་པའི་ཡི་གེ་ཀློག་ཚུལ། ༧༠༤
ཊ་སྒྲ་ལ་དཔྱད་འཇུག་བྱེད་པ། ༧༠༤
ཋ་སྒྲ་ལ་དཔྱད་འཇུག་བྱེད་པ། ༧༠༥
ཌ་སྒྲ་ལ་དཔྱད་འཇུག་བྱེད་པ། ༧༠༥
ཎ་སྒྲ་ལ་དཔྱད་འཇུག་བྱེད་པ། ༧༠༦
ཥ་སྒྲ་ལ་དཔྱད་འཇུག་བྱེད་པ། ༧༠༧
འཐུག་པོའི་ཡི་གེ་ཀློག་ཚུལ། ༧༠༨
གྷ་སྒྲ་ལ་དཔྱད་འཇུག་བྱེད་པ། ༧༠༨
ཇྷ་སྒྲ་ལ་དཔྱད་འཇུག་བྱེད་པ། ༧༠༩
ཌྷ་སྒྲ་ལ་དཔྱད་འཇུག་བྱེད་པ། ༧༡༠
དྷ་སྒྲ་ལ་དཔྱད་འཇུག་བྱེད་པ། ༧༡༠
ཀྴ་སྒྲ་ལ་དཔྱད་འཇུག་བྱེད་པ། ༧༡༡
སུམ་རྩེག་གི་ཡི་གེ་བཅུ་གསུམ་ཀློག་ཚུལ། ༧༡༢
རྐྱ་སྒྲ་ལ་དཔྱད་འཇུག་བྱེད་པ། ༧༡༢
སྐྱ་སྒྲ་ལ་དཔྱད་འཇུག་བྱེད་པ། ༧༡༤
སྐྲ་སྒྲ་ལ་དཔྱད་འཇུག་བྱེད་པ། ༧༡༦
རྒྱ་སྒྲ་ལ་དཔྱད་འཇུག་བྱེད་པ། ༧༡༧
སྒྱ་སྒྲ་ལ་དཔྱད་འཇུག་བྱེད་པ། ༧༡༩
སྒྲ་སྒྲ་ལ་དཔྱད་འཇུག་བྱེད་པ། ༧༢༠
སྤྱ་སྒྲ་ལ་དཔྱད་འཇུག་བྱེད་པ། ༧༢༡
སྤྲ་སྒྲ་ལ་དཔྱད་འཇུག་བྱེད་པ། ༧༢༢
སྦྱ་སྒྲ་ལ་དཔྱད་འཇུག་བྱེད་པ། ༧༢༣
སྦྲ་སྒྲ་ལ་དཔྱད་འཇུག་བྱེད་པ། ༧༢༥
རྨྱ་སྒྲ་ལ་དཔྱད་འཇུག་བྱེད་པ། ༧༢༦
སྨྱ་སྒྲ་ལ་དཔྱད་འཇུག་བྱེད་པ། ༧༢༧
སྨྲ་སྒྲ་ལ་དཔྱད་འཇུག་བྱེད་པ། ༧༢༨
སྔོན་འཇུག་ཀློག་ཚུལ། ༧༣༡
སྔོན་འཇུག་ག་སྒྲ་ཇི་ལྟར་ཀློག་ཚུལ་བཤད་པ། ༧༣༥
སྔོན་འཇུག་ད་སྒྲ་ཇི་ལྟར་ཀློག་ཚུལ་བཤད་པ། ༧༣༨
སྔོན་འཇུག་བ་སྒྲ་ཇི་ལྟར་ཀློག་ཚུལ་བཤད་པ། ༧༤༠
སྔོན་འཇུག་མ་སྒྲ་ཇི་ལྟར་ཀློག་ཚུལ་བཤད་པ། ༧༤༣
སྔོན་འཇུག་འ་སྒྲ་ཇི་ལྟར་ཀློག་ཚུལ་བཤད་པ། ༧༤༥
རྗེས་འཇུག་ཀློག་ཚུལ་བཤད་པ། ༧༤༨
རྗེས་འཇུག་ག་སྒྲ་ཇི་ལྟར་ཀློག་ཚུལ། ༧༤༩
རྗེས་འཇུག་ང་སྒྲ་ཇི་ལྟར་ཀློག་ཚུལ། ༧༥༡
རྗེས་འཇུག་ད་སྒྲ་ཇི་ལྟར་ཀློག་ཚུལ། ༧༥༣
རྗེས་འཇུག་ན་སྒྲ་ཇི་ལྟར་ཀློག་ཚུལ། ༧༥༥
རྗེས་འཇུག་བ་སྒྲ་ཇི་ལྟར་ཀློག་ཚུལ། ༧༥༦
རྗེས་འཇུག་མ་སྒྲ་ཇི་ལྟར་ཀློག་ཚུལ། ༧༥༧
རྗེས་འཇུག་འ་སྒྲ་ཇི་ལྟར་ཀློག་ཚུལ། ༧༥༨
རྗེས་འཇུག་ར་སྒྲ་ཇི་ལྟར་ཀློག་ཚུལ། ༧༥༨
རྗེས་འཇུག་ལ་སྒྲ་ཇི་ལྟར་ཀློག་ཚུལ། ༧༥༩
རྗེས་འཇུག་ས་སྒྲ་ཇི་ལྟར་ཀློག་ཚུལ། ༧༦༠
ཡང་འཇུག་གཉིས་ཀྱི་སྐོར། ༧༦༢
དཔེ་རིས་ཕྱོགས་བསྡུས་ཀྱི་ལྷན་ཐབས་ཁག།
ལྷན་ཐབས་དང་པོ་གྲེ་བའི་སྡོད་སྟངས་དཔེ་རིས། ༧༦༦
ལྷན་ཐབས་གཉིས་པ་རླུང་གི་བྱེད་པ་བཞི་ཡི་དཔེ་རིས། ༧༦༨
ལྷན་ཐབས་གསུམ་པ་སྐྱེ་གནས་དགུ་ཡི་དཔེ་རིས། ༧༧༠
ལྷན་ཐབས་བཞི་བ་ཁྱིམ་གྱི་གྲངས་འདྲེན་གྱི་དཔེ་རིས། ༧༧༨
ལྷན་ཐབས་ལྔ་བ་རྩ་བའི་དབྱེ་བའི་དཔེ་རིས། ༧༨༣
ལྷན་ཐབས་དྲུག་པ་དབྱངས་ཀྱི་དཔེ་རིས། ༧༩༤
ཟུར་བཀོད་ཁག།
ཟུར་བཀོད་དང་པོ་གནས་གཞི་བཞི་ཡི་དབྱེ་རིས། ༧༩༦
ཟུར་བཀོད་གཉིས་པ་སྤྱིར་ཡི་གེའི་དབྱེ་རིས། ༧༩༧
ཟུར་བཀོད་གསུམ་པ་རྩ་བའི་དབྱེ་ཚུལ་གྱི་བྱེ་རིས། ༧༩༨
ཟུར་བཀོད་བཞི་བ་ཡན་ལག་གི་དབྱེ་ཚུལ་གྱི་དབྱེ་རིས། ༨༡༠
ཟུར་བཀོད་ལྔ་བ་ཉིང་ལ་བསྐྱེད་ནས་དབྱེ་ཚུལ་གྱི་དབྱེ་རིས། ༨༡༩
ཟུར་བཀོད་དྲུག་པ་ཉིང་ལག་རྒྱས་པར་དབྱེ་ཚུལ་གྱི་དབྱེ་རིས། ༨༢༨
ཟུར་བཀོད་བདུན་པ་དབྱངས་ཀྱི་དབྱེ་རིས། ༨༣༧
ཟུར་བཀོད་བརྒྱད་པ་ཡི་གེའི་འགྲུབ་བྱེད་ཁག་གི་དབྱེ་རིས། ༨༣༨
རང་རེའི་ཡི་གེ་ལ་དབྱེ་ཞིབ་ཇི་ལྟར་འགྲོ་ཚུལ། ༨༤༠
བརྡ་ཆད། ༨༤༢
ཐ་སྙད་སྤུངས་ཚོགས། ༨༦༠

བཀླགས་མང་ཤོས།

ཟིན་བྲིས་བཀླགས་གྲངས་ཁྱོན་སྡོམ།

དཔར་རིས་འགྲེམ་སྟོན།

དཔར་རིས་འགྲེམ་སྟོན།
ངའི་བུ་མོ་སློབ་གྲའི་རྩེད་མོའི་ཉིན་མོ་ཨང་གཉིས་པ་ཐོབ།

ང་རང་གི་སྐོར།

My photo
I am a Tibetan, and a teacher. I have a dream that we have a unified Tibetan language. I see there is a way for this. རེ་བ་འདི་འགྲུབ་མི་སྲིད་པ་ཞིག་མིན་ལ། འདིའི་ལམ་སྣེ་གུས་པའི་ལག་ཏུ་ཡོད། དེ་ནི་ཁོ་བོས་བྲིས་པའི་(སྒྲ་སྒྲུབ་རིག་པ)ཡི་ནང་དུ་གསལ་ཡོད།